མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་རམ་ས་ལའི་གསར་འབྱོར་ཚོར་གནས་སྐབས་རིང་སྡོད་ཁང་གོ་སྒྲིག་བྱེད་ཐུབ་མ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་ཁག་ཅིག་དང་འབྲེལ་ཡོད་ལྷན་ཁང་གི་བཀའ་བློན་བར། བོད་ནས་གསར་དུ་འབྱོར་བའི་ན་གཞོན་ལས་མེད་ཚོར་ལས་ཀའི་གོ་སྐབས་དང་ལག་ཤེས་སྦྱོང་བརྡར། དེ་བཞིན། བོད་ནས་གསར་དུ་འབྱོར་བ་ཚོར་སྡོད་ཁང་སོགས་ཀྱི་སྐོར་ལ་དྲི་བ་དྲིས་ལན་གནང་སོང་།

དེ་རིང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་ལྔ་པའི་སྔ་དྲོར། སྐར་སྟགས་ཅན་གྱི་དྲི་བ་དྲིས་ལན་གནང་སྐབས། སྤྱི་འཐུས་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ལ། བོད་ནས་གསར་དུ་འབྱོར་བའི་ན་གཞོན་ལས་མེད་ཚོར་ལས་རིགས་སྦྱོང་བརྡར་སྤྲད་པའི་ནང་འཛུལ་ཞུགས་བྱེད་མཁན་ག་ཚོད་བྱུང་ཡོད་མེད། སྦྱོང་བརྡར་སྤྲད་པ་དེས་ཕན་ཐོགས་གང་འདྲ་བྱུང་ཡོད་མེད་དྲིས་པའི་ལན་དུ་དཔལ་འབྱོར་བཀའ་བློན་མཆོག་གིས། དཔལ་འབྱོར་ལས་ཁུངས་ཀྱིས་ཟས་རིགས་གཡོས་སྦྱོར་དང་ཁ་ལོ་བའི་སྦྱོང་བརྡར་བཅས་ལས་རིགས་གཉིས་ཀྱི་ཐོག་གསལ་བསྒྲགས་བཏང་ཡོད་ཀྱང་། ཟས་རིགས་གཡོས་སྦྱོར་ལ་སྙན་ཞུ་འབུལ་མཁན་གཅིག་ལས་བྱུང་མེད་སྟབས་ལག་བསྟར་ཐུབ་མེད་པ་དང་། ཁ་ལོ་བའི་སྦྱོར་བརྡར་ནང་ཐོག་མ་མི་ ༢༥ ལ་གོ་སྐབས་བསྐྲུན་རྒྱུ་བྱས་ཡོད་ཀྱང་། སྙན་ཞུ་རྒྱག་མཁན་ ༡༠༠ ལྷག་བྱུང་སྟེ་མཐར་མི་ ༨༠ ལ་སྦྱོར་བརྡར་གོ་སྐབས་སྤྲད་ཡོད་པ་དང་། ད་ལྟའི་བར་མི་ ༡༥ ལ་ཁ་ལོ་བའི་ལག་འཁྱེར་ཡང་རག་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་འཕྲོས་དོན་དྲི་བར། དཔལ་འབྱོར་ལས་ཁུངས་དང་ལྡི་ལིའི་རྒྱ་གར་ཚོང་ལས་ཚོགས་པ་གཉིས་མཉམ་འབྲེལ་ཐོག ལོ་གཅིག་གི་གོང་དུ་དྷ་སྟེང་བོད་ཁྱིམ་དུ་དབུ་མ་གླིང་ཟེར་བའི་དྲ་ཐོག་ཚོང་ལས་སྡེ་ཚན་ཞིག་གསར་འཛུགས་གནང་ཡོད་ཀྱང་། ཉེ་ལམ་ཚོང་ལས་སྡེ་ཚན་དེ་སྒོ་རྒྱག་དོན་ཅི་ཡིན་སྐོར་དྲིས་པའི་ལན་དུ་དཔལ་འབྱོར་བཀའ་བློན་མཆོག་གིས། དེང་སང་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་དོ་སྣང་བྱེད་ས་དྲ་ཐོག་ཚོང་ལས་ཆགས་ཡོད་པ་དང་། དྷ་སའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལྡི་ལི་སོགས་སུ་ཕྱིན་ཏེ་ལས་ཀ་བྱེད་ཀྱིན་ཡོད་སྟབས། དཔལ་འབྱོར་ལས་ཁུངས་ཀྱིས་སྔོན་མ་ནས་དྷ་རམ་ས་ལར་ལས་གཞི་དེ་འདྲ་ཞིག་འཛུགས་ཐུབ་ན་ཡག་པོ་འདུག་བསམ་ཡོད་པ་དང་། ངོ་ཤེས་ཤིག་བརྒྱུད་དེ་ཨ་རིའི་ཚོང་གཉེར་ཁང་ཞིག་དང་འབྲེལ་བ་བྱུང་བ་དང་། ཚོང་གཉེར་ཁང་དེའི་གཙོ་བདག་དྷ་རམ་ས་ལར་ཡང་བ་དང་༧གོང་ས་མཆོག་ལ་དད་གུས་ཡོད་པ་ཞིག་ཡིན་པ་བཅས་ལ་བརྟེན་ཏེ། འགྲོ་སོང་ཆ་ཚང་སྦྱིན་བདག་ཚོས་འགན་འཁུར་རྒྱུ་དང་། མ་འོངས་པར་ཁེ་སང་ཡག་པོ་བྱུང་ན་དེའི་ནང་ནས་ཆ་ཤས་ཤིག་བོད་མིའི་སྒྲིག་འཛུགས་ལ་གནང་རྒྱུ་བཅས་ལ་གོ་བསྡུར་མང་པོ་བྱས་མཐར་ཁོ་རང་ཚོས་མོས་མཐུན་བྱས་ཏེ། དབུ་མ་གླིང་ཟེར་བ་དེ་བཙུགས་པ་དང་། མིང་ཡང་ཁོང་རང་ཚོས་བཏགས་པ་རེད། ང་ཚོའི་འགན་དེ་ལས་མི་ཐབས་འཚོལ་དང་ས་ཆའི་མཐུན་འགྱུར་གནང་བ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། ལས་ཀ་མགོ་བཙུགས་ཏེ་ལས་མི་ ༤༠ ཙམ་ལ་ལས་ཀའི་མཐུན་འགྱུར་ཡོང་གི་ཡོད་ཀྱང་། ང་རང་ཚོའི་གཞོན་སྐྱེས་ཚོ་ས་གནས་གཅིག་ལ་གནས་རྒྱུ་དེ་ཞེ་དྲགས་དཀའ་ལས་ཆེན་པོ་ཆགས་ཡོད་སྟབས། ལས་མི་ཚོར་ཟབ་སྦྱོང་སྤྲད་དེ་གང་འཚམ་བསླེབས་སྐབས་ཁོ་ཚོ་བརླག་འགྲོ་བཞིན་ཡོད་ས་རེད། ཕྱིས་སུ་ང་ཚོ་གོ་བསྡུར་བྱུང་སྐབས་ལས་མི་ཚོ་དུས་ཐོག་མ་ཡོང་བ་དང་། ཉིན་གཉིས་གསུམ་ལ་ལས་ཀར་མ་ཡོང་བ་སོགས་ཀྱི་དཀའ་ངལ་མང་པོ་བཤད་སོང་། ང་ཚོས་ལས་ཀ་དེ་གལ་ཆེན་པོ་ཡིན་ཞེས་ལས་བྱེད་ཚོར་བསླབ་བྱ་བརྒྱབ་པ་ཡིན། སྤྱིར་བཏང་ང་ཚོའི་ཐོག་མའི་དམིགས་ཡུལ་ནང་དྷ་སྟེང་དུ་ལས་མི་གྲངས་ ༦༠ ལ་སྤར་བའི་ས་ཆ་ཡོད་པ་དང་། དེ་ཡག་པོ་བྱུང་ན་ནོར་གླིང་དུའང་འཛུགས་ཐུབ་བྱས་ཏེ་དྷ་ས་ཁུལ་ནས་ལས་མི་ ༩༠༠ ཙམ་ལ་ལས་ཀའི་གོ་སྐབས་ཡོང་གི་རེད་བསམ་ཏེ། སྦྱིན་བདག་ལའང་ཞུས་ཏེ་འབད་བརྩོན་བྱས་ཡོད་ཀྱང་། ང་ཚོའི་བསམ་པ་དང་གཞོན་སྐྱེས་ལས་ཀ་བྱེད་མཁན་ཚོའི་དངོས་འབྲེལ་གཉིས་མ་མཚུངས་བར་ང་ཚོའི་རེ་བ་ལ་ནོར་འཁྲུལ་ཏོག་ཙམ་ཤོར་བ་རེད།   

ཕྱིས་སུ་སྦྱིན་བདག་གིས་ལས་མི་ཚོ་ག་བར་ཡོད་ཅེས་དྲིས་དུས། སྦེལ་ཇམ་དང་ཧྥ་རན་སི་ནས་ཚུར་སྙན་ཞུ་བརྒྱབ་སྟེ་ང་ལས་ཀ་ནས་དགོངས་པ་ཞུ་རྒྱུ་ཡིན་ལབ་ཀྱི་འདུག འདི་འདྲ་བྱས་ན་ཚོང་གཉེར་ཁང་ཁྱོན་ནས་ཁུངས་འཁྱོལ་ས་མ་རེད། ང་ཚོའི་འགྲོ་སོང་ཞེ་དྲགས་ཕྱིན་སོང་ཞེས་གསུང་གི་འདུག་ལ། ང་ཚོར་ངོ་སྤྲོད་བྱེད་མཁན་དེ་ཚོང་གཉེར་ཁང་དེའི་ཚོང་རོགས་ཤིག་ཡིན་པ་འདྲ། ཕྱིས་སུ་ཚོང་གཉེར་ཁང་ཡག་པོ་ཡོང་ས་མ་རེད་བསམ་དུས་ཁོ་རང་གི་མ་དངུལ་ཕྱིར་འཐེན་བྱས་ཡོད་ས་རེད། སྦྱིན་བདག་ལྟེ་བ་ཡིན་པའི་བཟའ་ཚང་གཉིས་དེ་དཔེ་ཡག་པོ་འདུག

ང་ཚོས་ཕར་ཡི་གེ་བཏང་སྟེ་དང་པོ་ང་ཚོ་གཉིས་མོས་ཀྱི་ཐོག་ནས་བཙུགས་པ་རེད། ཕྱིས་སུ་ཁྱེད་རང་ཚོས་ང་ཚོར་སྐད་ཆ་གཅིག་ཀྱང་མ་བཤད་པར་སྒོ་བརྒྱབ་པ་དེ་འགྲིག་གི་མི་འདུག སྤྱིར་བཏང་ལས་མི་མང་པོ་ཡོང་གི་མེད་པ་ཡིན་ནའང་། ལས་མི་ ༡༨ ཙམ་གྱིས་ད་ལྟ་ལས་ཀ་བྱེད་བཞིན་ཡོད་པས་ཁོང་ཚོ་ག་རེ་བྱེད་དགོས་པ་རེད། ཅེས་ཕར་ཡི་གེ་བཏང་དུས། དཔལ་འབྱོལ་ལས་ཁུངས་ལ་སྙན་གསན་མ་ཞུས་པ་དེ་ང་ཚོ་ལན་འདུག་མ་གཏོགས་དོ་བདག་སོ་སོར་འགྲེལ་བཤད་ཆ་ཚང་བརྒྱབ་ཡོད། ལས་མི་ཚོ་ལྡི་ལིར་ཡོད་པའི་ང་ཚོའི་ལས་ཁུངས་ནང་ག་དུས་ཡོང་ནའང་ལས་ཀ་དང་གླ་ཆ་སྔར་བཞིན་སྤྲོད་རྒྱུ་ཡིན་ཞེས་འགྲེལ་བཤད་བརྒྱབ་ཡོད་སྐོར་གསུངས་སོང་།

ང་ཚོ་དཔལ་འབྱོར་ལས་ཁུངས་ནས་སྒོ་མ་བརྒྱབ་གོང་དུ་ང་ཚོར་ལབ་པ་ཡིན་ན་ལས་ཀ་གཞན་པ་ཞིག་བྱེད་པའི་ཐབས་ཤེས་མེད་འགྲོ་ཞེས་ཡི་གེ་བཏང་བར་ལམ་སང་ཚུར་ཡི་གེ་བསླེབས་ཏེ། ཁྱེད་རང་ཚོས་བྱེད་ཐུབ་ན་བྱོས་དང་ང་ཚོས་མཐུན་འགྱུར་ཆ་ཚང་སྤྲོད་ཆོག གློག་ཀླད་སོགས་གློག་ཆས་རིགས་ཚང་མ་བཞག་ཆོག་གི་རེད་ལ་ཚོང་ལས་ཀྱང་སྤྲོད་དགོས། འོན་ཀྱང་ཁྱེད་རང་ཚོས་ཚོང་རྒྱག་པར་མི་འདི་ཙམ་ལས་མེད་ན་ཁུངས་འཁྱོལ་གྱི་མ་རེད་ཅེས་ཚུར་བསླབ་བྱ་བརྒྱབ་བྱུང་། དེ་ནས་དེའི་སྐབས་ཀྱི་ལས་བྱེད་ཚོ་བསྐོངས་ཏེ་གྲོས་བསྡུར་བྱེད་སྐབས་ཁོ་རང་ཚོའང་ཐེ་ཚོམ་རེད་འདུག་པས། ང་ཚོས་ཡོང་ས་མ་རེད་དགོངས་དག་ཅེས་ཚོང་གཉེར་ཁང་དེར་ལབ་ནས་ཁོ་རང་ཚོའི་ཅ་ལག་ཚང་མ་འཁྱེར་སོང་བ་རེད། ཅེས་གསུངས་སོང་།

གཞན། ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་སྐར་རྟགས་ཅན་གྱི་དྲི་བར། སྦིར་ཅོན་ཏ་ར་ཁུལ་དང་ལྷོ་ཕྱོགས་གཞིས་ཁག་ལྔའི་ནང་། དེ་བཞིན་དྷ་ས་མེག་གྷན་དུ་ཆབ་སྲིད་བཙོན་ཟུར་ཚོར་ས་ཆ་དང་སྡོད་ཁང་གསར་བསྐྲུན་སླད་སྔར་ལོ་ནས་སྔོན་རྩིས་ཞུས་ཡོད་པ་ལྟར། ད་ལྟ་གང་འདྲ་ཆགས་ཡོད་མེད་དྲིས་པའི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས། སྔ་ལོའི་སྔོན་རྩིས་ནང་སྦིར་ཁུལ་དུ་གནས་སྡོད་བོད་ནས་གསར་དུ་འབྱོར་བ་ཚོར་ས་ཆ་ཉོ་བར་ཁྱོན་ཧིན་སྒོར་ ༡༤༡༨༦༥༧༠ བཀའ་འཁྲོལ་ཡོད་པ་ལྟར། ཧིན་སྒོར་འབུམ་ ༡༢༥ ཡིས་ས་ཆ་ཉོས་ཡོད་ལ། མ་འོངས་པར་ཁང་པ་གསར་རྒྱག་ལའང་དཔལ་འབྱོར་གྱིས་མཐུན་རྐྱེན་གང་ཐུབ་བསྐྲུན་འཆར་ཡོད་པ་དང་། དེ་བཞིན་ལྷོ་གཞིས་ཁག་ལྔའི་ནང་གི་བོད་ནས་གསར་དུ་འབྱོར་བ་ཚོར་གཞིས་ས་གནང་ཆེད་སྔོན་རྩིས་ནང་ཧིན་སྒོར་འབུམ་ ༥ བཀའ་འཁྲོལ་ཡོད་པ་ལྟར། ཚོགས་ཆུང་ཆེད་འཛུགས་ཀྱིས་ས་ཆ་ཐབས་ཤེས་དང་ལས་དོན་མཇུག་གནོན་བྱེད་བཞིན་ཡོད། དྷ་ས་མེག་གྷན་གྱི་ཆབ་སྲིད་བཙོན་ཟུར་ཚོའི་སྡོད་ཁང་གསར་རྒྱག་གི་ལས་གཞི་སྔོན་རྩིས་བཀའ་འཁྲོལ་ལྟར་ལག་བསྟར་འགྲོ་མུས་ཡིན་ཞིང་། ཁྱོན་སྡོད་ཁང་ ༢༥ རྒྱག་བཞིན་ཡོད་པའི་ནང་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ལས་ཤག་ཀྱང་ཡོད་ལ། ཕྱི་ལོ་ ༢༠༡༦ ལོའི་ནང་ཚུད་དུ་ལས་གཞི་མཇུག་བསྒྲིལ་འཆར་ཡོད་སྐོར་གསུངས་སོང་།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་འཕྲོས་དོན་དྲི་བར་དྷ་ས་ཁུལ་དུ་བོད་ནས་ཡོང་མཁན་ཚོར་སྡོད་ཁང་གི་དཀའ་ངལ་ཡོད་སྟབས། དྷ་སར་ས་ཆ་ཉོ་བ་དང་སྡོད་ཁང་རྒྱག་རྒྱུའི་དགོངས་གཞི་ཡོད་མེད་དྲིས་པའི་ལན་དུ་ནང་སྲིད་བཀའ་བློན་མཆོག་གིས། དྷ་རམ་ས་ལ་ཁུལ་དུ་ཁང་པའི་དཀའ་ངལ་ཡོད་པ་དངོས་འབྲེལ་རེད། གཞིས་ཆགས་གཞན་དང་མི་འདྲ་བར་དྷ་རམ་ས་ལར་དཔལ་འབྱོར་ཡོད་པའི་རང་བདག་གི་ཁང་པ་ཡོད་མཁན་འཕུད་བའི་དེ་མིན་གྱི་བོད་ནས་གསར་དུ་འབྱོར་བ་དང་། དེ་སྔོན་ནས་འབྱོར་མཁན་བོད་མི་སུ་ཡིན་ཡང་ཁང་པ་གླས་ཏེ་བསྡད་ཡོད། ད་ལྟའི་ཆར་ང་ཚོ་ནང་སྲིད་ལས་ཁུངས་ནས་ལོ་ ༥ ཡི་ནང་ལ་ག་རེ་བསྒྲུབ་ཐུབ་པའི་རེ་བ་འདུག་དེ་ལ་བང་ཞིག་བསྒྲིགས་ཡོད། དེའི་ནང་ད་ལྟའི་ཆར་དྷ་རམ་ས་ལའི་ལམ་ཁྲོམ་དེ་གལ་ཆེ་བ་ཆགས་འདུག ཁོང་ཚོས་མུ་མཐུད་བརྟན་འཇགས་ཀྱི་ཐོག་ནས་ཚོང་རྒྱག་ཐུབ་པ་ཞིག་གི་ཆེད་དུ་ཤུགས་རྒྱག་དགོས་ཀྱི་འདུག་ཟེར་ནས་ལས་རིམ་ནང་བང་སྒྲིག་ཡོད། སྔོན་རྩིས་འདིའི་ནང་དྷ་རམ་ས་ལ་ཁུལ་དུ་སྡོད་ཁང་ཆེད་འཆར་འབུལ་བྱུང་མ་སོང་། དགོས་ངེས་ཅན་ཡིན་ཡང་མིའི་ནུས་པ་དང་དཔལ་འབྱོར་གྱི་ཐོག་ནས་ཚང་མར་འདང་རྒྱུ་ཁག་པོ་ཆགས་ས་རེད། ད་སྔ་ང་ཚོས་སྦིར་དང་ལྷོ་གཞིས་ཁག་ལྔའི་ནང་ཁང་པ་རྒྱག་རྒྱུ་སོགས་ལ་ཤུགས་སྒྲིལ་གྱིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 12

  1. འབྲོང་བུ་སོག་ཚ། says:
    ལོ་ 10 སྔོན།

    ཁྱི་མགོ་མི་མཁོ་ཁྱི་མགོ་མཁོ། ཁྱི་མགོ་གནམ་སྒོ་བཀག་ཉིན་མཁོ།
    གསར་འབྱོར་མི་མཁོ་གསར་འབྱོར་མཁོ། རོགས་རམ་སློང་ཉིན་གསར་འབྱོར་མཁོ།

    Reply
  2. བྱིའུ་། says:
    ལོ་ 10 སྔོན།

    དངུལ་སྒོར་ཕོན་ཆེན་ཕོན་ཆེན་སྤྲད་ནས་ཕྱི་རྒྱལ་བསྐྱོད་ཐུབ་པ་རྒྱ ་གར་དུ་ཡོང་མ་ཐུབ་པ་གང་ཡོད་།ཡིན་ན་ཚང་མས་ཧ་གོ་དོན་གསལ་རེད་།

    Reply
  3. བྱིའུ་། says:
    ལོ་ 10 སྔོན།

    /Users/ghador/Desktop/Tshar-78-3.gif
    བསམ་བློ་གཏོང་དང་།ཕྱི་རྒྱལ་ལ་བསྐྱོད་མཁན་ཚོ་དངུལ་ཕོན་ཆེན་སྤྲོད་ནས་བསྐོད་ཐུབ་པ་།དེ་ལྟར་ཐབས་ཤེས་གནང་ན་རྒྱ་གར་དུ་ཡོང་མ་ཐུབ་ག་ལ་ཡོད་།

    Reply
  4. ཨ་མའི་བུ། says:
    ལོ་ 10 སྔོན།

    གསར་འབྱོར་མ་སླེབས་པའི་བཙན་བྱོལ་སྒྲིག་འཛུགས་ཀྱི་དཀའ་ངལ། ཕྱི་ལོ་ ༢༠༠༨ ཀྱི་རྗེས་སུ་བོད་ནས་གསར་འབྱོར་ཉུང་ངུ་ལས་མ་འབྱོར་སྟབས་ད་ཆ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཀའ་ངལ་འཕར་མ་ཆགས་ཡོད། ༡༽ཆབ་སྲིད་ཀྱི་དཀའ་ངལ།༢༽དཔལ་འབྱོར་གྱི་དཀའ་ངལ། ༣༽རྒྱལ་གཅེས་མི་སྣ་ཉུང་བའི་དཀའ་ངལ། ༤༽རིག་གཞུང་ཉམས་པའི་དཀའ་ངལ། ད་དཀའ་ངལ་གྲངས་ལས་འདས་པ་བྱུང་ཡོད་པ་ཞ་རས་མཐོང་ཐུབ་པ་གཅིག་དང་འོན་པས་གོ་ཐུབ་པའི་དུས་ལ་བབ་ཡོད། འདི་རིང་བར་དུ་༸གོང་སྐྱབས་མགོན་ཆེན་པོ་རླབས་ཆེན་གྱི་དགོངས་གཞི་ཕུད་དེ་མིན་གྱི་སྐབས་འཚོལ་པ་ཚོས་གསར་འབྱོར་ཟེར་དུས་མཐོང་ཆུང་དང་དམའ་འབེབས་ཀྱི་འོག་ནས་གསར་འབྱོར་བར་དཀའ་ངལ་སྤྲད་པ་ཉུང་ཉུང་རྩ་བ་ནས་མིན། ད་ཆ་གསར་འབྱོར་མང་པོ་མི་ཡོང་བའི་རྒྱུ་མཚན་དེ་ཡང་༸གོང་སྐྱབས་མགོན་ཆེན་པོའི་གསེར་ཞལ་མཇལ་མི་འདོད་པ་དང་། གསུང་གི་བདུད་རྩི་ལོངས་སུ་སྤྱོད་མི་འདོད་པར་གསར་འབྱོར་མི་ཡོང་ག་ལ་ཡིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ཚོས་ཕུགས་རྒྱང་རིང་པོའི་བསམ་བློ་མེད་ཁར་གསར་འབྱོར་ཚོའི་དཀའ་ངལ་སེལ་ཡས་ཀྱི་ཡང་དག་ཚད་རན་གྱི་ཆར་གཞི་མེད་པའི་ཐོག་ནས་གསར་འབྱོར་བ་ཚོར་མཐོང་ཆུང་དང་དམའ་འབེབས་བྱེད་རྒྱུ་མང་དྲག་པའི་རྐྱེན་གྱི་ཡིན་པ་བརྗོད་ག་ལ་དགོས། ད་ལྟ་ཆུ་མེད་སར་ཟམ་པ་རྒྱབ་པའི་དཔེ་ལྟར་སྔོན་ལྟར་གསར་འབྱོར་བ་མ་སླེབས་པའི་དུས་དང་། གསར་འབྱོར་བ་མང་པོ་ཞིག་ལ་དཀའ་ངལ་འཕྲད་དེ་ཕྱིར་བོད་དུ་ལོག་བཞིན་པའི་སྐབས་འདིར་གསར་འབྱོར་བ་ཚོར་ཡང་དག་ཚད་རན་གྱི་ཆར་གཞི་ཡོད་སྐོར་བརྗོད་དེ་ཁང་པ་གསར་རྒྱག གཞིས་ཆགས་ཁག་ཏུ་གཏོང་གི་ཡོད་སྐོར་བརྗོད་པ་ནི། དངོས་གནས་གསར་འབྱོར་བར་བསམ་བློ་གཏང་བར་འདོད་ན་ལྐུགས་པ་ཡིན་ཡང་གད་མོ་ཤོར་གྱི་རེད། ཕྱི་རྒྱལ་རོགས་ཚོགས་ཀྱི་རོགས་དངུལ་ཆད་དེ་བཙན་བྱོལ་ནང་དུ་དཀའ་ངལ་དུ་མ་ཞིག་ཡོང་བའི་སྐབས་དེར་གསར་འབྱོར་བ་གལ་ཆེ་ཡིན་སྐོར་བརྗོད་པ་ནི་གད་མོའི་རྒྱུ། ད་མི་འབྲི།

    Reply
  5. འགྲུལ་བཞུད་པ། says:
    ལོ་ 10 སྔོན།

    གསར་འབྱོར་བ། མི་ཡུལ་ན་ཡོད་པ་ནི་ཡར་བལྟས་ཀྱི་གནམ་རྒན་མ་དང་། མར་བལྟས་ཀྱི་ས་གཞི་རེད། གསར་འབྱོར་བ་ཚོ་མི་ཡུལ་ན་དེ་འདྲའི་ཉམས་ང་ཞིང་ཡིད་ཐང་ཆད་དགོས་པ་ཞིག་རེད། སྤྱི་མཐུས་ཚོ་ནས་གསར་འབྱོར་བའི་སྐོར་ལ་ཤོད་པ་ལས་དེ་མིན་ཁ་ཡོད་ཀྱི་རོགས་སྐྱོར་ཁ་ཚ་དགོས་ཐུག་མི་བྱེད། གང་ལྟར་ཡང་གསར་འབྱོར་བ་ཚོ་སྡུག་པོ་ཐོང་སོང་།

    Reply
  6. བྱིའུ་། says:
    ལོ་ 10 སྔོན།

    གསར་འབྱོར་བ་ཚོ་གང་ལ་འགྲོ་དགོས་ཀྱི་རེད།
    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
    གསར་འབྱོར་བ་ཚོ་གང་ལ་འགྲོ་དགོས་ཀྱི་རེད། ཁྱེད་རང་གི་ཁ་བྱང་འདི་མཐོང་སྐབས་སྣེ་ལེན་ཁང་ལ་འགྲོ་དགོས་ཀྱི་རེད་བསྙམ་སྲིད་མོད། འདི་ནི་འདི་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད།
    ང་༢༠༠༢་ལོར་བོད་ནས་གསར་དུ་འབྱོར་ནས་བཙན་བྱོལ་གཞུང་གི་སྣེ་ལེན་རོགས་སྐྱོར་བཀྲིན་འོག་སློབ་སྦྱོང་གི་གོ་སྐབས་དང་སྟོ་ཟས་ཀྱི་མཐུན་རྐྱེན་སྤྲད་བྱུང་བས་ངས་འདི་ནི་གསར་འབྱོར་བ་འགྲོ་ས་དང་འདུག་ས་རེད་བསྙམ། འོན་ཀྱང་ང་གསོག་སྒར་སློབ་གྲྭ་འམ་ཤེས་རབ་དགའ་ཚལ་སློབ་གླིང་ནས་མཐར་ཕྱིར་རྗེས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཀ་ཞིག་ལོན་ནས་༢༠༠༧་ལོ་མཇུག་ལྷོ་ཕྱོགས་བྷེལ་ཀོབ་དུ་ཕྱིན། རང་ཉིད་འདུག་སའི་ཁང་པ་ཞིག་བཙལ་ནས་བསྡད་སྐབས་ངས་ད་གཟོད་གསར་འབྱོར་ཚོ་འགྲོ་ས་གང་ཡིན་དང་འདུག་ས་གང་ཡིན་འཚོལ་དགོས་བྱུང་། གནད་དོན་འདི་འདྲ་ཞིག་རེད། ང་དང་པོ་འདིར་སླེབ་དུས་རྣམ་གྲོལ་གླིང་ནས་ཟླ་ཕྱེད་ཙམ་བསྡད་ཀྱང་ཁ་བྱང་མེད་པས་ལས་དོན་མང་པོར་དཀའ་ངལ་འཕྲད། དེ་ནས་སེར་སྨད་དང་ལུགས་བསམ་གཞིས་གྲོང་དང་པོ་ནས་ཁང་གླ་སྤྲད་ནས་ཟླ་གཅིག་རེའི་རིང་བསྡད་ཀྱང་དེ་མཚུངས་སུ་གྱུར། དེ་ལས་ལུགས་བསམ་མཉམ་སྤྲེལ་ལས་ཤག་ཞིག་གཡར་ནས་བསྡད་པས་ཅུང་ཟད་སྟབས་བདེ་ཞིག་བྱུང་ཡང་སྤྲག་ཁང་ནང་ཅ་དངོས་གལ་ཆེན་རེ་འབྱོར་ཡང་མཉམ་སྤྲེལ་དང་གཞིས་ལས་ཁང་གཉིས་ནས་རྒྱབ་གཉེར་མེད་ན་མི་ངོས་འཕྲོད་ཀྱང་ལེན་ཐུབ་ཀྱི་མི་འདུག རྒྱུ་མཚན་གསར་འབྱོར་བ་ལ་ཁ་བྱང་བརྟན་པོ་མེད་པས་རེད་འདུག དེ་ནས་ལས་ཤག་ནང་ལས་བྱེད་པ་འདུག་དགོས་བྱུང་སྟབས་ཁང་པ་མི་སྤོ་ཐབས་མེད་རེད། ཡང་བསྐྱར་ལུགས་བསམ་མཉམ་སྤྲེལ་ཀྱི་ཁུངས་རྟོགས་ཁང་པ་ཞིག་དང་རིམ་བཞིན་གཞིས་ཆགས་གསར་བའི་གྲོང་སྡེ་དྲུག་པར་གྲོགས་པོ་ཞིག་བརྒྱུད་ཁང་པ་ཞིག་དུས་ངེས་མེད་གཡར་བོ་བྱས་ནས་བསྡད་པ་ཡིན། གྲོང་སྡེའི་སྤྱི་མི་དང་གཞིས་ལས་ཁང་དུ་ང་དེར་བསྡད་ཡོད་པའི་སྙན་གསན་ཞུས་པ་ཡིན། ས་གནས་འགོ་འཛིན་གྱིས་ཁྱེད་རང་དེར་འདུག་གི་ཡོད་པའི་སྙན་གསན་བྱུང་བ་ཡག་པོ་རེད་ངོ་མ་བཤད་ན་བདེ་སྲུང་གིས་ཁྱེད་རང་འདུག་ས་གང་ཡིན་ས་གནས་སོ་སོའི་འགོ་འཛིན་ལ་ཡི་གེ་སྐུར་དགོས་ཀྱི་རེད་མོད། དེ་འདྲའི་ལམ་སྟོན་ལུགས་སོ་མི་འདུག འོན་ཀྱང་ཁྱེད་ལ་སློབ་སྦྱོང་ཡོད་ཚང་འདི་ལྟར་སྙན་གསན་བྱས་པ་ཡག་པོ་རེད། རེད་དེ་སྤྱི་མི་དང་ཁང་བདག་གི་ས་ནས་ཁང་གླ་སྤྲད་དེ་བསྡད་ཡོད་པའི་མཚན་རྟགས་ཤིག་ཁུར་ཤོག་ཟེར། ངས་སྤྱི་མི་ལ་བཤད་སྐབས་ཁང་བདག་ལ་འདྲི་དགོས་ཟེར། ཕྱི་ཉིན་ང་ཁང་བདག་སར་སོང་སྐབས་ཁོང་གིས་འགྲོ་སྟངས་དེ་དགོས་ཀྱི་མ་རེད་དེ་འདྲ་བྱས་ན་ཁོང་ལ་དཀའ་ངལ་ཡོད་པ་མང་པོ་བཤད། མ་ཚད་ཁྱེད་རང་གན་རྒྱ་མེད་པར་འདུག་འདོད་མེད་ན་སོང་ཀྱང་ཆོག་པར་བཤད་སོང་། ལྷག་པར་ཁོང་གི་བུ་ཕྲུག་ཁ་ཤས་ལ་ས་ཁང་གི་ཐོབ་ཐང་མེད་པ་དང་སྔོན་མ་ཞིག་ལ་ཁོང་གི་ཁང་ཨང་བེད་སྤྱོད་བྱས་ནས་གཞིས་ཆགས་མི་ཞིག་གིས་དངུལ་ཁང་ནས་སྒོར་མོ་མང་པོ་བླང་རྗེས་དཀའ་ངལ་འཕྲད་པའི་སྐོར་བརྗོད་སོང་། གང་ལྟར་ངས་དེར་ཁང་གླ་སྤྲད་ནས་གནས་སྐབས་རིང་བསྡད་ཡོད་པ་རེད་ཟེར་བ་ཙམ་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་མི་དུག་པས་མ་ཚད། ང་ཚོས་ས་ཁང་བདག་ཐོབ་འཕྲོག་པ་འམ་ཡང་ན་ཁང་པའི་ཨང་གྲངས་བེད་སྤྱོད་འདྲ་མིན་གཏོང་འདོད་ཀྱིས་དོགས་པས་མཚན་རྟགས་གནང་མ་སོང་།
    བྱེད་སྟངས་འདིས་གསར་འབྱོར་བ་གཞིས་ཆགས་སུ་གནས་སྡོད་མི་ཐུབ་པ་བཟོ་ཐུབ་ཀྱི་ཡོད་པ་རེད། གནད་དོན་འདིའི་རྒྱབ་ལྗོངས་སུ་བཙན་བྱོལ་བོད་གཞུང་གི་གསར་འབྱོར་ཕྱིར་ལོག་གི་སྲིད་ཇུས་ཡོད་པ་རེད་དམ་ཡང་ན་ས་གནས་ཞིགས་ཆགས་ཀྱིས་གསར་འབྱོར་བ་ལ་ལྟ་ཚུལ་གྱི་སྲིད་ཇུས་ཤིག་ཡོད་པ་རེད། གང་ལྟར་མཐར་ངས་ཁོང་ལ་ས་ཁང་བདག་ཐོབ་དང་ཁང་ཨང་བེད་སྤྱོད་ལོག་པ་བྱ་འདོད་ཀྱིས་མིན་ལ་གན་རྒྱ་འཇོག་འདོད་ཀྱང་མིན་པའི་གསལ་བཤད་ཞིག་བྱས་ནས་ཐོན་ཡོང་པ་ཡིན། གང་ལྟར་ངས་ཁང་བྱང་མ་རགས་པ་རེད། དེ་ཡང་ང་གཅིག་པུ་ག་ལ་ཡིན་འདི་ཕྱོགས་ཀྱི་གསར་འབྱོར་བ་མི་སྐྱ་ཚང་མ་འདི་ལྟར་རེད། བོད་པའི་གཞིས་ཆགས་སུ་བོད་པ་སླེབས་ཀྱང་འདུག་ས་མགྲོན་ཁང་ལས་སྐྱོ་བ་རེད། ངས་ལས་བྱེད་དང་མི་རྒན། གསར་འབྱོར་དང་གཞིས་ཆགས། ཚོང་པ་ཚོར་ང་ལ་འདུག་ས་ངོ་མ་ཞིག་དང་ཁ་བྱང་དག་མ་ཞིག་ལོན་ཀྱི་ཡོད་མེད་རྩད་གཅོད་བྱས་ཀྱང་འདི་ན་འདུག་ས་ཡོད་རེད་ཟེར་མཁན་གཅིག་ཀྱང་མ་བྱུང་བས་མ་ཚད། བཙན་བྱོལ་གཞུང་ལ་གསར་འབྱོར་བ་ཚོ་ཕྱིར་ལོག་བྱ་རྒྱུར་སྲིད་ཇུས་ཡོད་པ་ཡང་དྲན་གསོ་བྱེད་མཁན་བྱུང་། སྐབས་དེར་ངས་སྔོན་མ་ང་སློབ་གྲྭ་ན་ཡོད་སྐབས་ཤེས་རིགས་དྲུང་ཆེ་ཀརྨ་དགེ་ལེགས་ཀྱིས་གསར་འབྱོར་ཕྱིར་ལོག་གི་སྲིད་ཇུས་གསལ་བཤད་བྱས་པས་དེ་ཡང་དྲན་པ་སོས། འོན་ཀྱང་ངས་ང་ཚོ་གསར་འབྱོར་བ་རྒྱ་གར་ནང་འདུག་འདོད་ཡོད་མཁན་ཚོ་འདུག་ས་དང་འགྲོ་ས་ངོ་མ་གང་རེད་ཅེས་དྲི་བ་འདི་འདྲི་འདོད་བྱུང་། ཡང་ངས་འདི་ལྟར་མང་པོ་ཞིག་བཤད་ཡོང་སྐབས་ཁྱེད་ཀྱིས་སེམས་ལ་ཁང་པ་གླ་རྒྱུ་ལོན་དུས་འདུག་མ་ཐུབ་ཡར་ལ་སྙན་གསན་ཞུས་མར་ལ་སྙན་གསན་ཞུ་དགོས་མི་འདུག་བསྙམ་ཡང་སྲིད་མོད། དེ་དེ་འདྲའི་བསྡོམས་བདེ་བོ་ཞིག་ག་ལ་ཡིན། ང་ཚོར་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་ཕྱིར་བསྒྱོད་ལག་དེབ་བཟོ་དགོས་པ་སོགས་ལས་ཀ་མང་པོ་ཞིག་ལ་ཁ་བྱང་ཁུངས་བརྟན་གསལ་བོ་སྤྲད་རྒྱུ་མེད་ན་ཁག་པོ་ཞེ་དྲག་རེད། ད་དུང་དེ་མིན་པའི་དཔེ་མཚོན་གཅིག་བཞག་ན། ལོ་སྔོན་མ་ཞིག་ལ་བོད་ཀྱི་གྲྭ་བ་ཞིག་བྷེལ་ཀོབ་བོད་མའི་གཞིས་ཆགས་སུ་མེར་བསྲེག་དོན་རྐྱེན་བྱུང་པ་རེད། ཉེན་རྟོགས་པ་དང་གསང་ལས་པས་བརྟགས་དཔྱད་བྱས་མཐར་གྲྭ་པ་དེའི་གྲྭ་ཚང་དང་ཁམས་ཚན། སྤུན་ཟླ་སོགས་སུ་ཡིན་གསར་བོ་ངོས་ཟིན་པ་རེད་ལ། གཞིས་ཆགས་ལས་ཁང་། དགོན་པ་གྲྭ་ཚང་། གཞོན་ནུ་བུད་མེད། འདི་ཚོ་ཚང་མས་ཧ་གོ་ཡོད་པ་རེད་མོད་བོད་པ་སུ་གཅིག་གིས་རོ་བདག་མ་བྱས་པ་རེད། འདི་ནི་གསར་འབྱོར་བ་ཚོའི་འདུག་ས་རེད་དམ།
    http://www.khawakarpo.org/bo/blog/2012-07-16-10-08-07/1564-2009-05-26-06-07-35

    Reply
  7. རྔ་བའི་ལོ་སྐྱུར། says:
    ལོ་ 10 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གི་འབྲེལ་ཡོད་ལས་བྱེད་ཚང་མ་བཀའ་དྲིན་ཤིན་ཏུ་ཆེ། གསར་འགྱུར་གཞན་དང་མི་འདྲ་བར་གནས་ཚུལ་གང་ཞིག་སྤེལ་ཡང་ཁུངས་ལྡན་དང་། གནད་ཚང་བ། གོ་རིམ་ལྡན་པ་སོགས་ཕྱོགས་ཡོང་ནས་གསར་ཁང་ཞིག་གི་འགན་འཁྲི་དང་གནས་ཚད་ལྡན་པ་ལགས་ན་འབྱུང་འགྱུར་ཡང་དེ་དོན་ལས་མི་ཞན་པར་བཀའ་དྲིན་ཆེ།

    Reply
  8. འཇིགས་མེད་སེངྒེ། says:
    ལོ་ 10 སྔོན།

    དྷ་རམ་ས་ལའི་གསར་འབྱོར་ཚོར་གནས་སྐབས་རིང་སྡོད་ཁང་གོ་སྒྲིག་བྱེད་ཐུབ་མ་སོང་ཟེར་བའི་གནས་སྐབས་ཟེར་བ་ཏག་ཏག་རང་མ་རེད། ལོ་༥༠ ནང་དྷ་རམ་ས་ལའི་གསར་འབྱོར་ཚོར་སྡོད་ཁང་གོ་སྒྲིག་བྱེད་ཐུབ་མེད།

    Reply
  9. མི་རྒོད། says:
    ལོ་ 10 སྔོན།

    རྒྱ་རིག་སྒྲོལ་མ་ལགས་དང་ ཚེ་རིང་དངོས་སྒྲུབ་ལགས་རྣམས་ཀྱི་མིག་ཤེལ་གྱོན་སྟངས་ཧ་ཅང་ལེགས་པོ་ ཁོང་གཉིས་ལ་བལྟས་ཚེ་སྤྱི་འཐུས་རྣམས་ཧ་ལམ་རྩེ་ཕོ་བྲང་ནང་བཞུགས་ཡོད་པ་འདྲ་པོ་འདུག་ཡིན་ཡང་ད་ལྟའང་རྡ་ས་བཙན་བྱོལ་ནང་ལུས་བསྡད་ཤག་རྣམས་པ་ཚོ་ བཀྲིན་ཆེ།།།

    Reply
  10. འཕགས་མཆོག says:
    ལོ་ 10 སྔོན།

    བཀའ་བློན་རྒྱ་རི་སྒྲོལ་མས་སྤྱི་འཐུས་ཟླ་བ་ཚེ་རིང་ལ་གཏིང་ནག་པོས་ཚིག་མདའ་ཞིག་འཕངས་འདུག “ དྷ་རམ་ས་ལ་ཁུལ་དུ་ཁང་པའི་དཀའ་ངལ་ཡོད་པ་དངོས་འབྲེལ་རེད། གཞིས་ཆགས་གཞན་དང་མི་འདྲ་བར་དྷ་རམ་ས་ལར་དཔལ་འབྱོར་ཡོད་པའི་རང་བདག་གི་ཁང་པ་ཡོད་མཁན་འཕུད་བའི་དེ་མིན་གྱི་བོད་ནས་གསར་དུ་འབྱོར་བ་དང་། དེ་སྔོན་ནས་འབྱོར་མཁན་བོད་མི་སུ་ཡིན་ཡང་ཁང་པ་གླས་ཏེ་བསྡད་ཡོད། ” ཡིན་ནའང་དྷ་རམ་ས་ལའི་གསར་་འབྱོར་བ་མང་ཤོས་དང་དཀའ་ངལ་ཆེ་ཤོས་སྣང་མེད་ཀྱིས་ཟུར་ལ་བཞག་སྟེ། གསར་འབྱོར་བ་ཉུང་ཤོས་དང་རྒྱུ་དཔལ་འབྱོར་ཆེ་ཤོས་སྦིར་དང་ལྷོ་ཕྱོགས་སྦེལ་ལ་ཀོ་པི་སོགས་སུ་ཁང་པ་བརྒྱབ་པར་བློ་ཕམ་ཚད་མེད་ཡོད།

    Reply
  11. རྣམ་རྒྱལ་ཚེ་རིང་། says:
    ལོ་ 10 སྔོན།

    རྣམ་དཔྱོད་ཆོག་ཏུ་ཡངས་པའི་བོད་ཀྱི་དུས་བབ་ཚང་གི་གསར་འགོད་པ་རྣམས་པར་ཐུགས་རྗེ་ཤིན་ཏུ་ཆེ་ཞུ་བ་དང་ལྷག་པར་དུ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་ཡིད་རེང་སྔགས་བརྗོད་གྲངས་མེད་ཞུ་རྒྱུ་དང་འབྲེལ་ནས།
    ཛ་དྲག་གནད་འགག་གི་གནས་ཚུ་གྱི་དུས་ཚོད་ལ་ཐུག་སྐབས་གསར་འགྱུར་རྣམས་ཧ་ཅང་མྱུར་པོ་དང་དུས་ཐོག་གནད་དུ་འཁེལ་བ་དང་ཁ་ཡོད་ལག་ཡོད་གནང་སོང་བར་སེམས་ཁུངས་རིས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་སྔོན་ཏུ་བཏང་ནས་ཐེངས་གྲོས་ཚོགས་བརྙན་འཕྲིན་ནང་ནས་ལྟ་ཐུབ་ནའང་ཉིན་གྲངས་མང་པོ་དང་ཉིན་མ་རེ་རེ་ལའང་གནས་ཚུལ་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད་ནའང་དུས་བབ་ཚགས་ཤོག་ཚང་གི་གསར་འགོད་པ་ཚོས་གནས་ཚུལ་དབྱེ་བསྲེས་བྱས་ཏེ་གལ་ཆེ་བ་དང་ཆབ་སྲིད་པ་དང་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོར་བརྡ་ལན་གོ་དོན་སྤྲོད་དགོས་པ།
    དེ་བཞིན་དུ་མང་ཚོགས་ལའང་མཁྱེན་རྟོགས་དང་གོ་རྟོགས་སྤེལ་བ་ཁག་དུས་ལས་མ་ཡོལ་བར་ཁ་གསལ་ལ་གནད་དུ་འཁེལ་བའི་ཐོག་ནས་འདེམས་སྒྲིག་གནང་སྟེ་དྲ་རྒྱའི་ཐོག་སྤེལ་གནང་མཛད་པ་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    སྤྱི་ཡོངས་ནས་བོད་པའི་སྐད་ཡིག་རིག་གཞུང་དང་ལྷག་པར་དུ་བོད་པའི་འཐབ་རྩོད་ཐོག་བླ་ན་མེད་པའི་བྱས་རྗེས་དང་ནུས་པ་འཐོན་གྱི་ཡོད་པ་སྨོས་མེད་ཐཽག་ ང་ཚོ་བོད་པ་རང་གི་སྤྱི་ཚོགས་ནང་དུ་ཡང་ཆབ་སྲིད་ཀྱི་གོ་རྟོགས་དང་མང་གཙོའི་འདུ་ཤེས་དང་གཤིས་སྤྱོད་ཇེ་ཟབ་ཏུ་གཏོང་རྒྱུར་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཧ་ཅང་གསལ་བོ་ཡིན་པས་རྣམས་པ་ལྷན་རྒྱས་ནས་མུ་མཐུད་དུ་ཕྱག་ལས་འབད་བརྩོན་གནང་རོགས་གནང་ཞུ་བཞིན་ཡོད། ང་དང་ང་ལྟ་བུ་མང་པོ་ཞིག་བོད་ཀྱི་དུས་བབ་ཚགས་ཤོག་དང་དྲ་རྒྱ་སོགས་འཚོ་བའི་ཆ་ཤས་ལྟ་བུར་ཉིན་རེ་བཞིན་ལྟ་ཀློག་བྱེད་ཀྱིན་ཡོད་པ་དང་། ལྷག་པར་དུ་བོད་ཕྱི་ནང་དང་རྒྱལ་སྤྱི་རྒྱ་ནག་སོགས་ལ་མཁྱེན་རྟོགས་བྱེད་པའི་སྒོ་དང་སྒེའུ་ཁུངསལྟ་བུ་ཞིག་ཏུ་གྱུར་ཡོད་པ་ད་ལྟའི་སྤྱི་ཚོགས་ནང་དུ་བོད་ཀྱི་དུས་བབ་ལ་དོ་སྣང་ཆ་འཇོག་གནང་གི་ཡོད་པ་དེ་དེ་ལས་ཀྱང་གསལ་བོར་རྟོགས་པས་མུ་མཐུད་དུ་ཤུགས་སྣོན་ཡོང་རེ་བ་དང་བཅས། བོད་རྒྱལ་ལོ།།།།

    Reply
  12. གངས says:
    ལོ་ 10 སྔོན།

    དྷ་ས་ན་གསར་འབྱོར་མང་བས་དཀའ་ངལ་ཆེ་ཤོསའང་། ས་དེའི་སྡོད་ཁང་གི་དཀའ་ངལ་ཡིན་པ་སྨྲས་མ་དགོས་བ་རེད། ད་ལྟའི་བར་དུ་གསར་འབྱོར་གྱི་དཀའ་ངལ་ལ་བམས་ཤེས་བྱེད་མཁན་རེ་གཉིས་ལས་བྱུང་མ་སོང་། གཞི་ཆགས་ཁག་ལ་ཕྱི་རྒྱལ་དུ་འགྲོ་བའི་ལས་རིམ་བསྒྲིག་པ་དང་ཁང་པ་གསར་བ་རྒྱག་པ་སོགས་བྱེད་སྒོ་སྣ་ཚོགས་སྤེལ་དང་སྤེལ་བཞིན་འདུག དྷ་སའི་གསར་འབྱོར་ཚོ་ད་ནི་རེ་རེ་བཞིན་ཕྱོགས་ཡར་མར་ལ་ཐོར་ཚར་སོང་བས། དྷ་སའང་སྟོང་སང་ངེར་འདུག ལམ་ཁ་གསར་བ་དེའང་རྒྱ་གར་པན་འཇབ་ཀྱི་ཡུལ་སྐོར་སྤྲོ་འཆམ་ཚོར་སྟབས་བདེ་བཟོས་བ་ཤ་སྟག་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese