མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀློད་གྲོལ་འོག་གི་དམ་དྲག

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥།༣༠ ཡས་ཡས་སུ། རྒྱ་གཞུང་ཉེན་རྟོག་པས་རྭ་རྒྱ་དགོན་པའི་དགེ་བསྐོས་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་གསང་སྟབས་ཀྱིས་རང་ཁྱིམ་དུ་བསྐྱལ་ཡོད་འདུག 

འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༥།༣༠ ཡས་མས་ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྭ་རྒྱ་དགོན་གྱི་དགེ་བསྐོས་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་གསང་སྟབས་ཀྱིས་རང་ཁྱིམ་དུ་བསྐྱལ་ཡོད་པ་དང་། ཉིན་དེར་ཪྭ་རྒྱ་དགོན་པའི་གྲྭ་མང་དང་ས་གནས་མང་ཚོགས། ད་དུང་ཉེ་འཁྲིས་ཀྱི་ཡུལ་གྲོང་ཁག་གི་མི་མང་བཅས་ཀྱིས་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་སུ་ཕེབས་བསུ་རྒྱ་ཆེན་པོ་ཞུ་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་། རྫོང་དང་ས་གནས་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ་ཉེན་རྟོག་པ་ཆེད་དུ་དགོན་པར་ཡོང་སྟེ། གལ་སྲིད་ངོ་རྒོལ་སྐད་འབོད་དང་ཡིག་ཆ་གཏོར་འགྲེམས་སོགས་ཀྱི་གནས་ཚུལ་བྱུང་ན། དགོན་པའི་ལས་ཀྱི་སྣེ་མོ་བ་ཚོས་འགན་འཁུར་དགོས་པ་ལས་ཕེབས་བསུ་ཞུས་ཆོག་པ་དང་ཕེབས་བསུ་བ་རྣམས་རྭ་རྒྱ་དགོན་དང་འབའ་གད་པ་སུམ་མདོ་རྫོང་གཉིས་ཀྱི་ས་མཚམས་བར་འགྲོ་ཆོག་ལུགས་བཤད་ཡོད་ཀྱང་། དེ་རྗེས་ཡང་བསྐྱར་འགྱུར་བ་ཐེབས་ནས་གང་སར་ཉེན་རྟོག་པ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེན་བྱས་ཤིང་། ཕེབས་བསུ་བ་དག་དགོན་པའི་ཉེ་འཁྲིས་སུ་སྡོད་པ་ལས་ཐག་རིང་བོར་འགྲོ་མི་ཆོག་པའི་བཙན་བཀའ་བཏང་བ་མ་ཟད་པར་རིས་དང་བརྙན་སོགས་གཅིག་ཀྱང་ལེན་མི་ཆོག་པ་དང་། གལ་སྲིད་པར་དང་བརྙན་རིས་རྣམས་ཕྱི་ཕྱོགས་སུ་གཏོང་མཁན་ཡོད་ཚེ་ཉེས་ཆད་དྲག་པོ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཞིང་། འབྲེལ་ཡོད་མི་སྣ་དག་གི་ལག་ཁྱེར་ཁ་པར་དང་དྲྭ་འཕྲིན་སོགས་ཐོ་འགོད་བྱས་ཏེ་བཀག་བསྡོམས་ནན་མོ་བྱས་ཡོད་འདུག

གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ནི་ཪྭ་རྒྱ་དགོན་གྱི་ཕྱི་ལོ་ ༢༠༠༩ ལོའི་དགེ་བསྐོས་ལས་ཐོག་པ་ཡིན་ལ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༡ ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ། སྔར་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་རྭ་རྒྱ་དགོན་དུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་ཡིག་ཆ་གཏོར་བཀྲམས་བྱས་པའི་ཉེས་མིང་འོག ཕྱི་ཟླ ༣ཚེས་༢༡ཉིན་གྱི་ཉིན་གུང་བོད་ནང་གི་ཆུ་ཚོད་ ༢ པ་ཙམ་ལ་དགེ་འདུན་པ་བཀྲ་ཤིས་བཟང་པོ་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། འདྲི་རྩད་མནར་གཅོད་གཏོང་སྐབས་གྲྭ་བཀྲ་ཤིས་བཟང་པོ་རྨ་ཆུ་ལ་ལྕེབས་ཏེ་རང་ཤི་བརྒྱབ་པའི་གནས་ཚུལ་སོགས་བྱུང་ཡོད་སྟབས། རྭ་རྒྱ་དགོན་གྲོང་གཉིས་ཀྱི་བོད་རིགས་སེར་སྐྱ་མི་དམངས་༡༠༠༠ ལྷག་འདུ་འཛོམས་ཀྱིས་རྭ་རྒྱ་གྲོང་བརྡལ་སྲིད་གཞུང་དང་ཉེན་རྟོག་ལས་ཁུངས་གཉིས་སུ་ཕྱིན་ཏེ། རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཕྱི་ལོ་༢༠༠༩ ལོའི་སྤྱི་ཟླ་༣ པའི་ཚེས་༢༢ཉིན་རྭ་རྒྱ་དགོན་པའི་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས་གཙོ་བྱས་པའི་དགེ་འདུན་པ་ ༩ ལྷག་ངོ་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ཉེས་འཛུགས་འོག་འཛིན་བཟུང་བྱས་ཡོད་ཅིང་། དེའི་ཁྲོད་དགེ་བསྐོས་དཔལ་ལྡན་རྒྱ་མཚོ་ལགས་སུ་ལོ་བདུན་གྱི་ཁྲིམས་ཐག་བཅད་ཀྱང་། རྗེས་སུ་ལོ་གཅིག་ཆག་ཡང་བཏང་སྟེ་ད་བར་ལོ་ངོ་ཧྲིལ་བོ་ ༦ རིང་བཙོན་ཁང་དུ་བཞུགས་དགོས་བྱུང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese