མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་སྐུ་ཚབ་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཡཱང་ཇེ་ཁྲི་དང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཌོ་ཝལ་ལ་ཐུག་འཕྲད་བྱས་ཏེ་ས་མཚམས་རྩོད་རྙོག་སྐོར་ལ་གྲོས་མོལ་བྱས་ཡོད་འདུག

ཁ་སང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འགན་འཛིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཡཱང་ཇེ་ཁྲི་ (Yang Jiechi)ནང་སྐོར་སྐྱོད་བྱས་ཏེ། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཌོ་ཝལ་ (Dr.Ajit Kumar Doval)དང་རྒྱ་གར་བར་གྱི་ས་མཚམས་རྩོད་ཉོག་དང་། འདི་ལོར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་ནག་ནང་སྐོར་སྐྱོད་གནང་ཕྱོགས་བཅས་ཀྱི་ཐད་གྲོས་མོལ་བྱས་ཡོད་འདུག

རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་བརྒྱུད་ལམ་ཐོག “རྒྱལ་ཁབ་གཉིས་ཀྱིས་འདས་པའི་གྲོས་མོལ་ལ་གཞིགས་ཏེ་མ་འོངས་པར་གཉིས་ཕན་གྱི་ཁ་ཕྱོགས་བཟང་པོ་ཞིག་གཏོད་དགོས་པར་བརྟེན། ཐོག་མར་ས་མཚམས་ཁུལ་དུ་བརྟན་ལྷིང་ཡོང་བ་བྱས་ནས་དཀའ་རྙོག་སེལ་དགོས་སྟབས། ད་ཐེངས་སྐུ་ཚབ་རྣམ་གཉིས་ཀྱིས་ས་མཚམས་ཁུལ་དུ་སིམ་འཛུལ་མི་བྱ་བའི་གྲོས་མཐུན་བཞག་ཡོད”ཅེས་དང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས། “ས་མཚམས་རྩོད་ཉོག་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་ཡོང་མིན་གྱི་བཀག་རྡོ་དེ་ཆགས་ཡོད་སྟབས། ད་ལྟ་ཕྱོགས་གཉིས་པོས་ཕན་ཚུན་འཁང་ར་བྱེད་རེས་མ་བྱས་པར་མཉམ་རུབ་ཐོག་བཀག་རྡོ་དེ་མེད་པ་བཟོ་དགོས”ཞེས་བསྒྲགས་འདུག

དེ་རིང་རོའུ་ཌར་གསར་ལམ་ཐོག་རྒྱ་དཀར་ནག་གི་ས་མཚམས་རྩོད་ཉོག་སྐོར་འཁོད་དོན། འདི་ནི་ནཱ་རེན་ཌ་མུ་དྷེ་རྒྱ་གར་གྱི་སྲིད་བློན་ཆགས་རྗེས་ཀྱི་རྒྱ་ནག་དང་ས་མཚམས་སྐོར་ལ་གྲོས་མོལ་བྱས་པ་ཐོག་མ་ཡིན་པ་མ་ཟད། ཁོང་འདི་ལོར་པེ་ཅིན་དུ་འགྲོ་སྐྱོད་བྱེད་མིན་གྱི་འགག་རྩ་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ཀྱིས་ས་མཚམས་ཁུལ་དུ་བརྟན་ལྷིང་ཡོང་ཐབས་བྱས་ཏེ། འབྲེལ་ལམ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད་ཀྱང་། དབྱིན་ཡུལ་གྱིས་རྒྱ་གར་བཟུང་སྐབས་རྩོད་ཉོག་འདི་བཟོས་པ་ཞིག་ཡིན་སྟབས། ༡༩༦༢ ལོར་རྒྱ་དཀར་ནག་གཉིས་བར་སྤྱི་ལེ་ ༣༥༠༠ ཙམ་གྱི་ས་མཚམས་རྩོད་རྙོག་བྱུང་སྟེ་དམག་འཐབ་བྱས་ཡོད། དེ་བཞིན། རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་བྱང་ཤར་ཁུལ་གྱི་ཀི་ལོ་མི་ཌར་གྲུ་བཞི་མ་ ༩༠༠༠༠ དང་། ཨག་སེ་ཅེན་ (Aksai Chin) ཁུལ་གྱི་ཀི་ལོ་མི་ཌར་གྲུ་བཞི་མ་ ༣༨༠༠༠ ཙམ་རྒྱ་ཁོངས་ཡིན་ཞེས་བདག་དབང་རྩོད་བཞིན་ཡོད་པ་མ་ཟད། འདས་ལོའི་ཟླ་ ༩ ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱེད་སྐབས། རྒྱ་ནག་མཐའ་སྲུང་དམག་མིས་རྒྱ་གར་བྱང་ཤར་ས་ཁུལ་ཁག་གཅིག་ནང་སིམ་འཛུལ་བྱས་ནས་རྒྱ་གར་ལ་འཇིགས་སྐུལ་བྱས་ཡོད་སྟབས། ཕན་ཚུན་གུ་བཤངས་མ་བྱས་ཚེ་མ་འོངས་པར་གྲོས་མོལ་ག་ཚོད་བྱས་ཀྱང་ཐག་གཅོད་ཡོང་ རྒྱུ་ཁག་པོ་ཆགས་ཡོད་ཅེས་བཀོད་འདུག

རྒྱ་ནག་གི་ཤིན་ཧྭ་གསར་ལམ་ཐོག་ཆེད་བརྗོད་སྤེལ་བ་ཞིག་ནང་། “ད་ཐེངས་རྒྱལ་ཁབ་གཉིས་ཀྱིས་ས་མཚམས་རྩོད་ཉོག་ཞི་འཇགས་མ་བྱུང་བར་ས་མཚམས་ཁུལ་དུ་བརྟན་ལྷིང་དང་། རྒྱལ་སྤྱི་དང་མངའ་ཁུལ་གྱི་གནད་དོན་ཐད་མཉམ་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་གཙོས། ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་འབྲེལ་ལམ་གོང་མཐོར་གཏོང་རྒྱུ་ནི་ད་ལྟའི་དུས་ཚོད་ཀྱི་དགོས་མཁོ་གལ་ཆེན་ཞིག་ཆགས་ཡོད”ཅེས་བརྗོད་འདུག

ནེ་རུ་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་གནད་དོན་ཆེད་མཁས་པ་ཤེར་ཁཱན་ཌི་ (Srikanth Kondapalli ) ཡིས་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གནད་དོན་ནི་ལོ་རྒྱུས་ཐོག་གི་དཀའ་རྙོག་གལ་ཆེན་ཞིག་ཆགས་ཡོད་སྟབས། རྒྱལ་ཁབ་གཉིས་པོས་བསམ་ཤེས་བྱས་ནས་འགྲིག་འཇགས་མ་བྱས་ཚེ། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་དམག་འཐབ་འབྱུང་སྲིད་པ་ཞིག་ཡིན་སྟབས། ད་ཐེངས་གྲོས་མོལ་འདི་བརྒྱུད་ཆུ་མ་ཤོར་གོང་ནས་ཆུ་རགས་བརྒྱབ་སྟེ། མ་འོངས་པར་དཀའ་རྙོག་འདི་སེལ་ཐུབ་པར་ཡིད་ཆེད་བྱེད་བཞིན་ཡོད་ཅེས་སོགས་བསམ་ཚུལ་སྤེལ་འདུག

དེ་རིང་ཡཱང་ཇེ་ཁྲི་ཡིས་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་ཐུག་སྟེ། ཚོང་དོན་དང་རྒྱལ་སྤྱི་རྒྱལ་ནང་གི་གནད་དོན་ཁག་ལ་རྒྱལ་ཁབ་གཉིས་པོས་མཉམ་ལས་གོང་འཕེལ་གཏོང་ཐབས་དང་། རྒྱ་གར་ལ་ཚོང་འབྲེལ་ཐོག་གྱོང་གུད་རག་ཡོད་པ་བཅས་ཀྱི་ཐད་གྲོས་མོལ་གནང་ཡོད་ འདུག

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཞི་བའི་གྲོས་མོལ་དོན་ལྡན་འོངས་བར་ཤོག

    Reply
  2. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    བ་བསྐམ་པོ་ལ་འོ་མ་བཞོས། དོན་རྒྱུ་མེད་པར་འུ་རེ་ཐུག
    ཚིག་བསྐམ་པོ་ཡིས་སྐད་ཆ་བཤད། འགྲུབ་རྒྱུ་མེད་པར་རྙོགས་གྲ་མང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese