དེ་རིང་ཕྱི་དྲོར་སྤྱི་འཐུས་གྲོས་ཚོགས་ནང་ཨེ་ཤ་ཡ་ཁུལ་དུ་སྤྱི་འཐུས་གཅིག་གི་ཐོབ་ཐང་གཏན་འབེབས་གནང་སོང་ལ། ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་རྒྱུ་དེ་གཏན་འབེབས་ཐུབ་མ་སོང་།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་པ་སྟེ། དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥།༣༠ སྟེང་སྤྱི་འཐུས་གྲོས་ཚོགས་ནང་། ཇོ་ནང་ལ་ས་དགེ་བཀའ་རྙིང་བོན་བཅས་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ལྟར་སྤྱི་འཐུས་ ༢ དང་། ཨོ་སི་ཊོ་ལེ་ཡ་དང་ཨེ་ཤ་ཡ་(australasia)ཁུལ་དུ་སྤྱི་འཐུས་ ༡ གི་ཐོབ་ཐང་སྤྲོད་མིན་གྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་ ༡༨ པའི་ཐོག་བགྲོ་གླེང་གནང་མཐར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་རིགས་ལ་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སི་ཊི་ལེ་ཡ་དང་ཨེ་ཤ་ཡ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་རྒྱུར་སྤྱི་འཐུས་ ༢༩ ཡིས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་ཡོད་པ་དང་། ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་ ༡༧ ལས་མ་བྱུང་བས་འོས་གྲངས་མ་ལོན་པའི་གནས་སྟངས་འོག་གཏན་འབེབས་ཐུབ་མེད།
གཞན། ཁྲིམས་འཆར་ཡིག་ཆ་དེའི་ནང་གི་གནད་དོན་གཞན་གཉིས་ཀྱི་ཚིག་དོན་ལ་བསྐྱར་བཅོས་བཏང་ཡོད་པ་ནི། དེ་སྔོན་བྱང་ཨ་རིའི་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པ། བྱང་ཨ་རི་དང་། ལྷོ་ཨ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས་དང་། དེ་སྔོན་ཡུ་རོབ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པ། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས་གནང་སོང་།
སྤུན་ཟླ་ཚོ་ཆོས་ལུགས་ཀྱི་ཕྱོགས་ཞེན་སྤང་ནས་ཕྱོགས་རིས་མེད་པའི་དགེ་སེམས་བཅང་ནས་མདུན་ཕྱོགས་སུ་བསྐྱོད་དགོས་པ་ལས་དེ་མིན་ང་དང་ང་ཞེས་འབོད་ན་དེས་མི་བུ་ཐམས་བཅད་ཀྱི་མཐུན་སྒྲིལ་གཏོར་གཤིག་བྱེད་ཀྱི་ཡོད་པ་མཁྱེན་དགོས། མ་གཞི་ནས་ཆོས་བརྒྱུད་སྤྱི་མཐུས་མང་དྲག་འདུག་པ་ལས་ཉུང་དྲག་མིན་འདུག དང་ཐོག་ཆོས་བརྒྱུད་རེ་ལ་སྤྱི་མཐུས་གཅིག་བཟོ་དགོས་ལ་དེ་ནས་རིམ་བཞིན་མེད་པ་བཟོ་དགོས། ཆོལ་གསུམ་སྤྱི་མཐུས་དེ་སྔར་བཞིན་དགོས་པ་དང་དེ་མིན་རྒྱང་ཐང་རིང་བའི་ས་ཁུལ་ཁག་ནས་སྤྱི་མཐུས་ཁ་ཤས་རེ་ཡོད་ན་དགེ་ཕན་ཆེ། གྲ་པ་ཚོས་བོད་སྤྱི་འབངས་སྐྱོང་མ་ཐུབ་ན་གནོད་མ་སྐྱེལ་རོགས། གྲ་པ་ཆོས་ལུགས་རིས་མེད་ཀྱི་བསམ་བློ་འཁྱེར་མཁན་ཚོར་དགའ་བསུ་ཡོད།
ཆོས་བརྒྱུད་སྤྱི་འཐུས་ཟེར་བ་བོད་ལྗོངས་ཆོལ་ཁ་གསུམ་གཏོར་བྱེད་ཀྱི་འགད་རྫས་ཤིག་ལས་བོད་མིའི་མཐུན་སྒྲིལ་གོང་མཐོར་གཏོང་བའི་མཐུན་གྲོགས་སུ་མི་འགྱུར་བ་ལོ་རྒྱུས་ཀྱི་བབ་ལ་བལྟས་ན་ཤེས་ཀྱི་འདུག ད་ནས་བཟུང་། ད་ལྟའི་གྲོས་ཚོགས་ནང་གི་གྲྭ་གཟུགས་ཁྱིམ་པ་དེ་ཚོ་ཕྱིར་འབུད་རྒྱག་པའི་ལས་འགུལ་བའི་དུས་ལ་སླེབས་འདུག བཀའ་སྡུག་ཉེན་འཕྲེང་བའི་སྐབས་སུའང་དགྲ་དགའ་གཉེན་སྡུག་གི་ལས་ལ་བརྩོན་པའི་ཆོས་བརྒྱུད་སྤྱི་འཐུས་ཚོ་རྐུན་རྒྱབ་ཇག་ལངས་བྱས་ཏེ་སྤྱི་ཚོགས་ཟང་ཟིང་དང་མཐུན་སྒྲིལ་ལ་གནོད་ཅི་ཙམ་བསྐྱལ་ཡོད་མེད། སྤྱི་ཆོགས་དྲ་བ་ཁག་ལ་གཟིགས་དང་ཤེས་ངེས་རེད། གྲྭ་གཟུགས་ཁྱིམ་པ་རྣམས་ཕམ་པར་རྒྱོབ། བོད་མིའི་མཐུན་སྒྲིལ་ཁྲི་ལོ་ཤོག བོད་རྒྱལ་ལོ།
སྤྱིར་རང་ཉིད་ལ་རྒྱལ་བ་ཇོ་ནང་པའི་འབྱུང་ཁུངས་གསལ་པོ་ཞིག་ཞུ་རྒྱུ་མེད་མོད། ཡིན་ནའང་ཆོས་བརྒྱུད་དེའི་འབྱུང་ཁུངས་ས་སྐྱ་ཡིན་པའི་རྒྱུ་མཚན་གྱིས། ལོགས་སུ་མི་དགོས་གསུང་ན། འོ་ན་དགེ་ལུགས་པའི་ཆོས་བརྒྱུད་དེ་བསྡུ་གསོག་བརྒྱབ་རན་འདུག དེའི་འབྱུང་ཁུངས་ཡང་ས་སྐྱ་དང་བཀའ་བརྒྱུད་པ་ཡིན་པའི་ཕྱིར་ཟེར་ན་རྟགས་དེ་ག་འདྲ་ཞིག་འགྲོ་ས་རེད།?
བོད་ལ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནི་ཡོངས་སུ་གྲགས་པའི་ཆོས་ལུགས་དང་ཆོས་བརྒྱུད་རེད། འོན་ཀྱང་དེང་གི་ཆར་ཆོས་ལུགས་བྱེ་བྲག་པ་ག་ཚད་ཐོན་ཡོང་ན་སྤྱི་འཐུས་ཀྱི་རྐུབ་སྟེགས་ཞིག་སྤྲད་བཞག་ན་མ་འོས་པ་མེད། དེ་འདྲ་སོང་ཙམ་སྒྲུབ་ཤིང་རྟ་བརྒྱད་ཀྱི་ཆོས་བརྒྱུད་བརྒྱད་ལ་གཉིས་རེ་བྱེད་ནས་་ ༡༦ དང་། ཡང་བོན་ལའང་ཐེག་པ་རིམ་པ་དགུའི་ཆོས་ལུགས་ཡོད་གྲགས། དེ་འདྲ་བོན་ཐེག་པ་རིམ་དགུ་ལ་རྐུབ་སྟེགས་གཉིས་རེ་བྱས་པའི་ ༡༨ སྤྲད་ན་ཡག་པོ་འདུག ཁ་ཆེ་དང་། ཡེ་ཤུ་སོགས་ཡིན་གདའ་ཡིན། ཇོ་ནང་ལ་ཡིན་གདའ་ཡིན། ཤིང་རྟ་གཅིག་རེད་བ། ངས་བལྟས་ན་བོན་པོ་དེ་ཚོ་ཁ་བཙུམ་ནས་བསྡད་བཞག་པ་རེད་མ་གཏོགས་ཁོ་ཚོ་ལ་བོན་བརྒྱུད་ཆེན་པོ་ཏན་ཏན་ལྔ་དྲུག་ཡོད་རྒྱུ་རེད། བན་བོན་གཉིས་ཆོས་ལུགས་གཉིས་རེད། ཆོས་ལུགས་རེ་ལ་ཆོས་བརྒྱུད་མི་འདྲ་བ་མང་པོ་ཡོད་ངེས་རེད། ཧཧཧཧཧཧཧཧ། དེ་ནས་བོན་པོ་དེ་ཚོ་ལ་རྐུབ་སྟེགས་མང་པོ་རགས་ས་རེད། དེ་ནས་སྐྱག་པ་ཤོར་ཤོར་བཟོ་ངེས་རེད། ད་ཆ་བོན་པོ་ལ་སྤྱི་འཐུས་གཅིག་མ་གཏོགས་མེད་ནང་། གཅིག་པོ་དེས་ཚང་མ་སྐྱག་པ་ཤོར་ཤོར་བཟོ་གི་འདུག་བ། མང་པོ་བྱུང་ན་དེ་ནས་མྱོང་སོང་། ཧཧཧཧཧཧཧཧཧཧཧ། མ་གཞི་གལ་ཡོད་མ་རེད། བོན་པོ་ནི་ང་རང་བོད་པ་ཚང་གི་ཆོས་ལུགས་ངོ་མ་དེ་རེད་བ།
ཇོ་ནང་སེར་སྐྱ་མི་དམངས་ལ་སྤྱི་འབངས་ཀྱི་ཐོབ་ཐང་ཡོད་དགོས་པ་ཁྲིམས་དང་སྒྲིག་འཛུགས་གང་ལའང་འགལ་མི་འདུག
བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་དམིགས་རྡོག་རྡོག་པོ་འདི་ལས་ལྷག་ཅིག་ཡོད་ན་དགའ་གུས་ཀྱིས་བརྩི་སྲུང་ཞུ་ངེས།
ཇོ་ནང་སེར་སྐྱ་མི་དམངས་ལ་སྤྱི་འབངས་ཀྱི་ཐོབ་ཐང་ཡོད་དགོས་པ་ཁྲིམས་དང་སྒྲིག་འཛུགས་གང་ལའང་འགལ་མི་འདུག
བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་དམིགས་རྡོག་རྡོག་པོ་འདི་ལས་ལྷག་ཅིག་ཡོད་ན་དགའ་གུས་ཀྱིས་བརྩི་སྲུང་ཞུ་ངེས།
ཇོ་ནང་བ་ཆོས་བརྒྱུད་རང་ཚུགས་ཐུབ་པ། བསྟན་པ་དང་འགྲོ་བའི་དོན་དུ་གཅིག་ཏུ་གཞོལ་བ་ཞིག་ཡིན་ན་དེས་ཆོག་པ་ལས། རྙོག་དྲའི་མགོ་ཁུངས་ཆབ་སྲིད་གྲོས་ཚོགས་ནང་འཚང་ཁ་བརྒྱབ་ནས་ག་རེ་བྱེད་ག སྤྱི་འཐུས་མེད་ན་ཇོ་ནང་བ་ཕམ་སོང་བ་དང། ཐོབ་ཐང་མ་རེག་པ་ག་རེ་ཡོད་རེད། ཡོད་ནའང། ཕན་ཐོགས་ག་རེ་ཡོད་པ་རེད། ༧རྗེ་བཙུན་ཏཱ་ར་ན་ཐ་མཁྱེན། སྐལ་བ་སྙིགས་མའི་རང་མདངས་གསལ་བོ་ཤར་མི་འདུག་གམ། ཀྱེ་ཧུད།
དངོས་གནས་བློ་ཕམ་རེད། ད་ལྟ་བར་ཆོས་ལུགས་སྤྱི་འཐུས་ཚོས་རང་ཉིད་ཀྱི་རྐུབ་སྟེགས་སྟེང་དུ་མ་སྡད་པར་ཆོལ་ཁའི་སྟེང་དུ་བབ་ཏེ་ལས་དོན་མང་པོར་འཐུས་ཤོར་བཏང་ཡོད་ལ་ཆོལ་ཞེན་ཕྱོགས་ལྷུང་ཅན་གྱི་ཆོས་ལུགས་སྤྱི་འཐུས་ཚོས་མ་རབས་ཀྱིས་སྐད་ཆས་གྲོས་ཚོགས་ཟང་ཟིང་བཟོས་ཏེ་དགྲ་དགའ་གཉེན་སྡུག་བཟོས་པ་ཉུང་ཉུང་རྩ་བ་ནས་མིན། སྤྱིར་ཆོས་ལུགས་སྤྱི་འཐུས་བོང་ཁོག་དེ་ཚོ་དགོས་ཡས་རྩ་བ་ནས་ཡོད་མ་རེད། གལ་ཏེ་གྲོས་ཚོགས་རྭ་བའི་ནང་ཟིང་ཆ་སློང་མཁན་གྱི་བོང་ཁོག་དེ་ཚོ་བཞགས་ཀྱི་ཡོད་ན། རྒྱལ་བ་ཇོ་ནང་པའི་སྐུ་ཚབ་སྤྱི་འཐུས་ལོད་དགོས། གྲོས་ཚོགས་ཟང་ཟིང་བཟོ་མཁན་ཆོལ་ཞེན་གྱི་གཟི་བའི་བོང་ཁོག་བསྟན་པ་ཡར་འཕེལ་དང་། ཚེ་རིང་པོ་ལ་སོགས་པའི་དེང་དུས་ཤེས་ཡོན་མེད་པའི་ལྟས་ངན་དེ་ཚོའི་བྱེད་སྟངས་ལས་ཆོས་ལུགས་སྤྱི་འཐུས་ལ་ཞེན་པ་ལོག་སོང་། གལ་ཏེ་ཆོས་ལུག་སྤྱི་འཐུས་དགོས་ན་བོད་བསྟན་པ་ཆབ་སྲིད་ལ་ཐུགས་བསམ་བཞེད་མཁན་བཀུར་འོས་བོན་པོའི་སྤྱི་འཐུས་སྐུ་ངོ་སྨོན་ལམ་མཐར་ཕྱིན་ལྟ་བུ་ཡོད་དགོས། ང་ཚོས་གྲོས་ཚོགས་ཐད་སྲིང་སོགས་ལས་ཚང་མ་གསལ་པོ་ཤེས་ཀྱི་འདུག ཇོ་གནང་བའི་སྤྱི་འཐུས་བཀག་ཕྱོགས་ལ་ཆོལ་ཞེན་ཅན་གྱི་བོང་ཁོག་མགོ་རིལ་ཚོས་ཆོལ་ཁའི་སྟེང་དུ་བབ་ཏེ་གྲོས་ཚོགས་རྭ་བའི་ནང་དུ་མདོ་སྨད་ཀྱི་མི་མང་དུ་འགྲོ་ཉེན་གྱི་བཀག་པ་ཕྱི་གསལ་ནང་གསལ་རེད། སྤྱི་འཐུས་རྒྱུན་ལས་ནས་ཐག་ཆོད་གང་འདྲ་ཞིག་གནང་རུང་བོང་ཁོག་མགོ་རིལ་ཚོས་ཆོལ་ཁའི་སྟེང་དུ་བབ་པའི་རྒྱུ་མཚན་གྱིས་ད་ལྟ་བར་དུ་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ལ་སྐུ་ངལ་ཚད་མེད་བཟོས་ཡོད། མདོར་བསྡུས་ན། ད་ལྟ་བར་དུ་ཆོས་ལུགས་སྤྱི་འཐུས་ཀྱིས་བོད་བསྟན་པ་ཆབ་སྲིད་ལ་ཕན་པ་ལས་གནོད་པ་མང་ངོ། ཆོས་ལུགས་སྤྱི་འཐུས་དེ་ཚོ་ཆོལ་ཁ་ག་རེ་ཡིན་མིན་ཞེན་ཁོག་ག་ཚོད་ཡོད་མེད་ཚང་མས་གསལ་པོ་ཤེས་དགོང་ངེས་སོ།
ངས་ཀྱང་། གྲོས་ཚོགས་ཀྱིས་ཐག་གཅོད་ལ་རྒྱབ་སྐྱོར་གཙང་མ་ཡོད།
གྲོས་ཚོགས་ཀྱིས་ཐག་གཅོད་ལ་རྒྱབ་སྐྱོར་གཙང་མ་ཡོད། ད་ནི་ང་ཚོ་ལུང་ཚན་ཆོས་ཚན་གྱིས་བཀར་བ་དབྱེ་བ་བྱེད་པའི་དུས་ཚོད་ཡོལ་ཟིན། ད་དུང་རིམ་བཞིན་ཆོས་བརྒྱུད་སྤྱི་འཐུས་ཡོད་བཞིན་པ་དག་ཀྱང་ཕྱིར་བསྡུ་དགོས་པར་མ་ཟད། ཆོལ་ཁའི་སྤྱི་འཐུས་བླུགས་སྲོལ་ཡོད་པ་འདིའང་ཕྱིར་བསྡུ་གནང་སྟེ། ཆོལ་ཁ་ཆོས་ལུགས་ཀྱི་ས་མཚམས་ལས་བརྒལ་བའི་བོད་མི་སྤྱི་ལ་དབང་བའི་སྤྱི་འཐུས་ཁེ་གཙང་གིས་གྲོས་ཚོགས་ར་བ་བཀང་ཡོང་བའི་རེ་བ་ཆེའོ།།
དྲང་མོ་ཞིག་མཐོང་མ་སོང་་་་སྤྱིར་བཏང་གྲོས་ཚོགས་ར་བའི་ནང་དུ་ཆོས་རྒྱུད་སྤྱི་འཐུས་ཤིག་དགོས་པ་མི་འདུག་་་་གྲྭ་བ་ཚོ་སོ་སོའི་ཆོལ་གའི་ཁོངས་སུ་འོས་ཤོག་བླུགས་བཞིན་ཡོད་པས་ཐོབ་ཐང་གཉིས་སྤྲད་དགོས་དོན་མེད་་་་སྤྲོད་དགོས་ན་རྒྱལ་བ་ཇོ་ནང་པ་ཚང་ལའང་དེ་མཚུངས་སུ་སྤྲོད་དགོས་རེད་་་་ཡིན་ནའང་ཡོད་ཚད་ཕྱོགས་ལྷུང་གི་དབང་དུ་སོང་ནས་གཅིག་རྒྱབ་གཅིག་གིས་མནན་ནས་མཐར་བྱ་བ་འདི་འདྲ་ཞིག་ལ་གཏུགས་པ་རེད་་་་རྒྱལ་ཁབ་མེད་སའི་ཚོགས་སྡེ་ཞིག་ལ་རེ་བ་ཕུལ་ན་འདི་ལས་ཡོང་རྒྱུ་ཡོད་པ་མ་རེད་་་
ཇོ་ནང་བ་ཚོར་འདོད་པ་མེད་བཞིན་དུ་ས་སྐྱ་བ་ཚོས་ཨུ་ཚུགས་འདི་འདྲ་བྱེད་དགོས་དོན་ཅི་ཡིན་ནམ། ཇོ་ནང་བ་ཚོ་ལོགས་སུ་གྱར་ན་ས་སྐྱ་པར་གྱོང་གུན་ཅི་ཡོད། འདི་ཚོ་ནི་དངོས་པོའི་གཤིས་ལུགས་ཡིན་པས། ཆོས་འཇིག་རྟེན་གང་ནས་ཀྱང་འཐད་པ་ཞིག་རེད།
ད་དུང་གྲོས་ཚོགས་ར་བ་འདིའི་ནང་དགོས་མེད་ཀྱི་ཆོས་རྒྱུད་སྤྱི་མཐུས་ནམ་གནས་ཀྱི་བར། ཇོ་ནང་ལའང་ཐོབ་ཐང་ལོས་ཡོད། གལ་ཏེ་བོད་པ་ཁ་ཆེ་བ་སོགས་ལ་འདོད་མོད་ཡོད་ན། ཁོང་ཅག་ལའང་ཐོབ་ཐང་དེ་ལོས་ཡོད།
དེ་རིང་རང་དང་ལས་དབང་གཅིག་པའི་མི་འབུམ་ཕྲག་ཏུ་མ་བློ་ཕམ་ངང་གནས་ཡོད། ནམ་ཡང་ང་ཚོས་རང་ཉིད་ཀྱིས་ཡིད་ཆེས་དང་བསྟོད་པ་བྱེད་སའི་གྲོས་ཚོགས་འདི། བསམ་བློ་མེད་པའི་མུན་ནག་གིས་བཟུང་འདུག་ལ། ཕྱོགས་འཐེན་ངན་པས་རུལ་སུངས་དུ་གྱུར་འདུག བོད་ཕྱི་ནང་གི་རེ་བ་དང་ཞུ་ཡིག་སྟོང་ཕྲག་བརྒལ་ཙམ་སྣང་མེད་དུ་བཞགས་སོང་། རྒྱུ་མཚན་གང་ཞིག་གིས་ཉམས་ཆུང་ནང་ཁུལ་ནས་གཉའ་གནོན་དང་འདྲ་མཉམ་གྱི་རང་དབང་ཕྲོག་དགོས་རེད། ཁ་སེམས་མཐུན་པའི་བོད་པ་ཚོ། ངེས་པར་དུ་སྡུག་ཉིས་བརྩེགས་ཁུར་བའི་ཇོ་ནང་བ་ཚོར་རྒྱབ་སྐྱོར་བྱོས་དང་། ང་ཚོས་འདྲ་མཉམ་གྱི་ལམ་ནས་རང་དབང་རྩོད་ཆོག
དེ་རིང་གྲོས་ཚོགས་ཀྱི་ཐག་གཅོད་དེར་བློ་ཕམ་ཚད་མེད་སྐྱེས་སོང་། བོད་གཞིས་བྱེས་གཉིས་ཀྱི་དཔལ་རྒྱལ་བ་ཇོ་ནང་བ་ཡོངས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་གནས་ཚུལ་ཞིག་དེ་རིང་གྲོས་ཚོགས་ནས་རིན་ཐང་ཅི་ཡང་མེད་པའི་ངོ་བོའི་ཐོག་ཁྱུར་མིད་བཏང་སོང་། བློ་ཕམ་དང་ཡིད་ཆད་ཚད་མེད་སྐྱེས་སོང་།