མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟང་སྤྱོད་ཀྱི་འགན་དང་སེམས་ཁུར་གྱི་ཐོབ་ཐང་ཡོད།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཟླ་བ་འདིའི་ནང་བོད་དུ་རང་ལུས་མེར་བསྲེགས་གནང་མཁན་གཉིས་བྱུང་སོང་། གཅིག་ཁམས་དཀར་མཛེས་བྲག་མགོའི་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་དང་། གཞན་དེ་ཨ་མདོ་རྔ་པ་ཨ་འདུས་ཀྱི་གནས་སྐྱབས་ལགས་གཉིས་རེད། ང་ཚོ་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་རང་སྲེག་གི་གྲངས་ཀ་རྩིས་ཏེ་འདུག་མི་རུང་ལ། མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་ཙམ་གྱིས་འདོད་པ་ཁེངས་ཏེ། བབ་བསྟུན་གྱི་ལས་འགན་ཡོངས་སུ་འགྲུབ་ཡོད་བསམ་ནས་སྡོད་མི་རུང་།

སྤྱིར་བཏང་བོད་ནང་གི་རང་ལུས་མེར་བསྲེགས་དེ་བོད་མི་ཚོའི་རང་རྟོགས་ཀྱི་ལས་འགུལ་ཞིག་ཡིན་ལ། བཀོད་བྱུས་དང་ཚོད་འཛིན་བྱེད་པའི་དབང་ཚད་སུ་ལའང་མེད་སྐོར་གླེང་གི་ཡོད་མོད། ཁོང་ཚོ་དང་ང་ཚོ་ཤ་ཁྲག་གཅིག་པའི་བོད་མི་ཞིག་ཡིན་པ་དང་། ཁོང་ཚོའི་ལས་འགུལ་དེའང་ང་ཚོ་ཐུན་མོང་གིས་རྩོད་བཞིན་པའི་རྩ་དོན་དེ་ཡིན་པའི་ངོས་ཐད་ནས། ཕྱི་ཕྱོགས་ཀྱི་བོད་མིའི་སྒྲིག་འཛུགས་དང་ཚོགས་སྡེ་ཁག་ལ་བོད་ནང་གི་རང་སྲེག་ལ་ཐེ་གཏོགས་བྱེད་དགོས་པའི་བཟང་སྤྱོད་ཀྱི་འགན་དབང་ཡོད་ལ། སེམས་འཁུར་ལེན་དགོས་པའི་སྐྱིད་སྡུག་མཉམ་མྱོང་གི་ཐོབ་ཐང་ཡང་ཆ་ཚང་ཡོད།

བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་པའི་ཉི་མ་དེ་ཕྱི་ཟླ་ ༤ ཚེས་ ༨ ཉིན་ཡིན་ཡང་། གནས་ཚུལ་གསར་ལམ་ཁག་ཏུ་ཚེས་ ༡༠ ལས་ཐོན་ཐུབ་མེད། དེ་བཞིན། རྔ་པའི་ཕོ་གསར་གནས་སྐྱབས་ལགས་ཀྱིས་ཚེས་ ༡༦ ཉིན་རང་ལུས་མེར་བསྲེགས་གནང་ཡང་གནས་ཚུལ་ཕྱི་ལོགས་སུ་ཐོན་པ་ཚེས་ ༡༧ ཉིན་རེད། རང་སྲེག་གི་གནས་ཚུལ་ཁ་ཤས་ཟླ་བ་འགའ་རེའི་རྗེས་སུ་མ་གཏོགས་ཕྱི་ཕྱོགས་སུ་ཐོན་ཐུབ་མེད། ཁོར་ཡུག་གི་ཐད་ནས་ཀྱང་ཐེངས་འདིར་གནས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཡུལ་དེ་རང་ཁྱིམ་ར་བ་ཆགས་འདུག

བོད་མིའི་རང་སྲེག་ལས་འགུལ་ཆེན་མོ་འདི་ཐོག་མ་བྱུང་སྐབས། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་གང་འཚམ་བྱུང་ཡོད་ལ། བོད་པའི་སྤྱི་ཚོགས་ཀྱིས་ཀྱང་ཧང་སང་སང་དང་ཧ་ལས་ལས་བྱས་ཡོད། ཨ་རིའི་གྲོས་ཚོགས་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་རེ་ཟུང་དང་ཚོགས་སྡེ་འགའ་རེས་རྒྱབ་སྐྱོར་གྱི་རྣམ་པའི་བསྒྲགས་གཏམ་སྤེལ་ཡོད་ཀྱང་། ད་ལྟ་རྒྱལ་སྤྱིའི་དོ་སྣང་ཆུང་དུ་སོང་ཡོད་པ་དངོས་ཡོད་ཡིན་ལ། བོད་རང་གི་སྤྱི་ཚོགས་ནང་དུའང་དོ་དབྱིངས་བརླགས་ཏེ་གནས་ཚུལ་ཁྱབ་བརྡལ་གྱི་འགྲོས་ཀྱང་ཇེ་དལ་དུ་སོང་འདུག

ད་སྔ་བོད་ནང་རང་ལུས་མེར་བསྲེགས་རེ་བྱུང་སྐབས། ཉེ་འཁོར་གྱི་གྲོང་བ་ཁྱིམ་མཚེས་ཡོངས་རྫོགས་ཀྱིས་འདས་པོའི་ནང་མིར་སྐྱིད་སྡུག་མཉམ་མྱོང་དང་། ཚོང་ཁང་ཟ་ཁང་གི་སྒོ་བརྒྱབ་ནས་མྱ་ངན་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་ཤུགས་ཆེན་སྟོན་གྱིན་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་དང་གཡོ་བྱུས་སྣ་ཚོགས་འོག ནམ་ཞིག་བོད་ནང་དུའང་གྲངས་ཀའི་ངོ་བོར་གྱུར་ཏེ་གྲངས་འདྲེན་སྣ་ཚོཊ་འབྱུང་སྲིད་ལ། རང་སྲེག་གི་རྣམ་པ་ཡང་འདྲ་མིན་འཐོན་སྲིད། བོད་མིའི་རང་སྲེག་ལས་འགུལ་ཆེན་མོ་འདིའི་ཐད། ང་ཚོ་བཙན་བྱོལ་བོད་པ་ཚོས་བཟང་སྤྱོད་ཀྱི་འགན་དབང་དང་། སྐྱིད་སྡུག་མཉམ་མྱོང་གི་ཐོབ་ཐང་སྤྱད་དེ་བསྒྲུབ་འོས་པ་དང་། ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་མང་དག་ཅིག་ཡོད་པ་ལས། བོད་ནང་གི་རང་ལུས་མེར་བསྲེགས་དེ་གང་མགྱོགས་མཚམས་འཇོག་དགོས་པའི་ཞུ་སྐུལ་ནན་པོ་ཁ་གསལ་གོ་བདེ་ཞིག་གནང་རྒྱུ་དང་། ཡང་ན། བོད་ནང་གི་བློས་གཏོང་དེ་དང་མཐུན་པར་ཕྱི་ཕྱོགས་ནས་ཀྱང་གཞུང་དམངས་མཉམ་རུབ་ཀྱི་འགུལ་སྐྱོད་ཆེན་པོ་ཞིག་རྒྱག་དགོས་པ་ཁ་ཚ་དགོས་གཏུགས་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༤ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༤ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese