མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་མི་ ༢༠ རྐྱེན་འདས་དང་མི་ ༥༨ ལ་རྨས་སྐྱོན་ཕོག

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་དྷ་སའི་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བལ་ཡུལ་ས་ཡོམ་ཐད་མཆོད་འབུལ་སྨོན་ལམ་ཚོགས་པའི་སྟེང་སྲིད་སྐྱོང་མཆོག་གིས་བོད་ནང་མི་ ༢༠ ཙམ་རྐྱེན་འདས་སུ་སོང་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ པའི་སྟེང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་། ཕྱི་ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་ཚད་རིམ་ ༧།༩ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ཀར་གོད་ཆག་ཆེན་པོ་བྱུང་བའི་ཐད། མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་གྱིས་མཆོད་འབུལ་སྨོན་ལམ་ཞིག་ཚོགས་པའི་སྟེང་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲི་ཞུ་ལས་བྱེད། བཞུགས་སྒར་ཁུལ་གྱི་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། བོད་ཁྱིམ་སློབ་ཕྲུག་དང་ས་གནས་མང་ཚོགས་བཅས་མི་མང་ ༡༠༠༠ ལྷག་འདུ་འཛོམས་གནང་སོང་།

སྐབས་དེར་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་ནང་དོན། ད་རེབ་བལ་ཡུལ་གཙོས་པའི་རྒྱལ་ཁབ་བཞིའི་ནང་ས་ཡོམ་ཤུགས་ཆེན་པོ་བྱུང་ཡོད་པ་དང་། དེའི་ནང་བལ་ཡུལ་ཁྱིམ་མཚེས་རྒྱ་གར་དང་བྷང་ལ་ཌེ་ཞི། འབྲུག དེ་བཞིན་དུ་བོད་ནང་བཅས་ལ་ས་ཡོམ་རྐྱེན་གྱིས་མི་མང་པོ་འདས་གྲོངས་དང་། མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་པའི་ཐད་ཁ་སང་བཀའ་ཤག་ལྷན་ཚོགས་བྱས་ཏེ། ཕྱི་རྒྱལ་ཁག་གི་དོན་གཅོད་དང་ས་གནས་མགོ་འཛིན་ཚང་མས་འགན་ཁུར་ཏེ། བལ་ཡུལ་དང་འབྲེལ་བའི་ཐོག་རོགས་དངུལ་གནང་མཁན་ཡོད་ན་དོན་གཅོད་དང་ས་གནས་མགོ་འཛིན་གྱིས་འགན་འཁུར་དགོས་པའི་འབོད་སྐུལ་ཞུས་ཡོད། དེ་བཞིན། བལ་ཡུལ་ནང་ཡོད་པའི་དགོན་སྡེ་ཁག་དང་མི་མང་། སྐྱིད་སྡུག་ཁག་བཅས་ཀྱིས་ གང་ཐུབ་ཅི་ཐུབ་ཀྱིས་མཐུན་སྦྱོར་གནང་རྒྱུར་འབོད་སྐུལ་ཞུས་ཡོད་པ་མ་ཟད། བཀའ་ཤག་གིས་བལ་སྒོར་འབུམ་ ༢༠ ཙམ་བལ་ཡུལ་གཞུང་ལ་ངལ་སེལ་ཆེད་འབུལ་རྒྱུའི་གྲོས་ཐག་བཅད་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་ས་ཡོམ་གྱི་གནས་སྟངས་སྐོར་ངོ་སྤྲོད་གནང་དོན། དེ་རིང་འདིར་འཛོམས་དགོས་དོན་གཙོ་བོ་འདས་གྲོངས་སུ་ཕྱིན་པ་ཚོར་ཐུགས་སྨོན་གནང་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་པ་དང་། ནང་མི་སྤུན་ཆེད་ཚོར་གདུང་སེམས་མཉམ་སྐྱེ་བྱེད་བཞིན་ཡོད། གསར་འགྱུར་བརྒྱུད་ལམ་ཁག་གཞིར་བྱས་ན། བལ་ཡུལ་ནང་ལ་མི་ ༣༦༠༠ ལྷག་འདས་གྲོངས་དང་། མི་ ༦༥༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་པ་དང་། དེ་བཞིན། རྒྱ་གར་ནང་མི་ ༦༦ འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག བྷང་ལ་ཌེ་ཞི་ལ་མི་ ༤ འདས་གྲོངས་སུ་སོང་པའི་གནས་ཚུལ་འདུག

བློ་ཕམ་པ་ཞིག་ལ་བོད་ནང་སྐྱིད་གྲོང་དང་གཉའ་ལམ། དིང་རི་ཁག་ལ་ས་ཡོམ་དེའི་རྐྱེན་གྱིས་ཁང་པ་མང་པོར་གནོད་སྐྱོན་ཐེབས་པ་དང་། བོད་ནང་གི་མི་ ༢༠ འདས་གྲོངས་སུ་ཕྱིན་པ་དང་མི་ ༥༨ ལ་རྨས་སྐྱོན་བྱུང་པའི་གནས་ཚུལ་ཐོན་འདུག བལ་ཡུལ་ནང་དུ་ཡོད་པའི་བོད་མི་ཚོའི་གནས་ཚུལ་ར་འཕྲོད་པའི་ནང་དུ་མཆོད་རྟེན་བྱ་རུང་ཁ་ཤོར་ཁུལ་དུ་བཞུགས་མཁན་གཅིག་དང་། ས་མཚམས་ཁག་ཏུ་བཙུན་མ་གཅིག་བཅས་བལ་ཡུལ་ནང་ཡོད་པའི་བོད་མི་ ༢ འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་བྱུང་འདུག བལ་ཡུལ་གྱི་དགོན་པ་ཁག་དང་སློབ་གྲྭ་ཁག་ལ་སྐྱོན་ཏོག་ཙམ་བྱུང་ཡོད་ཀྱང་། སྐྱོན་ཆེན་པོའི་གནས་ཚུལ་དེ་འདྲ་བྱུང་མི་འདུག ཅེས་གསུངས་སོང་།

གཞན། དེ་རིང་གཙུག་ལག་ཁང་གི་ཕྱི་ལོགས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཞལ་འདེབས་བསྡུ་སློང་བྱས་ཏེ་རོགས་སྐྱོར་ལས་འགུལ་སྤེལ་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༥ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 2

  1. ཁྲི་འགྱུར་མེད་རྡོ་རྗེའི་ཟིན་བྲིས། says:
    ལོ་ 11 སྔོན།

    སྐབས་འདིར་བར་ཡུལ་དུ་ས་ཡོམ་གྱི་གོད་ཆག་ལ་རོགས་དངུལ་ཕོན་ཆེ་ཤོས་དེ་སུས་གནང་ངམ།

    Reply
  2. arya says:
    ལོ་ 11 སྔོན།

    བོད་ནང་བློ་ཕམ་གྱི་གནས་ཚུལ་བྱུང་ཡོད་པ་དངོས་ཡོད་ཡིན། གཞུང་ངོས་ནས་དེ་དག་ལ་རོགས་རམ་བྱེད་རྒྱུར་འབད་བརྩོན་བྱེད་དགོས།
    https://www.facebook.com/UNFFT
    ཁྱེད་ཀྱི་གོང་གསལ་གྱི་གློག་བརྙན་ཐུང་ངུ་དེར་གཟིགས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese