མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་པའི་རྩྭ་ས་མ་འཕྲོག་རོགས།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒན་གྱའི་རིན་ཆེན་སྡེ་བའི་མང་ཚོགས་ཀྱིས་འཕྲེད་དར་སྣ་ཚོགས་བཟུང་སྟེ་རྫོང་སྲིད་གཞུང་གི་ཕྱོགས་སུ་བསྐྱོད་དེ་ཞུ་བའི་ངོ་རྒོལ་བྱེད་བཞིན་ཡོད་འདུག

ཁ་སང་མདོ་སྨད་བླ་བྲང་རྒན་གྱ་རིན་ཆེན་སྡེ་བའི་བསོད་ནམས་རྒྱ་མཚོ་དང་སངས་རྒྱས་མཁར་ཞུ་བ་གཉིས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། དེ་རིང་སྲིད་གཞུང་གིས་ལན་འབྱོར་བ་ལྟར་ན། སང་ཉིན་སླར་ཡང་སྡེ་མི་ ༤ རྫོང་སྲིད་གཞུང་ལ་ཡོང་དགོས་སྐོར་བརྗོད་ཡོད་སྟབས། མང་ཚོགས་ཚོས་ཁོང་ཅག་ཀྱང་འཛིན་བཟུང་བྱ་སྲིད་པར་སེམས་ཚབ་བྱེད་བཞིན་ཡོད་འདུག

དེ་ནི་ཉེ་ལམ་ཟླ་འདིའི་ཚེས་མགོ་ཙམ་ནས་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཞིང་འོག་གི་རིན་ཆེན་སྡེ་བའི་རྩྭ་ཐང་ཐོག་གཞུང་ལམ་གསར་རྒྱག་བྱེད་ཀྱིན་ཡོད་པར། སྡེ་བ་དེའི་མང་ཚོགས་ཚོས་འབྲོག་པ་རྟེན་ས་ཕྱུགས་ཟོག་དང་། ཕྱུགས་ཟོག་རྟེན་ས་རྩྭ་ཐང་ཡིན་སྟབས། འབྲོག་པའི་རྩྭ་སའི་ཐོག་གཞུང་ལམ་བཟོས་ན་མང་ཚོགས་ཀྱི་འཚོ་རྟེན་ལ་གནོད་སྐྱོན་ཐེབས་ངེས་ཡིན་སྟབས། གལ་སྲིད་ལམ་ཁ་བཟོ་དགོས་ན་ངེས་པར་དུ་ས་གནས་མང་ཚོགས་ལ་རྩྭ་སའི་གུན་གསབ་སྤྲོད་དགོས་སྐོར་བརྗོད་དེ་ལམ་བཟོ་བར་འགོག་རྒོལ་བྱས་ཡོད་འདུག

དེ་རིང་རིན་ཆེན་སྡེ་བའི་མང་ཚོགས་རྒན་དར་གཞོན་གསུམ་ཚང་མ་ལམ་ལ་ཆས་ཏེ། སྲིད་གཞུང་གིས་ཁ་སང་འཛིན་བཟུང་བྱས་པའི་མི་སྣ་གཉིས་ཀློད་གྲོལ་བཏང་སྟེ། མང་ཚོགས་ཀྱི་དགོས་འདུན་དང་ལེན་མ་བྱས་བར། བསང་ཆུ་རྫོང་སྲིད་གཞུང་གི་སྒོ་རྭའི་ནང་དུ་ཉལ་རྒྱུ་ཡིན་སྐོར་བརྗོད་དེ་བསྐྱོད་སྐབས། རྒན་གྱ་ས་ཁུལ་གྱི་སྡེ་བ་གཞན་དག་གི་མི་སྣ་དང་། རྒན་གྱའི་བྲག་དཀར་དགོན་པ། བླ་བྲང་བཀྲ་ཤིས་འཁྱིལ་དོ་དམ་ལྷན་ཁང་གི་མི་སྣ་སོགས་ཕེབས་ཏེ། མང་ཚོགས་ལ་ཞུ་བ་བྱས་ཏེ། སྲིད་གཞུང་གིས་རིན་ཆེན་སྡེ་བའི་མང་ཚོགས་ཀྱི་དགོས་འདུན་དང་ལེན་ཡོང་རྒྱུར་བར་འདུམ་བྱེད་བཞིན་ཡོད་ཀྱང་། མང་ཚོགས་མུ་མཐུད་ལམ་ཁར་འཛོམས་ཏེ་བསྡད་ཡོད་འདུག

སྲིད་གཞུང་གིས་ཐོག་མ་ལམ་ཁ་དེ་བཟོ་རྒྱུའི་འཆར་འགོད་བྱས་ཏེ། ས་གནས་མང་ཚོགས་ལ་བསམ་འཆར་བསྡུ་སྐབས། རིན་ཆེན་སྡེ་བའི་མི་གཅིག་གིས་ཀྱང་མོས་མཐུན་ས་རྟགས་བརྒྱབ་མེད་ཀྱང་། ཟླ་སྔོན་མའི་ནང་སྲིད་གཞུང་གིས་མང་ཚོགས་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། ལམ་བཟོའི་འདྲུད་འཐེན་འཁོར་ལོ་རིགས་སྣ་ཚོགས་བཏང་སྟེ། རིན་ཆེན་སྡེ་བའི་རྩྭ་ཐང་བརྒྱུད་དེ་གཞུང་ལམ་བཟོ་མགོ་བརྩམས་སྐབས། རིན་ཆེན་སྡེ་བའི་རྒན་གཞོན་མང་པོ་ལམ་བཟོའི་འཕྲུལ་ཆས་ཀྱི་སོ་ཁར་ཉལ་ནས་ངོ་རྒོལ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༢ ཉིན་རིན་ཆེན་སྡེ་བའི་མང་ཚོགས་ཐུན་མོང་ནས་གལ་སྲིད་ད་རེབ་གཞུང་ལམ་དེ་བཟོ་རྒྱུ་ཡིན་ཚེ། ས་གནས་མང་ཚོགས་ལ་འཚོ་སྣོན་གུན་གསབ་སྤྲོད་དགོས་པའི་རེ་འདུན་དོན་ཚན་ ༧ ཅན་ཞིག་རྒྱ་ཡིག་ཐོག་འཁོད་ཏེ་སྲིད་གཞུང་ལ་སྤྲད་ཡོད་འདུག

དགོས་འདུན་ཡི་གེ་དེའི་ནང་། ༡། ས་གནས་དེའི་མང་ཚོགས་ ༦༨༩ ལ་འཚོ་སྣོན་རོགས་དངུལ་སྤྲོད་དགོས་པ་དང་། ༢། གསར་དུ་རྒྱག་འཆར་ཡོད་པའི་རིང་ཚད་རྨུ་ ༢༠༠ ཅན་གྱི་གཞུང་ལམ་དེས་རྩྭ་སར་གནོད་པ་ཆེན་པོ་མི་འབྱུང་ཐབས་སུ་ཀ་བ་བཙུགས་ཏེ་ཟམ་པ་ལྟར་བསྐྲུན་དགོས་པ། ༣། སྡེ་བའི་ཁྱིམ་ཚང་ཡོང་ལ་རང་འབབ་ཆུའི་མཐུན་རྐྱེན་བསྐྲུན་དགོས་པ། ༤། ལམ་བཟོའི་གནོད་སྐྱོན་ཐེབས་ཡུལ་ཁྱིམ་ཚང་ ༥༠ ལ་སྡོད་ཁང་བསྐྱར་གསོ་དང་ཡང་ན་སྡོད་ཁང་བསྐྱར་གསོའི་རོགས་དངུལ་སྤྲོད་དགོས་པ། ༥། སྡེ་བའི་མ་ཎི་ཚོགས་ཁང་བསྐྱར་བཞེངས་བྱེད་དགོས་པ། ༦། སྡེ་བའི་ཁྱིམ་ཚང་ཡོངས་ལ་ཟོག་ལུག་འཇུག་སའི་ཕྱུགས་རྭ་བསྐྲུན་དགོས་པ། ༧། གཞུང་ལམ་སྤུས་ཚད་ལྡན་པ་ཞིག་བཟོ་དགོས་པ་དང་གཞུང་ལམ་སྟེང་འགྲིམ་འགྲུལ་མགྱོགས་ཚད་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་དགོས་པ་སོགས་བཀོད་འདུག

རྒན་གྱའི་རིན་ཆེན་སྡེ་བ་ནི་ཀན་ལྷོའི་བླ་བྲང་ནས་མཚོ་སྔོན་རེབ་གོང་དུ་སྐྱོད་པའི་ལམ་ཁར་ཆགས་ཡོད་པ་དང་། རུ་ཁག་ཡོངས་སུ་ཁྱིམ་ཚང་ ༡༣༢ དང་མི་མང་ ༦༨༩ ཙམ་ཡོད་ཅིང་འཚོ་རྟེན་གཙོ་བོ་འབྲོག་ལས་ཡིན་འདུག དེ་སྔོན་རིན་ཆེན་སྡེ་བའི་མདུན་ནས་མཚོ་སྔོན་ཕྱོགས་སུ་གཞུང་ལམ་ཞིག་ཡོད་ནའང་། ཐེངས་འདིར་སྲིད་གཞུང་གིས་ལམ་ཁ་རྙིང་པ་དེ་ཟུར་དུ་བཞག་སྟེ། རིན་ཆེན་སྡེ་བའི་རྩྭ་ཐང་བརྒྱུད་དེ་བྱང་ཚད་ཆེ་ཞིང་ཚད་གཞི་མཐོ་བའི་གཞུང་ལམ་གསར་པ་ཞིག་བཟོ་བསྐྲུན་བྱེད་བཞིན་ཡོད་པ་དང་། དེའི་རིང་ཚད་ལ་སྤྱི་ལེ་ ༢ ཙམ་ཡོད་ཅིང་འབྲོག་པའི་རྩྭ་ས་རྨུ་གྲུ་བཞི་མ་ ༤༠ ཙམ་ལ་གཏོར་སྐྱོན་ཐེབས་བཞིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 3

  1. མི་སྨྲ་བ། says:
    ལོ་ 11 སྔོན།

    བོད་ནང་གི་བླ་མ་དང་དགོན་པ་ཁག་གིས་མི་མང་གི་རྒྱབ་རྩར་མི་ལངས་པར་ཞི་རྒོལ་མཚསམ་འཇོག་བྱེད་དུ་བཅུག་པ་སོགས་ནི་འོས་འཚམས་ཤིག་ཏུ་མ་མཐོང་། བར་འདུམ་བྱེད་དགོས་པ་ཡིན་ན་དང་པོ་གཞུང་ཕྱོགས་ཀྱི་ཆ་རྐྱེན་ངེས་ཅན་ཞིག་ཁས་ལེན་བྱ་ཐུབ་མིན་ཐད་མང་ཚོགས་ཀྱི་ཕྱོགས་ནས་སྐད་ཆ་བཤད་རོགས་དང་སྟོབས་ཤུགས་འདོན་རོགས་བྱེད་དགོས་པ་ལས། བླ་དགོན་དག་གཞུང་གི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ནི་ཡག་པོ་རྩ་བ་རང་ནས་མི་འདུག

    Reply
  2. བོད་པའི་བུ། says:
    ལོ་ 11 སྔོན།

    བོད་གཞིས་བྱེས་ལག་གདང་གཅིག་ཏུ་བསྒྲིལ།། རྒྱ་དམར་པོའི་བྱུས་ངན་མཐའ་རུ་བགྲོད།། བོད་ཁ་བའི་བདེ་སྡུག་མཐོ་རུ་སྒྲོག། ས་འཛམ་བུ་གླིང་གི་སྙན་དུ་སྒྲོན།།

    Reply
  3. བློ་བརྟན། says:
    ལོ་ 11 སྔོན།

    གསར་འགྱུར་ཁ་གསལ་གོ་བདེ་དུས་ཚོད་ཏག་ཏག་ཐོག་ཁྱབ་བསྒྲགས་གནང་བ་ཐུགས་རྗེ་ཆེ། བོད་ནས་ནས་མེ་འབར་ན་བོད་ཕྱི་ནས་དུ་བ་འཐོན་དགོས་པའི་དཔེ་ལྟར། བོད་ཕྱི་ནང་རྡོག་རྩ་ཆིག་བསྒྲིལ་ཐོག་གནས་ཚུལ་ཁྱབ་བསྒྲགས་དང་། རྒྱལ་སྤྱིའི་ཐོག་ཞུ་གཏུག་བྱས་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་ཡོང་ཐབས་བྱས་ཏེ་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ཐབས་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese