མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་དང་གོ་མིན་ཏང་གི་ཐུག་འཕྲད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གོ་མིན་ཏང་གི་མགོ་ཁྲིད་ཀྲུའུ་ལི་ལོན་གཉིས་ཐུག་འཕྲད་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཐའེ་ཝན་གོ་མིན་ཏང་གི་མགོ་ཁྲིད་ཀྲུའུ་ལི་ལོན་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་འབྱོར་ཏེ། མཚོ་ངོགས་གཉིས་ཀྱི་ཚོང་ལས་རིག་གནས་གླེང་སྟེགས་ཐོག་མཉམ་ཞུགས་དང་། ཧྲང་ཧེ་ཧྥི་དན་སློབ་ཆེན་དང་པེ་ཅིན་སློབ་ཆེན་སོགས་ཀྱི་ནང་སྐོར་སྐྱོད་བྱེད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱས་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་ ༦༦ ཙམ་གྱི་ནང་གུང་ཁྲན་ཏང་དང་གོ་མིན་ཏང་གི་སྲིད་འཛིན་མགོ་ཁྲིད་གཉིས་ཐུག་འཕྲད་བྱུང་བ་ཐོག་མ་དེ་ཆགས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མགོ་ཁྲིད་གཉིས་ཐུག་འཕྲད་སྐབས་ཞི་ཅིན་ཕིན་གྱིས། ད་ལྟ་མཚོ་ངོགས་གཉིས་ཀྱི་འབྲེལ་བ་གནད་འགག་གི་དུས་སྐབས་གསར་པ་ཞིག་ཏུ་སླེབ་ཡོད་ལ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇི་ལྟར་འགྲོ་རྒྱུ་དེ་ཆབ་སྲིད་ཏང་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་མདུན་དུ་ལྷག་པའི་གནད་དོན་གལ་ཆེན་ཞིག་སྟེ། ཀྲུང་ཧྭ་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པ། མཚོ་ངོགས་གཉིས་ཀྱི་མི་མང་གི་ཕན་བདེ་བཅས་དང་འབྲེལ་བ་ཡོད་པས་ངེས་པར་དུ་རྣོ་བསམ་གཏོང་དགོས་པ་མ་ཟད། ཏང་ཁག་གཉིས་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་དང་མཉམ་ལས་གསར་གཏོད་ཀྱི་སྒོ་ནས་འབྲེལ་ལམ་གསར་བསྐྲུན་ལ་འཆར་བཀོད་དགོས་སྐོར་ནན་བརྗོད་བྱས་ཡོད་འདུག

སྐབས་དེར་ཀྲུའུ་ལི་ལོན་གྱིས། མ་འོངས་པར་མཚོ་ངོགས་གཉིས་ཀྱིས་ཕྱི་ལོ་ ༡༩༩༢ ལོའི་མཐུན་མོང་གི་ངོས་འཛིན་རྨང་གཞི་བྱས་ཏེ། མཉམ་འབྲེལ་གྱི་ལག་རྡང་སྦྲེལ་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཞི་འཇགས་དང་ཁོར་ཡུག དཔལ་འབྱོར་སོགས་ཀྱི་ཐོག་ནུས་པ་འདོན་པའི་རེ་བ་ཡོད་ལ། མཚོ་ངོགས་གཉིས་ཀྱི་གཞོན་སྐྱེས་ཚོས་མངའ་ཁུལ་ཞི་བདེའི་ཐོག་མཉམ་འབྲེལ་གྱི་ལག་ཟུང་སྦྲེལ་ཐུབ་པའི་ཡིད་ཆེས་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱིས་འཛམ་གླིང་བདེ་ན་ད་གཟོད་ཡ་གླིང་བདེ་བ་དང་། ཡ་གླིང་བདེ་ན་ད་གཟོད་འཛམ་གླིང་བདེ་ཞེས་བཤད་པ་ལྟར། མཚོ་ངོགས་གཉིས་བདེ་ན་ད་གཟོད་ཡ་གླིང་བདེ་བ་དང་། ཡ་གླིང་བདེ་ན་ད་གཟོད་མཚོ་ངོགས་གཉིས་སྔར་ལས་བདེ་སྐོར་བརྗོད་འདུག

ཕྱི་ཚེས་ ༣ ཉིན་གྱི་མཚོ་ངོགས་གཉིས་ཀྱི་ཚོང་ལས་རིག་གནས་གླེང་སྟེགས་ཐོག ཀྲུའུ་ལི་ལོན་དང་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་ཁྲིད་ཡས་ཀྲིན་ཧྲིན་གཉིས་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཅིག་ཟེར་བར་མཚོ་ངོགས་གཉིས་ལ་འགྲེལ་བཤད་མ་འདྲ་བ་ཡོད་ཀྱང་། སྤྱི་ཡོངས་ནས་རྒྱ་ནག་གཅིག་ལ་མོས་མཐུན་བྱེད་ཀྱི་ཡོད་སྟབས། མི་རབས་གསར་པ་ཚོའི་འབྲེལ་འདྲིས་བརྒྱུད་ཕྱོགས་གཉིས་ཀྱི་བསམ་བློའི་འགག་བ་རྣམས་རིམ་གྱིས་སེལ་ཐུབ་སྐོར་དང་། རྒྱ་ནག་གིས་གཙོ་གཉེར་བྱས་པའི་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་ཆས་དངུལ་གཏོང་དངུལ་ཁང་དང་། རྒྱུད་གཅིག་ལམ་གཅིག་ཟེར་བའི་ཚོང་ལས་སྲིད་བྱུས་གསར་པ་ལག་བསྟར་བྱེད་ཀྱི་ཡོད་ཀྱང་། ཐའེ་ཝན་ལ་སྔར་གྱི་སྲིད་བྱུས་བརྟན་བརླིང་ངང་རྒྱུན་འཁྱོངས་བྱེད་པ་གཙོ་གནད་དུ་འཛིན་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༡༩༤༩ ལོར་གོ་མིན་ཏང་དམག་དཔུང་ལ་ཕམ་ཉེས་བྱུང་སྟེ་ཐའེ་ཝན་ནང་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༦༠ ལྷག་རིང་མཚོ་ངོགས་གཉིས་སུ་གྱེས་ཏེ་ཆབ་སྲིད་ཀྱི་ལམ་ལུགས་ཐ་དད་དུ་གྱུར་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་པའི་ལངས་ཕྱོགས་གཏན་ནས་མ་དོར་བར་ཐབས་ལམ་སྣ་མང་འཚོལ་གྱིན་ཡོད་ལ། ཕྱི་ལོ་ ༢༠༠༨ ལོར་མཱ་ཡེན་ཅིག་ལ་ཐའེ་ཝན་གྱི་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས། མཚོ་ངོགས་གཉིས་བར་འདས་པའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་འབྲེལ་འདྲིས་ཀྱི་གནས་བབ་ཅིག་གི་མགོ་བརྩམས་ཏེ། ཚོང་ལས་ཀྱི་འབྲེལ་བ་མུ་མཐུད་ཡར་འཕེལ་འགྲོ་བཞིན་ཡོད་འདུག ཡིན་ནའང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ད་ལྟའང་ཚད་དམའ་བོ་ཡིན་པ་ལྟར། ཐའེ་ཝན་གྱི་དམངས་གཙོ་ཡར་སྐུལ་ཚོགས་པ་སོགས་ཀྱིས་རྒྱ་ནག་གཅིག་གྱུར་ཟེར་བར་མཐའ་གཅིག་ཏུ་ངོ་རྒོལ་གྱིས་ཐའེ་ཝན་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese