མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་དགྲ་བོ་བུད་མེད་མ་ཆགས་པ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་བའི་ཐོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བུད་མེད་ཚོས་གོ་སྐབས་ཡོད་ཚད་ལ་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་དགོས་སྐོར་བཤད་བསྡད་ན་ཆོ་གང་ཡང་ཡོད་མ་རེད། དེ་ལས་སོ་སོས་ནུས་པ་འདོན་དགོས་པ་གལ་ཆེན་པོ་རེད་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ས་ར་མཐོ་སློབ་ཏུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༡ པ་དབུ་འཛུགས་གནང་སོང་ལ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དེ་བཞིན་སྤྱི་འཐུས་ལས་ཐོག་དང་སྤྱི་ཟུར་ཁག་གཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བུད་མེད་ལྷན་ཚོགས་ཁག་ ༥༤ ཡོད་ཁོངས་ནས་ས་གནས་ཁག་ ༢༦ གི་ཚོགས་མི་ ༡༣༠ བཅས་ཁྱོན་མི་ ༢༠༠ ཡས་མས་ཤིག་འཛོམས་སོང་།

ཚོགས་ཆེན་གྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་རྣམ་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་སྣང་གསལ་མར་མེ་ཞལ་འབྱེད་དང་འབྲེལ་རྒྱལ་གླུ་བཏང་རྗེས། བོད་བསྟན་སྲིད་ཆེད་ཚེ་སྲོག་ཤོར་བ་དག་ལ་མྱ་ངན་དང་། དེའི་རྗེས་བུད་མེད་ལྷན་ཚོགས་ཀྱི་ལངས་གླུ་བཅས་ཕུལ་རྗེས་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་གནང་དོན། ད་བར་དབུས་བུད་མེད་ལྷན་ཚོགས་དང་ས་གནས་བུད་མེད་ལྷན་ཚོགས་ཀྱིས་བོད་མི་ཉམ་ཐག་དང་དབུལ་ཕོངས། ནད་གཅོང་རིགས་ཀྱི་ཕོ་མོ་གྲངས་ ༡༡༢ ལ་ཟླ་རེའི་འཚོ་སྣོན་དང་། ནད་གཞི་ལྕི་མོ་ཡོད་པའི་བཙུན་མ་ཁག་གཅིག་ལ་སྨན་བཅོས་དང་འཚོ་བའི་མཐུན་འགྱུར་ཞུས་ཡོད་པ་མ་ཟད། ཟླ་བ་བཅོ་བརྒྱད་ནང་བུད་མེད་ ༡༠ ལ་འཚེམ་བུའི་སྦྱོང་བརྡར་སྤྲད་པ་མ་ཟད་འཚེམ་འཁོར་རེ་དང་ཟླ་རེར་ལག་གྲོན་ཧིན་སྒོར་ ༢༤༠༠ དང་། སྦྱོང་བརྡར་ཐོན་རྗེས་ལག་འཁྱེར་དང་འཚེམ་འཁོར་རེ་འབུལ་གྱི་ཡོད། ད་ལྟ་སྦྱོང་བརྡར་ཐེངས་ ༡༤ པ་འགྲོ་མུས་ཡིན། ༡༩༩༤ ལོར་བུད་མེད་ལྷན་ཚོགས་ཀྱིས་མེག་གྷན་ཁུལ་དུ་ས་ཆ་སྤུས་ལེགས་ཤིག་གཟིགས་ཐུབ་པ་བྱུང་ཡོད་ཀྱང་། དུས་ཡུན་གང་འཚམ་རིང་ཁང་པ་གསར་བཞེངས་མ་ཐུབ་པར་བཞག་ཡོད་སྟབས། རྒྱ་གར་ཡུལ་མིས་ཧམ་བཟུང་བྱེད་བཞིན་ཡོད་པར་བརྟེན། འདི་ལོ་རྒྱུན་ལས་ངོས་ནས་ཁང་པ་གསར་རྒྱག་གི་ལས་མགོ་འཛུགས་ཏེ་ད་ལྟ་གྲུབ་ལ་ཉེ་བ་ཡོད། ཁང་པ་གསར་རྒྱག་ལ་ཧིན་སྒོར་འབུམ་ ༢༣༠ ཙམ་ཕྱིན་ཡོད་པ་ལས་ས་གནས་ཁག་ནས་འབྱོར་བའི་ཞལ་འདེབས་ཧིན་སྒོར་འབུམ་ ༣༠ དང་དེའི་ཐོག་དབུས་བུད་མེད་ལྷན་ཚོགས་ཀྱིས་དངུལ་འབོར་ཁག་གཅིག་སྤྲད་དེ་ད་ཆ་བརྒྱ་ཆ་ལྔ་བཅུ་ཙམ་སྤྲད་ཟིན་ཡོད། ཅེས་སོགས་བརྗོད་སོང་།

བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བུད་མེད་ཚོས་༧གོང་ས་མཆོག་གི་བཀའ་གནང་བ་དག་ལ་བརྟག་དཔྱད་བྱས་ནས་ལས་དོན་བསྒྲུབ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་དོན། སྤྱི་ཚོགས་ནང་སྐད་ཆ་བྱུང་སྐབས་རི་བོང་ཅལ་འདྲོགས་ཀྱི་ལྟ་བ་མ་འཁྱེར་བར་དེར་རྩད་གཅོད་གནང་སྟེ། རྒྱལ་ཁབ་དང་རྩ་དོན་ལ་ཕན་པའི་ཕྱག་ལས་གནང་རྒྱུ་ག་རེ་འདུག་གཟིགས་དགོས་པ་ཆགས་ཡོད། དཔེར་ན་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་དང་རང་བཙན་སྐོར་ལ་བཀའ་མོལ་མང་པོ་ཞིག་ཡོང་གི་ཡོད་པ་རེད། དབུ་མའི་ལམ་ལ་ཆ་བཞག་ན་༧གོང་ས་མཆོག་གིས་དང་པོ་བཀའ་གནང་སྐབས། ངོས་ཀྱིས་བརྟག་དཔྱད་བྱས་ནས་ད་ལྟའི་ཆར་དབུ་མའི་ལམ་དེ་ཡག་ཤོས་རེད་བཞག ཡིན་ཡང་ཁྱེད་རང་ཚོའི་ནང་ལ་དེར་མོས་མཐུན་མེད་པ་ཡིན་ན་འགྲིག་གི་རེད་ཅེས་གསུངས་ཡོད་པ་ལྟར། མཐའ་མ་འབབ་ས་དེ་མང་མོས་ཐག་གཅོད་ཐོག་ནས་དབུ་མའི་ལམ་ལ་འབབ་པ་རེད། ཡིན་ཡང་རང་བཙན་ཤོད་མཁན་དག་ལ་ཤོད་ཆོག་གི་མ་རེད། དེ་༧གོང་ས་མཆོག་གི་བཀའ་དང་འགལ་འགྲོ་གི་ཡོད་རེད་བསམ་བསམ་གྱི་ལྟ་བ་འཁྱེར་བ་ཡིན་ན་དེ་ནོར་བ་རེད་བསམ་གྱི་འདུག གང་ཡིན་ཟེར་ན། དེས་སྤྱི་ཚོགས་ནང་བརྡབ་གསིག་གཏོང་གི་འདུག ང་ཚོས་དེ་འདྲ་བྱེད་བསྡད་པ་ཡིན་ན་ཆོ་ཡོད་པ་མ་རེད། ང་ཚོས་སྤྱི་ཚོགས་ཚང་མར་ཞུ་རྒྱུ་གང་ཡང་ཡོད་མ་རེད་ལ་དབང་ཆའང་ཡོད་མ་རེད། བུད་མེད་ལྷན་ཚོགས་ཀྱིས་ང་ལ་སྐད་ཆ་ཤོད་རོགས་གསུངས་ཡོད་སྟབས། ངས་ང་རང་གི་སེམས་ནང་ཡོད་པ་དག་ཞུ་གི་ཡོད། ང་ཚོས་དེ་ཚོར་བརྟག་དཔྱད་གནང་ནས་སོ་སོའི་རང་ལུགས་འཛིན་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། དེ་བཞིན་༧གོང་ས་མཆོག་གིས་དོལ་རྒྱལ་གནས་ཚུལ་སྐོར་ལའང་ངས་བརྟག་དཔྱད་བྱས་པ་ཡིན། དེ་བསྟེན་པ་ཡིན་ན་ཡག་པོ་རང་མི་འདུག་ཅེས་གསལ་པོ་ཞེ་དྲགས་བཀའ་གནང་ཡོད་སྟབས། སོ་སོས་དེ་ཚོ་ཧ་གོ་བའི་ཐོག་ནས་ཡིད་ཆེས་བྱས་ནས་ལས་དོན་བསྒྲུབ་དགོས་པ་ལས་ཕར་ཕྱོགས་ནས་ཧ་ཟེར་སྐབས་ཚུར་ནང་ནས་ཨ་ཟེར་ན་དོན་དག་ཐོག་གང་འདྲ་ཆགས་མིན་ཤོད་རྒྱུ་ཁག་པོ་ཡིན་པར་བརྟེན། ༧གོང་ས་མཆོག་གིས་བཀའ་ལ་ཤེས་ནས་དད་པ་ཐོབ་པ་བྱས་ནས་སྤྱི་ཚོགས་ཐོག་བརྡབ་གསིག་དང་ཆིག་སྒྲིལ་གྱི་ནུས་ཤུགས་མི་ཉམས་པ་གནང་རྒྱུ་གལ་ཆེན་པོ་རེད་མ་གཏོགས། ང་ཚོར་ག་ས་ག་ནས་སེར་ཁ་ཏོག་ཙམ་ཞིག་འདུག་བསམ་ན་དེའི་ནང་འཛུལ་ཆོག་ཆོག་བྱས་ནས་ཁེངས་བསྡད་ཡོད་པ་རེད། དེ་བཞིན་ཕར་ཕྱོགས་ལ་ཏོག་ཙམ་ཆག་འདུག་བསམ་ན་གོ་སྐབས་བཟུང་ནས་དེ་ལས་མང་བ་འཆག་རྒྱུ་བྱུང་ན་བསམ་ནས་ཐབས་ཤེས་བྱེད་མཁན་མང་པོ་ཡོད་སྟབས། བུད་མེད་ཚོས་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཡོད་རེད་བསམ་ནས་དེ་ལ་ནུས་ཤུགས་ གཅིག་བསྒྲིལ་གནང་བ་ཡིན་ན་ངས་ཐུགས་ཕན་ཆེན་པོ་ཞིག་གསོས་ཀྱི་རེད་བསམ་གྱི་འདུག ང་ཚོ་ཚང་མས་སྲིད་སྐྱོང་གནང་ཐུབ་ཀྱི་མ་རེད་ལ་འཇོན་ཐང་ཡང་ཡོད་མ་རེད། ང་ཚོ་ཚང་མས་སྤྱི་འཐུས་ཚོགས་གཙོ་གནང་ཐུབ་ཀྱི་མ་རེད་ལ་འཇོན་ཐང་ཡང་ཡོད་པ་མ་རེད། ཡིན་ཡང་ང་ཚོས་སོ་སོའི་ནུས་པ་དང་འཇོན་ཐང་ལ་དཔག་ནས་རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་ཞུ་རྒྱུའི་འགན་ཡོད་ལ་ཞུ་ཐུབ་པ་ཞིག་ཀྱང་ཆགས་ཡོད། ཅེས་སོགས་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བུད་མེད་ཀྱི་དགྲ་བོ་བུད་མེད་མ་ཆགས་པ་གནང་དགོས་སྐོར་གསུངས་དོན། བུད་མེད་ཚོས་གོ་སྐབས་ཡོད་ཚད་ལ་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་གཏོང་དགོས་སྐོར་བཤད་བསྡད་ན་ཆོ་གང་ཡང་ཡོད་མ་རེད། དེ་ལས་སོ་སོས་ནུས་པ་འདོན་དགོས་པ་གལ་ཆེན་པོ་རེད། བུ་ཆུང་ཆུང་ཡིན་སྐབས་ཨ་མས་བུ་ཁ་ལག་བཟོ་མཁན་མ་རེད་ཟེར་གྱི་ཡོད་པ་རེད། དེར་བརྟེན་བུད་མེད་ཀྱི་དགྲ་དེ་བུད་མེད་ཆགས་ཀྱི་འདུག་ཟེར་དགོས་དོན་དེ་རེད། རྒྱ་གར་གྱི་སྤྱི་ཚོགས་ནང་དེང་སང་ཁྱོ་ཀས་བུད་མེད་ལ་བརྙས་བཅོས་དང་མཐོང་ཆུང་བྱེད་རྒྱུ་སོགས་ཀྱི་གནས་སྟངས་མང་པོ་ཞིག་ཡོང་བཞིན་པ་དེ། ཕ་མ་ཚོས་ཕྲུ་གུའི་འགྲོ་སྟངས་སྡོད་སྟངས་ཡག་པོ་ཞིག་བཟོ་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ཡོང་གི་ཡོད་པ་རེད་ཅེས་ཚང་མས་རྗོད་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་རང་མེད་ཀྱང་། ང་ཚོའི་སྡོད་སའི་ཁོར་ཡུག་དེ་རྒྱ་གར་སྤྱི་ཚོགས་ཡིན་སྟབས། ང་ཚོས་རྒྱ་གར་གློག་བརྙན་འཁྲབ་ཚན་དེ་ཚོར་བལྟས་པ་ཡིན་ན། མནའ་མར་ཐུབ་ཚོད་གཏོང་མཁན་དེ་ཨ་ཕ་ལས་ཨ་མ་མང་བ་གཏོང་གི་ཡོད། ང་ཚོའི་སྤྱི་ཚོགས་ནང་ལྟ་སྐབས་བུད་མེད་ཅིག་སྤྱི་འཐུས་ཀྱི་ཚོགས་གཙོ་གཞོན་དང་བཀའ་བློན་ལ་སླེབ་སྐབས་བུད་མེད་ཚོས་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་དགོས་ཀྱི་ཡོད་ཀྱང་། དེ་མ་བྱས་པར་བུད་མེད་བུད་མེད་ནང་ལ་བཤད་རེས་བཏང་ནས་མར་འཐེན་རྩིས་བྱས་པ་ཡིན་ན། བུད་མེད་ཀྱི་ནུས་པ་དེ་བུད་མེད་ཀྱིས་ཆུང་དུ་གཏོང་གི་ཡོད་རེད་མ་གཏོགས་ཁྱོ་ཀས་གཏོང་གི་ཡོད་མ་རེད། ཅེས་སོགས་གསུངས་སོང་། ཚོགས་གཙོ་མཆོག་གིས་མ་འོངས་པར་བུད་མེད་ཚོས་ཆབ་སྲིད་ཐོག་གདོང་ལེན་བྱེད་ཕྱོགས་སྐོར་གསུངས་དོན། རྣམ་པ་ཚོ་ཚང་མ་བོད་ཀྱི་རྩ་དོན་ཆེད་ཕྱག་ལས་གནང་མཁན་ཡིན་སྟབས་གདོང་ལེན་བྱེད་དགོས་པ་མང་པོ་ཡོང་གི་རེད་ལ། དྲི་བ་འདྲི་མཁན་ཡང་མང་པོ་ཡོང་གི་རེད། དེ་བཞིན་ལན་སྐྱོན་དགོས་པ་ཡང་མང་པོ་ཆགས་ཀྱི་རེད། དེ་ཚོ་ལན་རྒྱག་ཆེད་གནས་ཚུལ་རྟོག་དགོས་པ་རེད་མ་གཏོགས་གནས་ཚུལ་མ་རྟོག་པའི་ཐོག་ནས་ཚོར་བ་གཅིག་པུའི་ཐོག་ནས་བཤད་པ་དང་སྐད་འབོད་འདྲ་བྱས་ནས་ལན་བརྒྱབ་ཡིན་ན་མཇུག་འཁྱོལ་གྱི་མ་རེད།

ད་ལན་བུད་མེད་ལྷན་ཚོགས་ཀྱི་ལས་བསྡོམས་ནང་ལ་རྒྱབ་ཤ་དཀར་པོ་དང་འབྲེལ་བའི་ཐོག་ནས་མང་པོ་ཞིག་གསུངས་སོང་། དེ་ཚོ་འདྲ་པོ་ཡིན་ཡང་ད་ཐེངས་ཉི་མ་ལྔ་ཚོགས་འདུ་ཚོགས་པ་དང་མཉམ་དུ་ཡར་འཛིན་སྐྱོང་ལ་ཞུ་དགོས་པ་ཡིན་ཡང་ཞུས་ཏེ། དེའི་ཐོག་ལ་མཁས་པ་གདན་དྲངས་ནས་ལན་རྒྱག་སྟངས་ཐོག་གྲ་སྒྲིག་ཅིག་བྱེད་ཐུབ་པ་ཡིན་ཡང་། ཁྱེད་རང་ཚོར་ལག་ཆ་ཐོད་པ་ཞིག་ཆགས་ནས་མར་འགྲོ་གི་ཡོད་པ་རེད། ཚོགས་འདུའི་ནང་ལ་དོན་དག་སྒྲུབ་མ་སྒྲུབ་དང་འབབ་ཐུབ་མ་ཐུབ་པའི་གནས་སྟངས་གཅིག་པུ་མིན་པར་མར་ཕྱིན་སྐབས། མང་ཚོགས་ལ་འགྲེལ་བཤད་གང་འདྲ་རྒྱག་དགོས་ཀྱི་རེད། ཁ་ཉིན་དཔེ་མཛོད་ཀྱིས་དྲི་བ་བརྒྱ་ལ་ལན་བརྒྱ་ཞེས་པ་བཏོན་ཡོད་པ་རེད། རྒྱ་ནག་གཞུང་གིས་དེ་ ༡༩༨༩ ལོར་བཏོན་པ་དང་། ༢༠༠༡ ལོར་བསྐྱར་ཞིབ་ཅིག་བྱས་ཡོད་པ་རེད། དེབ་དེ་དབྱིན་སྐད་དང་ཧྥ་རན་སིའི་སྐད་ཡིག་ནང་བཏོན་ཡོད་ཀྱང་། ལོ་ ༢༠ རྗེས་ལ་མ་གཏོགས་བོད་སྐད་ནང་བཏོན་ཐུབ་ཡོད་པ་མ་རེད། དེ་ཚོའི་ནང་ནས་ཁག་གཅིག་ཕན་ཐོགས་པ་ཡོད་པ་དང་། ཁག་གཅིག་ཕན་ཚུན་འགྱུར་བ་འགྲོ་བསྡད་ཀྱི་ཡོད་སྟབས། ང་ཚོས་རང་བཞིན་གྱིས་དེ་ཚོའི་ཐོག་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་གཞུང་གིས་ག་རེ་བཤད་ཀྱི་འདུག ང་རང་ཚོའི་ལོ་རྒྱུས་ནང་གང་བཤད་ཀྱི་ཡོད་མེད་བཅས་ལ་དོ་སྣང་སྤྲད་ནས་ཤེས་རྟོགས་བྱས་ཚེ། ཚོགས་འདུ་གཅིག་ནང་ཕྱིན་པ་ཡིན་ན་སྤོབས་པ་ཆེན་པོའི་ཐོག་ནས་ལན་རྒྱག་ཐུབ་ཀྱི་ རེད། སྔོན་མ་ང་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཡིན་སྐབས། ཧོང་ཀོང་ནས་དགེ་རྒན་ཆེན་མོ་དེ་འདྲ་གདན་འདྲེན་ཞུས་ཏེ། རྒྱ་ནག་གི་རྩ་ཁྲིམས་དང་དམར་ཤོག་ཚོགས་པའི་བཅའ་ཁྲིམས། ཧོང་ཀོང་གི་གཞི་རྩའི་ཁྲིམས་ཡིག་བཅས་ཀྱི་སྐོར་ལ་བདུན་གཅིག་རིང་གི་ཟབ་སྦྱོང་སྤྲད་པ་རེད། དེའི་སྐབས་མི་ཁ་ཤས་ཤིག་གིས་སྤྱི་འཐུས་སྤེན་པ་ཚེ་རིང་གིས་བོད་པའི་སྤྱི་ཚོགས་ནང་དམར་ཤོག་གི་ལྟ་བ་སློབ་ཀྱི་འདུག་ལབ་ཡོད་པ་རེད། ང་ཚོའི་ཁ་གཏད་གཅོག་ས་དེ་རྒྱ་ནག་གཞུང་ཆགས་ཡོད་སྟབས། རྒྱ་ནག་གཞུང་གི་ཁྲིམས་དང་སྒྲིག་གཞི་མ་ཤེས་པ་ཡིན་ན། ང་ཚོས་གང་འདྲ་བྱས་ནས་ཁ་གཏད་གཅོག་གི་ཡིན་ནམ། སེམས་ཀྱི་ཚོར་བ་གཅིག་པུས་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་ཡིན་སྟབས། རྒྱ་ཆེ་ས་ནས་བསམ་བློ་གཏང་སྟེ་རྩ་དོན་རྩོད་དགོས་པ་ཆགས་ཡོད། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ལས་འགུལ་སྤེལ་སྐབས། ནང་ཁུལ་ལ་རྩོད་པ་བརྒྱབ་བསྡད་པ་དེ་འདྲ་མ་ཡིན་པར། ཆིག་སྒྲིལ་དང་མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཆགས་ཡོད། སྐབས་རེར་ང་རང་ཚོ་རང་གིས་མི་དང་རྒྱུ་བཏང་ནས་ལས་འགུལ་སྤེལ་བཞག་པ་དེ་གཞན་ལ་ཕན་ཐོགས་ཀྱི་ཡོད་སྟབས། ལས་འགུལ་སྤེལ་སྟབས་གཟབ་གཟབ་གནང་དགོས། ཞེས་སོགས་གསུངས་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བུད་མེད་ཀྱི་ཐོབ་ཐང་གི་འཕེལ་རིམ་དང་འབྲེལ་བའི་ཐོག་གསུངས་དོན། གྷེར་སི་དཔལ་ཡོན་དང་རོའོ་མན་གྱི་དཔལ་ཡོན། རྒྱ་ནག་གི་དཔལ་ཡོན་དང་ཨེ་ཇེབ་ཀྱི་དཔལ་ཡོན། ཉི་ཧོང་གི་དཔལ་ཡོན་བཅས་ལ་གཟིགས་པ་ཡིན་ན། སྔོན་མ་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་ཟེར་བ་དེ་དཀོན་པོ་ཞེ་དྲགས་རེད། ཨེ་ཇེབ་ཀྱི་རྒྱལ་མོ་ཁེ་ལི་པེ་ཌ་དང་གྷེར་སི་ནང་ཧེ་ལན་སོགས་རེ་གཉིས་ཤིག་ཐོན་ཡོད་རེད་མ་གཏོགས། ཕལ་ཆེར་ལོ་རྒྱུས་ཐོག་ནས་ ༡༧༠༠ དང་ ༡༨༠༠ ཙམ་སྐབས་ལ་མིའི་རང་ཆས་ཀྱི་ཐོབ་ཐང་རྩོད་ལེན་པ་མང་པོ་བྱུང་སྐབས་ཐོག་མར་བྱུང་བ་ཞིག་ཆགས་ཡོད། དེ་བཞིན་བུད་མེད་ལ་འོས་འཕེན་རྒྱུའི་ཐོབ་ཐང་དེ། ༡༨༩༣ ལོར་ནིའུ་ཛ་ལན་ཌི་ལ་ཐོག་མར་བྱུང་ཡོད་པ་རེད། དེའི་རྗེས་ ༡༩༠༢ ལོར་ཨོ་སི་ཊོར་ཡ་དང་། ༡༩༠༦ ལོར་ཧྥེན་ལན་ཌི། ༡༩༡༣ ལོར་ནོར་ཝེ་དང་དེའི་རྗེས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གཅིག་ནང་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་བྱུང་འདུག ༡༩༢༡ ལོར་ཨ་རི་དང་། ༡༩༧༡ ལོར་སུད་སི་ལན་ཌི། ༡༩༨༤ ལོར་ལེག་ཀི་སི་ཀན་བཅས་ནང་བུད་མེད་ཀྱིས་འོས་འཕེན་རྒྱུའི་ཐོབ་ཐང་བྱུང་ཡོད། ཡིན་ཡང་ང་ཚོ་ལྟ་བུ་ཡིན་ན་བཙན་བྱོལ་ལ་འབྱོར་མ་ཐག་སྟེ་ ༡༩༦༠ ལོར་སྤྱི་འཐུས་ཀྱི་འོས་འཕེན་སྐབས། ཕོ་མོ་དབྱེར་མེད་ལ་ཐོབ་ཐང་སྤྲད་ཡོད་པ་མ་ཟད། ༡༩༦༣ ལོར་སྤྱི་འཐུས་ནང་ལ་བུད་མེད་ཀྱི་སྐུ་ཚབ་བསླེབས་ཐུབ་པ་བྱུང་ཡོད། དེ་བཞིན་ཡེ་ཤུའི་ཆོས་ཕྱོགས་དང་ཁ་ཆེ། ནང་པ་བཅས་ཀྱིས་བུད་མེད་ལ་ཐོབ་ཐང་གནང་ཡོད་པ་རེད། མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་སོགས་རྣམ་པ་ཚོ་ནས་འཐོན་དགོས་ཀྱི་ཡོད་སྟབས་བུད་མེད་ཀྱི་ཐོབ་ཐང་རྩོད་དགོས་ཀྱི་རེད་ལ། འདྲ་མཉམ་ཀྱང་དགོས་ ཀྱི་ཡོད་པ་རེད། ངས་ད་ཐེངས་གོ་སྐབས་འདི་བརྒྱུད་ཞུ་རྒྱུ་ཞིག་ལ་ཨ་ལན་རུ་ཛུ་མཆོག་གིས་རྣམ་དཔྱོད་ལྡན་པའི་མི་ཞིག་ཡིན་ན། ག་དུས་ཡིན་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་འཆར་སྣང་། རྩ་དོན་དང་མི་རིགས་ཆེད་དགོངས་པ་བཞེས་ཀྱི་རེད། མི་ཕལ་བ་ཞིག་ཡིན་ན་ཉིན་རེའི་ལས་དོན་དང་ལས་གཞིའི་སྐོར་ལ་བཀའ་མོལ་གནང་གི་རེད། སེམས་ཕུགས་དོག་པོ་ཚོས་མིའི་སྐོར་རྐྱང་རྐྱང་ཐོག་བཀའ་མོལ་གནང་གི་རེད་ཅེས་གསུངས་ཡོད་སྟབས། ང་ཚོས་མི་ཡིན་པའི་ཆ་ནས་རྣམ་དཔྱོད་ལྡན་པའི་ཐོག་ནས་སྤྱི་དོན་ཐོག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།

དེ་རིང་སྲིད་སྐྱོང་མཆོག་གིས་དབུས་བུད་མེད་ལྷན་ཚོགས་ཀྱི་པར་སྐྲུན་ཞུས་པའི་ ༼བོད་ཕྱི་ནང་གི་མི་རིགས་བསྲེས་ལྷད་ཐད་ཀྱི་ཉམས་ཞིབ་སྙན་ཐོ།༽ ཞེས་པ་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ ༼བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་ས་གནས་ཁག་གི་ལོ་རྒྱུས།༽ཞེས་པ་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ ༼བོད་ཀྱི་འཐབ་རྩོད་ཁྲོད་བྱས་རྗེས་ཅན་གྱི་བུད་མེད་ཁག་ཅིག་གི་ལོ་རྒྱུས།༽ཞེས་པ་བཅས་དབུ་འབྱེད་གནང་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བུད་མེད་ལྷན་ཚོགས་གསར་འཛུགས་གནང་མཁན་གྲས་ཁག་གཅིག་ལ་ཆེ་བསྟོད་གཟེངས་རྟགས་དང་། སྲིད་སྐྱོང་མཆོག་གིས་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འོག་རྒྱུན་ལས་ལོ་ ༡༢ དང་དེ་ལས་མང་བ་གནང་མཁན་ཁག་ལ་གཟེངས་རྟགས་དང་། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོས་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙུན་མའི་ལས་འཆར་ཟུར་བཙུགས་ཀྱིས་རྐང་འཁུར་བཞེས་པར་ཆེ་བསྟོད་གཟེངས་རྟགས་བཅས་ཕུལ་སོང་།

ཟླ་འདིའི་ཚེས་ ༨ ནས་ ༡༣ བར་གྱི་ལྷན་ཚོགས་འདིའི་ཐོག་བུད་མེད་རྣམ་པ་ཚོས་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ པའི་གྲོས་ཆོད་ལ་བསྐྱར་ཞིབ་གནང་རྒྱུ་དང་། ༧གོང་ས་མཆོག་གི་སྐུ་ཕྱ་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་ཕྱོགས། སྐད་ཡིག་སྲུང་སྐྱོབ་དང་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས། དབུ་མའི་ལམ་གྱི་སྲིད་བྱུས་དང་རྒྱུན་ལས་གསར་འདེམས་གནང་རྒྱུ་བཅས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།

མཆན། 2

  1. ཤར་མདའ། says:
    ལོ་ 10 སྔོན།

    ཤར་མདའ། བོད་ཀྱི་བུད་མེད་རྣམ་པ་ལ་གུས་ཞབས་དང་ཡིད་རིངས་ཡོད་མ་ཟད་བོད་མི་རིགས་ཀྱི་རིགས་གཞུང་ཡིན་ན་རེད་ཤེས་རིགས་འདི་ཅི་སྲིད་འཚོ་བའི་བར་གནས་དགོས་ན་གཙོ་བོ་བོད་མི་རིགས་ཟེར་བའི་མི་རིགས་འདི་ལ་ཐུག་ཡོད་པ་ཡིན་དུས་ད་དུང་བུད་མེད་ཚོས་འགན་བླང་ནས་མི་རིགས་མང་ཙམ་སྤེལ་དགོས་པ་གལ་ཆེན་རེད། ད་བར་༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་གང་ལ་ཕེབས་པ་ཡིན་ན་མང་ཚོགས་ལ་བཀའ་སློབ་གནང་སྐབས་བོད་མི་རིགས་གྲངས་ཉུང་ཆགས་ཀྱི་ཡོད་པ་དང་རྒྱ་ནག་དམར་གཞུང་གིས་སྲིད་བྱུས་ཀྱིས་སྐྱེ་སྒོ་འགོག་གི་ཡོད་པ་སོགས་གནས་ཚུལ་གསུང་གི་ཡོད་པ་ལྟར་མི་རིགས་འཕེལ་རྒྱས་ཐད་ལ་བུད་མེད་ཚོས་འགན་ཁུར་དགོས་པ་མཐོང་།  ད་ལྟར་བར་བུད་མེད་ཚོགས་པའི་རང་ནུས་གང་ཡོད་ཀྱི་བོད་དོན་ཐོག་ཕྱག་ལས་གང་མང་གནང་བ་ལ་ཡིད་རིངས་ཡོད་བཀྲིས་བདེ་ལེགས།

    Reply
  2. ཤིང་ལོ། says:
    ལོ་ 10 སྔོན།

    ཡ་ཡ། བུད་མེད་ཚོ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese