མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནང་གི་བུད་མེད་ཐོབ་ཐང་རྩོད་ལེན་པའི་རྟོགས་སད།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཞོ་མེ་ལེས།

རྒྱ་ནག་གི་བུད་མེད་ཐོབ་ཐང་དོན་གཉེར་བ་ཞོ་མེ་ལེས་ (Xiao Meili) བརྗོད་དོན། ཉེ་ལམ་པེ་ཅིན་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཁག་ཏུ་ཡ་ང་བག་ཚ་མེད་པར་ཉམ་ཆུང་བུད་མེད་ཚོར་བཙན་གཡེམ་བརྙས་བཅོས་གཏོང་གི་ཡོད་པར་མི་དམངས་འདུ་འཛོམས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་སྐབས། སྤྱི་བདེ་ཉེན་རྟོག་མི་སྣས་བུད་མེད་ཀྱི་ཁེ་དབང་དོན་གཉེར་བ་ལྔ་དང་གཞན་བུད་མེད་ཀྱི་རང་དབང་ལས་འགུལ་བ་མང་པོ་འཛིན་བཟུང་བཀག་བསྐྱིལ་བྱས་སོང་ལ། སྐབས་དེར་གུས་མོས་གནད་དོན་འདིའི་ཐད་ལ་མནོ་བསམ་གཏོང་རྒྱུ་མ་བྱུང་། གནས་ཚུལ་དེ་བཞིན་དུ་སྔོན་ཆད་ང་ཚོ་ཡང་དེ་ལྟར་འཛིན་བཟུང་བཀག་ཉར་བྱས་མོད། ཆུ་ཚོད་འགའི་རྗེས་སུ་ང་རང་ཀློད་གྲོལ་བཏང་བ་རེད། ཡིན་ན་ཡང་དགོང་མོ་དེ་ནས་བཟུང་ངའི་གྲོགས་མོ་ཚོ་ཕྱིར་ལོག་རྒྱུ་མ་བྱུང་བས། ཐེངས་འདིའི་འཇུ་བཟུང་བཀག་འགོག་ནི་དེ་སྔོན་དང་ཡེ་ནས་མི་འདྲ་བ་བདག་གིས་གསལ་བོར་རྟོགས་བྱུང་། དེ་བས། བདག་གིས་ཡང་བསྐྱར་བུད་མེད་ཀྱི་ཁེ་དབང་རྩོད་ལེན་ལས་འགུལ་ནང་མཉམ་ཞུགས་བྱེད་རྒྱུར་བསམ་བཀོད་འཐེན་པ་ཡིན་མོད། འོན་ཀྱང་། ང་ཡང་ཉེན་རྟོག་པས་འཛིན་བཟུང་དང་འདྲི་གཅོད་ཀྱིས། རྒྱ་ནང་གི་བུད་མེད་ཐོང་ཐང་བརྩོན་ལེན་མཁན་ (བདག་གི་གྲོགས་མོ་ཚོ) རེ་རེ་བཞིན་རྩིས་སྤྲོད་དགོས་པའི་བཀའ་རྒྱ་བསྒྲག་པར་སྐྲག་སྟེ། ང་རང་པེ་ཅིན་གྲོང་ཁྱེར་དང་ཁ་བྲལ་ནས་ས་གནས་གཞན་དུ་བསྐུངས་བསྡད་པ་ཡིན།

རྒྱ་ནག་རྒྱལ་ཡོངས་སུ་བུད་མེད་ཀྱི་ཁེ་དབང་དོན་གཉེར་བ་ཚོ་འཛིན་བཟུང་བཀག་བསྐྱིལ་གྱི་བྱ་འགུལ་གང་སར་ཁྱབ་པ་དང་བསྟུན་ཏེ། རྒྱ་ནང་གི་གཞོན་སྐྱེས་ཚོས་ (མང་ཆེ་བ་སློབ་ཆེན་སློབ་མ་ཡིན) མ་གྲོས་བསམ་པ་གཅིག་མཐུན་གྱིས་ངོ་རྒོལ་སྐད་འབོད་བྱེད་པ་དང་། ཁོང་མོ་ཚོ་མྱུར་དུ་ཀློད་གྲོལ་དགོས་པའི་སྙན་སེང་ཡང་ཕུལ་བ་རེད། སྐབས་དེར་ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཚོགས་སྡེ་ཁག་དང་ཧེ་ལི་རེ་ཁི་ལིན་ཊོན་ལྟ་བུའི་ནུབ་གླིང་གི་དབུ་ཁྲིད་ཚོས་ང་ཚོའི་ཡིད་སྐྱོ་བའི་གནས་སྟངས་ལ་གཟིགས་ཏེ་རྒྱ་ནག་སྲིད་གཞུང་ལ་སྐྱོན་བརྗོད་དང་འབོད་སྐུལ་ཞུ་བའི་རེ་ལྟོས་མ་བཅངས།

ཕྱིས་སུ་རང་རྒྱལ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབོད་སྐུལ་དང་དེའི་སྒུལ་ཤུགས་འོག ཟླ་གཅིག་ལྷག་འགོར་རྗེས་ངའི་གྲོགས་མོ་ཚོ་ཀློད་གྲོལ་བཏང་སོང་ལ། སྤྱི་བདེ་ཉེན་རྟོག་པས་ཁོང་ཚོ་འཛིན་བཟུང་བཀག་འགོག་བྱས་པའི་ཉེས་དོན་དང་དྲང་བོའི་གཟུ་དཔང་གང་ཡང་ཡོད་པ་མ་རེད།

བདག་གི་གྲོགས་མོ་ཚོ་བཙོན་གྲོལ་ཐོབ་རྗེས། ང་ཡང་ཕྱིར་པེ་ཅིང་གྲོང་ཁྱེར་དུ་ལོག་ཡོང་བ་ཡིན། འོན་ཀྱང་ཐེངས་འདིའི་དོན་རྐྱེན་གྱི་དབང་གིས། སྐབས་དེ་ནས་བཟུང་ངས་རང་ཉིད་ཀྱིས་བདམས་ཟིན་པའི་བགྲོད་ལམ་སྟེ། བུད་མེད་ཀྱི་ཁེ་དབང་རྩོད་ལེན་ལས་འགུལ་ནི་མེས་རྒྱལ་གྱི་སྒྲིག་ཁྲིམས་དང་འགལ་མིན་ཐད་ལ་མནོ་བསམ་ཡང་ཡང་གཏོང་དགོས་པ་ཆགས་སོང་།

ཕྱི་ལོ་ ༡༩༩༠ ལོར་ངེད་རང་སུ་ཁྲོན་ཞིང་དུ་འཚར་ལོང་བྱུང་བའི་སྔ་རྗེས་སུ། ངས་རང་རྒྱལ་གྱི་ལུགས་སྲོལ་དང་དེའི་བློ་ངོར་མི་ཤོང་བའི་བྱེད་སྒོ་གང་མང་ཞིག་མཐོང་བར་གྱུར་ཅིང་། མཐོང་ནས་ཀྱང་རང་ཁྱིམ་དུ་ངས་རྟག་པར་རང་གི་ཨ་མ་ལགས་ཀྱི་ཨ་ནེ་དང་ཨ་མྱེ་འམ། ཡང་ན་ཕྱི་རོལ་དུ་སྡོད་པའི་སྤོ་བོ་ལགས་སུ་བཀའ་འདྲི་ཞུ་དུས། ཁོང་ཚོས་ང་ལ་སྔོན་ཆད་ཁྱོད་རང་གི་ཨ་ཕ་ལགས་ཀྱི་སྤོ་བོ་དང་སྤོ་རྨོ་གཉི་གའང་འདི་ལས་ལྷག་པའི་དཀའ་སྡུག་གང་མང་ལ་འཕྲད་མྱོང་བ་རེད་ཟེར། དེར་མ་ཟད་སློབ་གླིང་དུ་བདག་གི་དགེ་རྒན་ཚོས་ནམ་རྒྱུན་སློབ་བུ་ཚོར་མཐོང་ཆེན་གནང་བ་དང་སློབ་ཕྲུག་བུ་མོ་ཚོར་མཐོང་ཆུང་བྱེད་ཀྱི་འདུག་ཅིང་། དེའི་རྒྱུ་མཚུན་ནི་འདི་ལྟ་སྟེ། ཁོང་ཚོའི་སེམས་རྒྱུད་ན་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཧ་ཅང་གཏིང་ཟབ་པས་ཡིན་འདུག

རང་རྒྱལ་གྱི་མཐོ་སློབ་ཏུ་འཛུལ་ཞུགས་བྱེད་སྐབས། གཙུག་ལག་སློབ་ཆེན་ཁག་ཅིག་གིས་རྒྱུན་པར་མངོན་སུམ་འཛེམ་མེད་ལ་མཚོ་ཐོག་བཟོ་སྐྲུན་ལས་རིགས་དང་ས་གཤིས་རིག་གནས་ཞིབ་འཇུག་སྡེ་ཁག་ནས་ཐོན་པའི་སློབ་ཕྲུག་བུ་མོ་མང་བོ་ཞིག་འཛུལ་ཞུགས་བྱེད་དུ་མི་འཇུག་པར། ཚབ་ཏུ་གསར་འགོད་ལས་རིགས་དང་ཕྱི་སྐད་སློབ་གཉེར་ (གནའ་དེང་གང་ཡིན་ཡང་ངེད་སྐྱེས་མ་ཚོ་ལས་རིགས་འདི་ལ་ཧ་ཅང་དགའ་མོས་ཡོད) བྱེད་མཁན་སློབ་བུ་མང་བོ་སློབ་འཇུག་བྱེད་ཀྱིན་འདུག་ལ། དཀའ་གནད་འདིའི་ཐད་ནས་བདག་གིས་རྟག་པར་འདི་ལྟར་མཐོང་ཡོང་། མཐོ་སློབ་ཁག་ནང་ཚུད་དང་མ་ཚུད་ཀྱི་སློབ་ཞུགས་བུད་མེད་སུ་ཞིག་ཡིན་རུང་། ཁོ་མོ་ཚོར་སྐྱེ་གཟིགས་རིང་ཞིང་བཞིན་རས་མཛེས་པོ་ཞིག་ཅི་ནས་ཀྱང་བདོག་དགོས་པ་ནི་སློབ་ཞུགས་ཀྱི་ཆ་རྐྱེན་མེད་རུང་བ་དེ་ཡིན་ཚོད་རེད།

དེ་ལྟར་ཡང་སྐྱེས་པ་མང་བོ་ཞིག་གིས་བུད་མེད་ཚོར་མཐོང་ཆུང་དང་ཁོ་མོ་ཚོ་སློབ་གསོའི་ལས་སྒོ་གང་ལའང་ཞུགས་དཀའ་ཞིང་བྱེད་སྡུག་ཏུ་གཏོང་གི་ཡོད་ཀྱང་། ད་དུང་དེ་ལ་སྣང་མེད་ཀྱིས་བཟོད་བསྲན་གུ་ཡངས་གནང་རུང་། བདག་གིས་དེ་ལྟར་ཁྱོན་ནས་བྱེད་མི་འདོད་དེ། སློབ་ཆེན་སློབ་མ་ཞིག་ཡིན་པའི་ཆ་ནས། དེ་ལས་ལྡོག་སྟེ་ང་རང་བུད་མེད་ཀྱི་རང་དབང་ཐོབ་ཐང་སྐོར་གྱི་རྒྱུན་ཤེས་སྦྱོང་བར་མོས་མཁན་ཞིག་ཏུ་གྱུར་ཅིང་། བདག་གིས་འཛམ་གླིང་གི་ཡུལ་གྲུ་གང་སའི་བུད་མེད་ཀྱི་ཁེ་དབང་རྩོད་ལེན་མཁན་གྲགས་ཅན་དང་ལྷག་དོན་ཧྥ་རན་སིའི་མཁས་མཛངས་གཉིས་ལྡན་གྱི་བུད་མེད་རྩོམ་པ་པོ་སེམ་བན་ཌི་བྷོ་བར་ (Simone de Beauvoir) ལགས་ཀྱི་བརྩམས་ཆོས་ <<མཚན་རྟགས་གཉིས་པ་>>< > ཞེས་པའི་བུད་མེད་ཀྱི་ཁེ་དབང་སྐོར་གྱི་དཔེ་དེབ་དེ་ཀློག་མགོ་བརྩམས་པ་ཡིན། མ་ཟད་ངས་ད་དུང་ནུབ་གླིང་གི་ཕོ་མོ་འདྲ་མཉམ་དང་བུད་མེད་ཀྱི་ཁེ་དབང་རྩོད་ལེན་སྐོར་གྱི་གློག་བརྙན་ལའང་ལྟ་བཞིན་ཡོད་ལ། མིག་ལོང་བ་ཞིག་དང་འདྲ་བར། ངས་ནམ་རྒྱུན་རྒྱང་མཐོང་ཤེལ་མིག་གྱོན་ནས་བལྟས་ཚེ། ཧ་ཅང་གསལ་བོར་མཐོང་ཡོང་གི་འདུག བུད་མེད་ཀྱི་ཁེ་དབང་ལས་དོན་ལ་བརྟེན་ནས། ང་རང་བྱིས་པ་ཡིན་དུས་མ་རྟོགས་པ་དང་མ་གོ་བའི་གནད་དོན་མང་པོ་ཞིག་རིམ་གྱིས་མཐོང་ཞིང་ངེས་པར་གྱུར།

༢༠༡༡ ལོའི་སྟོན་ཁར་ང་རང་དེ་སྔོན་སྤྱི་བདེ་ཉེན་རྟོག་པས་འཛིན་བཟུང་བཀག་བསྐྱིལ་བྱས་པའི་བུད་མེད་ཀྱི་ཁེ་དབང་དོན་གཉེར་བ་སྐུ་ཞབས་ལེ་ཐེན་ཐེན་ (Li Tingting) ལ་འཕྲད་ཅིང་། འདས་པའི་ལོ་ངོ་དུ་མའི་རིང་ལ་བུད་མེད་ཀྱི་ཁེ་དབང་དོན་གཉེར་བ་སྐུ་ཞབས་ལེ་ལགས་ཀྱིས་ང་རང་ཉིད་དང་ལས་དབང་གི་བསམ་ཕྱོགས་གཅིག་པའི་སྐྱེས་མ་ཁག་ཅིག་དང་ཁོང་མོ་ཚོའི་བུད་མེད་ཀྱི་ཁེ་དབང་རྩོད་ལེན་གནང་ཕྱོགས་ཀྱི་ལས་འཆར་ཁག་ངོ་སྤྲོད་མཚམས་སྦྱོར་གནང་བྱུང་།

བདག་གི་གྲོགས་མོ་ཚོ་ (མང་ཆེ་བ་ཕྱི་ལོ་ ༡༩༨༠ ནས་ ༡༩༩༠ བར་གྱི་མི་རབས་གསར་བ་ཡིན) དང་ངེད་ཚོ་ཚང་མར་ཤེས་ཡོན་སློབ་གསོ་ཐོབ་ཡོད་སྟབས། ང་ཚོར་ལས་བསླ་བོར་རང་ཉིད་ལ་མཚམས་པའི་ལས་གནས་རེ་ཐོབ་ཀྱང་། ང་ཚོའི་ཕ་མ་རྣམས་ཀྱིས་ནམ་རྒྱུན་ང་ཚོར་ཉེན་ཁའི་ལས་དོན་མི་སྒྲུབ་པར། ཞི་བདེ་ཞོད་འཇགས་ཀྱི་འཚོ་བ་རོལ་དགོས་པར་གདམས་ནའང་། ང་ཚོས་རང་བདེ་རང་སྐྱིད་ཀྱི་འཚོ་བ་སྟེ། གཉེན་སྒྲིག་ཁྱིམ་སྐྱོང་གི་ལས་སུ་མ་གཞོལ་བར། འདི་ལྟར་རང་ཉིད་དང་ལས་དབང་གཅིག་པའི་སྐྱེས་མ་ཚོའི་ཁེ་དབང་ལས་དོན་ཁུར་དུ་བླངས་པ་ཡིན།

དེང་སང་རྒྱ་ནང་གི་ལས་སྒོ་ཁག་ཏུ་ཕོ་མཆོག་མོ་དམན་གྱི་འདུ་ཤེས་ཁྱབ་ཆེ་ཞིང་། ཐ་ན་ཉོ་འཚོང་ལས་རིགས་ཁག་ཏུའང་བུད་མེད་ལ་ལས་གནས་འཐོབ་ཁག་པོ་འདུག འདི་ལྟར་མཚན་རྟགས་དབྱེ་འབྱེད་ཀྱིས་བུད་མེད་ཚོར་མཐོང་ཆུང་དང་བརྡབ་གསིག་གཏོང་བ་ནི་རྒྱ་ནང་གི་ཆེས་སྤྱིར་བཏང་གི་སྣང་ཚུལ་ཞིག་ཏུ་ཆགས་ཡོད་ལ། དེར་བརྟེན་ནང་ཁུལ་སྡེ་གཟར་གྱི་རླུང་འཚུབ་ཕྱོགས་གང་སར་མཆེད་ཡོང་གི་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༡༣ ལོར་རྒྱལ་དོན་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནང་གི་སྐྱེས་པ་ ༥༠% ཙམ་གྱིས་རང་གི་བཟའ་ཚང་དང་དགའ་རོགས་ལ་གཅར་རྡུང་དང་བཙན་གཡེམ་བྱེད་ཀྱིན་ཡོད་ཚོད་རེད།

གྲོགས་པོ་རེ་འགས་ང་ཚོར་ཁྱོད་རང་ཚོ་གསང་བའི་ངང་སྲིད་གཞུང་གི་ལས་མི་ཆགས་ཐབས་སུ་འབད་པ་དང་དེ་ནས་སྲིད་གཞུང་གི་སྒྲིག་འཛུགས་ལ་འཕོ་འགྱུར་གཏོང་ཐབས་སུ་བརྩོན་དགོས་པ་ཞེས་རེ་འདུན་བཏོན་རུང་། བསམ་བློའི་རང་དབང་ལ་དམ་དྲག་ཆེ་བའི་རྒྱལ་ཁབ་ཅིག་ཏུ། ནང་སྲིད་ལེགས་བཅོས་ཀྱི་འབོད་སྐུལ་གཏོང་བའི་བློ་སྤོབས་ཤིག་སུ་ལའང་ཡོད་པ་མ་རེད།

མི་རབས་སྔོན་མའི་ཁྲོད་ཀྱི་བུད་མེད་མང་པོ་ཞིག་སྲིད་གཞུང་གིས་མེས་རྒྱལ་གྱི་ངོ་ལོག་པའི་གྲས་སུ་དེད་ཀྱང་། དེང་སང་དཀའ་གནད་དེ་ལ་འགྱུར་ལྡོག་ཅུང་ཙམ་ཕྱིན་འདུག དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་བྱིངས་ཀྱི་ངོས་ནས་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་འཕར་མ་ཞིག་མ་སྤྲད་ཚེ། ང་ཚོ་སྐྱེས་མ་རེ་འགའ་ཞིག་གིས་གསང་བའི་ངང་བུད་མེད་ཀྱི་ཁེ་དབང་རྩོད་ལེན་གནང་རྒྱུ་ཁག་པོ་རེད།

ཉེ་ལམ་མི་དམངས་ཀྱི་ངོ་རྒོལ་སྐད་འབོད་ལ་དམ་དྲག་ཤུགས་ཆེར་བྱས་པ་ནས་བཟུང་། ང་ཚོས་བྱེད་ཐབས་གཞན་ལ་བརྟེན་ནས་སྤྱི་ཚོགས་འཚོ་གནས་ཀྱི་ཁེ་དབང་བརྩོན་ལེན་བྱེད་དགོས་པ་ཞིག་ཆགས་ཡོད། དེ་བས་ང་ཚོས་སྲང་ལམ་དང་ས་འོག་བགྲོད་ལམ་གང་སར་བུད་མེད་བདེ་སྲུང་གི་བརྡ་ཁྱབ་བཀྲམ་པ་དང་སྤྱི་ཚོགས་ཁོར་ཡུག་གང་སར་བུད་མེད་ཀྱི་བདེ་དོན་འགན་སྲུང་བྱེད་ཐབས་སུ་འབད་ཀྱིན་ཡོད།

ནང་ཁུལ་སྡེ་གཟར་གྱི་ཟིང་ཆར་བརྟེན་ནས་ངེད་རང་དུས་ཐོག་མར་སྤྱི་དམངས་འདུ་ཚོགས་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་། རེབ་དེར་ང་ཚོས་གྱོན་ཆས་ཐོག་ཏུ་ཁྲག་མདོག་གི་ཁ་ཏོག་བྱུགས་པ་དང་ལག་ཏུ་༼ སྡེ་གཟར་ལ་ཁ་གཡར་ནས་སྐྱེས་མའི་བརྩེ་བ་རྡོག་རོལ་མ་གཏོང་༽ ཞེས་པའི་ངོ་རྒོལ་འཕྲེད་དར་འཕྱར་ཏེ། པེ་ཅིན་གྲོང་ཁྱེར་གྱི་འདུ་འཛི་ཆེ་བའི་ཁྲོམ་སྲང་དུ་གོམ་བགྲོད་བྱས་ཏེ། ཡུལ་མི་ཚོར་རང་རྒྱལ་གྱིས་རང་རེའི་སྐྱེས་མ་ཚོའི་ཁེ་དབང་འཕྲོག་གི་ཡོད་པར་ཕྱིར་རྟོག་དང་ཕྱིར་རྒོལ་གནང་དགོས་པའི་འབོད་བརྡ་བཏང་བ་ཡིན། རེབ་དེར་ང་ཚོས་སྐྱེས་པ་ཚོས་བདག་བཟུང་བྱས་པའི་སྤྱི་སྤྱོད་གསང་སྤྱོད་བརྒྱུད་དུས། ང་ཚོས་སྔར་བས་ཀྱང་སྐྱེས་མ་ཚོའི་འཚོ་གནས་ཀྱི་དཀའ་ཁག་མང་པོ་ཞིག་ངང་གིས་མཐོང་ཡོང་། སྤྱི་ཚོགས་ཁོར་ཡུག་གང་སར་ཐ་ན་ཕོ་མོ་ཕན་ཚུན་བར་འབྱུང་བཞིན་པའི་གསང་སྤྱོད་རྩོད་གླེང་གི་དཀའ་རྙོག་དེའང་བཙན་ཤེད་ལུགས་ལྡོག་འབའ་ཞིག་ཡིན་གྱི། དྲང་བདེན་ལུགས་མཐུན་ཞིག་ཁྱོན་ནས་མིན་སྟབས། མི་དམངས་འདུ་ཚོགས་ལས་འགུལ་ཐེངས་གཉིས་པའི་སྐབས་སུ། ང་ཚོས་རང་གི་མགོ་སྐྲ་བཞར་ནས་མཐོ་སློབ་ཁག་ཏུ་བུད་མེད་ལ་ལོག་གཡེམ་དང་བརྙས་སྨོད་གཏོང་གི་ཡོད་པར་ངོ་རྒོལ་སྐད་འབོད་བྱས་པ་ཡིན།

ན་ནངས་ངེད་རང་གྲོང་དང་གྲོང་ཁྱེར་ ༥༥ དང་ལམ་ཐག་སྤྱི་ལེ་ ༡༢༠༠ བསྐྱོད་དེ། རྒྱ་ནང་གི་སློབ་གྲྭ་ཁག་ཏུ་སློབ་ཕྲུག་བུ་མོ་ཚོར་བཙན་གཡེམ་དང་མནར་གཅོད་ཚབས་ཆེན་གཏོང་བཞིན་པ་དག་ལ་རྒྱུས་ལོན་བྱས་པ་ལྟར་ན། ཡ་ང་བའི་འབྱུང་རྐྱེན་འདི་རིགས་ལ་སྲིད་གཞུང་གིས་སྡུག་སྦྱོང་མྱོང་མཁན་ཚོར་ལེ་ལན་བསྙད་པ་ཙམ་ལས། སྒྲིག་ཁྲིམས་ལེགས་བཅོས་དང་ཉེས་ཅན་པར་ཆད་གཅོད་མི་གཏོང་བར་འདུག

ཡིན་ན་ཡང་ང་ཚོས་རྒྱ་ནང་གི་བརྒྱུད་ལམ་དང་སྲང་ལམ་ཁག་ཏུ་བུད་མེད་ཀྱི་ཁེ་དབང་རྩོད་ལེན་བྱས་པར་བྱེད་ནུས་ཆེན་པོ་ཐོན་གྱི་ཡོད་པ་སྨྲས་ཅི། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་རྒྱལ་ནང་གི་གཙུག་ལག་སློབ་ཆེན་ཁག་ཏུ་ད་དུང་ཡང་སློབ་ཕྲུག་བུ་མོ་ཚོར་གསང་སྤྱོད་མི་རེག་པའི་དཀའ་རྙོག་འབྱུང་བཞིན་ཡོད་ཀྱང་། གཙུག་ལག་སློབ་ཆེན་འགའ་ཞིག་ནང་དེ་སྔའི་བཙན་ཤེད་ལུགས་ལྡོག་གི་སྒྲིག་ཁྲིམས་གུ་ཡངས་སུ་བཏང་བ་དང་། པེ་ཅིན་གྲོང་ཁྱེར་གྱིས་སྐྱེས་མར་གསང་སྤྱོད་གསར་བསྐྲུན་བྱས་པ། རང་རྒྱལ་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྒྱལ་ནང་སྡེ་གཟར་གྱི་རྒྱུ་རྐྱེན་ལ་ཐུགས་ཁུར་གནང་བ་བཅས་བྱེད།

ང་ཚོའི་བུད་མེད་ཀྱི་ཁེ་དབང་རྩོད་ལེན་ལས་འགུལ་གྱིས། རྒྱ་ནང་གི་རྒྱལ་ཞེན་པ་རེ་འགའ་བྱ་དཀའ་བྱེད་གཏད་དུ་གྱུར་བས། གསར་གནས་བརྒྱུད་ལམ་ཁག་ཏུ་ཁོང་ཚོས་ང་ཚོར་བཙན་གཏམ་ལུགས་ལྡོག་གིས་འཇིགས་སྐུལ་ དང་ཁ་རྡུང་བཏང་བ་དང་། སྤྱི་བདེ་མི་སྣས་ང་ཚོའི་ལག་འཁྱེར་ཁ་པར་དང་གློག་འཕྲིན་བརྒྱུད་ལམ་ནས་རང་རྒྱལ་ནུབ་ཁུལ་དུ་གྱོད་སྣ་བྱུར་འདྲེན་གྱི་སྦྱོར་བ་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་ཡོང་།

ཉེ་ལམ་རྒྱལ་སྤྱིའི་མ་ཡམ་དུས་ཆེན་གྱི་སྔོན་ཏག་ཏག་ལ་བདག་གི་གྲོགས་མོ་ལྔ་འཇུ་བཟུང་བྱས་པའི་རྒྱུ་མཚན་ཡང་། དེང་གི་ང་ཚོ་གཞོན་ནུ་མ་ཚོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་བརྒྱུད་སྒྲོག་བྱེད་པའི་བློ་ནུས་ལྡན་པས། རྒྱ་ནག་སྲིད་གཞུང་ང་ཚོར་རེ་དོགས་དང་ཞེད་སྣང་སྐྱེས་པ་རེད། ང་ཚོའི་དེ་སྔའི་བུད་མེད་ཀྱི་ཁེ་དབང་བརྩོན་ལེན་ལས་འགུལ་གྱི་རྩོད་རྙོག་དང་དེའི་ལས་འཆར་སོགས་ཞི་འགྲིག་ངང་ཐག་གཅོད་བྱས་ཡོད་ནའང་། ད་རེབ་ང་ཚོས་རང་རྒྱལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱས་སོང་བར་ཁ་གཡར་ནས། ང་དང་ངའི་གྲོགས་མོ་ཚོ་འཛིན་བཟུང་ཁྲ་མུན་དུ་བཅུག་པ་དང་། ཉེན་རྟོག་མི་སྣས་ང་དང་ངའི་གྲོགས་མོ་ཚོར་ད་དུང་སྤྱི་ཚོགས་ཆབ་སྲིད་ལས་འགུལ་བ་གཞན་སུ་དང་གང་ཡོད་རྩིས་སྤྲོད་དགོས་པའི་འཇིགས་སྐུལ་མནར་གཅོད་བཏང་བྱུང་།

འབྱུང་འགྱུར་ཡང་ང་ཚོ་སུན་བཙིར་དང་སྒེར་གཅོད་ཀྱི་སྤྱི་ཚོགས་ཁོར་ཡུག་འདིར་ག་ཙམ་རིང་འཚོ་ཞིང་སྡོད་པ་དེ་སྲིད་དུ། ང་ཚོས་ད་དུང་བུད་མེད་ཀྱི་ཁེ་དབང་རྩོད་ལེན་བྱེད་ངེས་ཡིན་ལ། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་མུ་མཐུད་ང་ཚོར་རོགས་རམ་དང་འབོད་སྐུལ་གནང་བར་ང་ཚོས་རེ་ལྟོས་བྱེད་ཀྱིན་ཡོད།

སྤྱིར་བུད་མེད་ཀྱི་ཁེ་དབང་རྩོད་ལེན་གནང་བ་ནི་རྒྱལ་ཁབ་གང་གི་རྒྱལ་ཁྲིམས་དང་འགལ་བའི་སྦྱོར་བ་ཞིག་གཏན་ནས་མ་ཡིན་ཞིང་། ང་ཚོས་རང་རྒྱལ་གྱི་སྐྱེས་མ་ཚོར་ཁེ་དབང་འདྲ་མཉམ་དགོས་པའི་རེ་འབོད་ཞུས་པ་ཡིན་སྟབས། ང་ཚོའི་འབོད་སྐུལ་ཡོད་ཚད་སྲིད་གཞུང་གང་གི་མ་འོངས་བརྟན་ལྷིང་དང་འབྲེལ་དམ་ཟབ་ཡོད་པ་སྨོས་མ་འཚལ་མོད། འོན་ཀྱང་ཉེ་ལམ་སྲིད་གཞུང་གི་བརྒྱུད་ལམ་དུ“བུད་མེད་ཀྱི་ཁེ་དབང་རྩོད་མཁན་ལྔ”འཛིན་བཟུང་བྱས་པའི་གནས་ཚུལ་བསྒྲགས་ལུགས་ལ་བལྟས་ན། ཕར་ཆེར་ཡོད་ཚད་ཀྱི་ཡོད་ཚད་དཀར་ནག་གོ་ལྡོག་གི་སྣང་ཚུལ་ཞིག་ཏུ་བསྒྱུར་ཅིང་། བསམ་ཡུལ་ལས་འདས་པ་ཞིག་ལ། བར་ལམ་ཞིག་ནས་རྒྱ་ནང་དུ་སྤྱི་བདེ་མི་སྣས་རང་རྒྱལ་ནང་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་གི་གོ་རྟོགས་སྤེལ་བར་གཞོགས་འདེགས་གནང་གིན་འདུག་གོ།

བསྒྱུར་མཆན། བུད་མེད་ཀྱི་ཁེ་དབང་དོན་གཉེར་བ་ཞོ་མེ་ལེས་ (Xiao Meili) བརྩམས། ཟླ་ ༥ ཚེས་ ༡༤ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཐོག་སྤེལ་ཡོད་པ་འདིར་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༩ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese