མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་ཟབ་སྦྱོང་ཚོཊ་བཞིན་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཤར་རྩེ་ཚན་རིག་སྡེ་ཚན་གྱི་འཛིན་ཁང་སོགས་དབུ་འབྱེད་དང་འབྲེལ་ཟླ་གཅིག་ལྷག་ལ་ཚན་རིག་སྐོར་གྱི་ཟབ་སྦྱོང་ཞིག་ཚོགས་བཞིན་ཡོད་འདུག

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚན་རིག་དགེ་རྒན་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འཛིན་ཁང་དང་བརྟག་དཔྱད་ཁང་། དཔེ་མཛོད། ཡིག་ཚང་སོགས་མ་ལག་དང་བཅས་པ་ལེགས་འགྲུབ་བྱུང་བའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཤར་བྱང་གྲྭ་ཚང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ཀྱི་དབུས་དགའ་ལྡན་ཚོགས་ཆེན་གྱི་ཞལ་ངོ་རྣམ་པ་གཉིས་དང་། ཤར་རྩེ་གྲྭ་ཚང་གི་དབུ་མཛད་ཆེན་མོ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མོན་གྷོ་ས་གནས་གྱི་དབུ་འཛིན་ལགས་དང་། ཨ་རིའི་ཨེ་མོ་རི་མཐོ་སློབ་ནས་ཕེབས་པའི་དགེ་རྒན་གཉིས། དེ་བཞིན། གྲྭ་ཚང་གཉིས་ཀྱི་ཕྱག་མཛོད་དང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་དང་། གྲྭ་ཚང་གཉིས་ཀྱི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དང་ལས་བྱེད། སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༧༠ ལྷག་འཛོམས་ཡོད་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་ཤིས་བརྗོད་མེ་ཏོག་གཏོར་བཞིན་འཛིན་ཁང་སོགས་དབུ་འབྱེད་གནང་བ་དང་འབྲེལ། ༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཇལ་དར་ཕུལ་བ་དང་སྣང་གསལ་སྒྲོན་མེ་ཞལ་འབྱེད་སོགས་གནང་གྲུབ་རྗེས། ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་རྒྱལ་མཚན་དབང་འདུས་ལགས་ཀྱིས་ཚན་རིག་སྡེ་ཚན་གྱི་ལས་རིམ་ངོ་སྤྲོད་དང་། ཨེ་མོ་རིའི་དགེ་རྒན་རྣམ་གཉིས་ནས་ནུབ་ཕྱོགས་པའི་ལྟ་གྲུབ་དང་ནང་པའི་ལྟ་གྲུབ་བར་ལ་འབྲེལ་ལམ་ཡག་པོ་བྱུང་ན་དགེ་མཚན་ཆེ་སྐོར་གྱི་གསུང་བཤད་གནང་ཡོད་པ་དང་། དེ་བཞིན། མོན་གྷོ་ས་གནས་དབུ་འཛིན་ལགས་ཀྱིས་༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ལྟར། ནང་ཆོས་དང་ཚན་རིག་ཟུང་དུ་འབྲེལ་བའི་རིག་གཞུང་འཛམ་གླིང་ཡོངས་ལ་དར་ཁྱབ་ཆེན་པོ་བྱུང་ན་འཛམ་གླིང་སྤྱི་ཡི་ཞི་བདེ་ལ་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་གསུང་བཤད་གནང་ཡོད་པ་དང་། མཇུག་ཏུ་དགའ་ལྡན་ཤར་བྱང་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་གཉིས་ནས་འཛམ་གླིང་སྤྱིའི་རིག་གཞུང་འཕེལ་ཕྱོགས་ལ་ལྟོས་ནས་དུས་རབས་དང་མཐུན་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཚན་རིག་གལ་ཆེན་པོ་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་ཡོད་འདུག

ཚན་རིག་སློབ་གཉེར་གྱི་མ་ལག་དབུ་འབྱེད་དང་འབྲེལ། ཨ་རིའི་ཨེ་མོ་རི་མཐོ་སློབ་ཁང་གི་དགེ་རྒན་ ༡༤ ཆེད་ཕེབས་ཀྱིས་དེ་རིང་ཕྱི་ཚེས་ ༡༩ ཉིན་ནས་ཕྱི་ཟླ་ ༦ ཚེས་ ༢༢ བར་ནུབ་ཕྱོགས་ཀྱི་ལྟ་གྲུབ་སྐོར་དང་དབང་རྩའི་ཚན་རིག སྐྱེས་དངོས། དངོས་ཁམས་བཅས་བརྗོད་གཞི་མི་འདྲ་བ་བཞིའི་ཐོག་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་དང་། ཐེངས་འདིའི་ཟབ་སྦྱོང་ནང་དགའ་ལྡན་ཤར་བྱང་གཉིས་ཀྱི་ཚན་རིག་དོན་གཉེར་བ་སློབ་ཕྲུག་ ༡༥༠ མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༡ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༨ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese