མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་བཀའ་བློན་མཆོག་བལ་ཡུལ་ནང་འབྱོར།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྐུ་ཚབ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བལ་ཡུལ་དུ་འབྱོར་ཏེ་ས་ཡོམ་གནོད་ཐེབས་ཁུལ་དུ་གཟིགས་སྐོར་དང་མང་ཚོགས་ལ་འཚམས་འདྲི་གནང་ཡོད་འདུག

འདི་གར་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བལ་ཡུལ་ནང་ཕེབས་འབྱོར་བྱུང་ཡོད་འདུག ཉིན་དེར་བལ་ཡུལ་གྱི་བོད་མི་ཚོར་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ས་ཡོམ་གྱི་འཇིགས་པ་ལས་གྲོལ་ཆེད་ལམ་སྟོན་ཕེབས་པ་ལྟར། བལ་ཡུལ་ཐར་ལམ་ས་བཟང་རྣམ་རྒྱལ་གླིང་དུ། སྒྲོལ་མ་འབུམ་ཚོགས་དང་། སྒྲོལ་མ་གཡུ་མདོས་ཀྱི་ཞབས་རིམ་སོགས་དགེ་འདུན་པ་བཞི་བརྒྱ་ཉེ་བས་ཉིན་གྲངས་ལྔ་པ་འཚོགས་བཞིན་པའི་སྐབས་ཡིན་འདུག

སྐབས་དེར་བལ་ཡུལ་ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ < International Buddhist Academy > གི་ངེས་སྟོན་པ་ཌོཀ་ཊར་མཁན་པོ་ངག་དབང་འབྱོར་ལྡན་དང་། བལ་ཡུལ་འབྲེལ་མཐུད་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་དང་དཔལ་འབྱོར་དྲུང་ཆེ། ལོ་ཙཱ་བ་རྒན་བྱམས་པ་བློ་གསལ་བཅས་མཉམ་འཛོམས་བྱུང་ཐོག མཁན་པོ་འབྱོར་ལྡན་ལགས་ཀྱིས། ད་ལམ་༧གོང་མ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་། ས་སྐྱའི་ངོས་ནས་ཐོག་མར་ས་ཡོམ་གྱི་རོགས་ཚོགས་ཇི་ལྟར་བཙུགས་པའི་བརྒྱུད་རིམ་དང་། བལ་ཡུལ་གྱི་གནོད་ཐེབས་མང་ཚོགས་སྤྱི་ལ་ས་སྐྱ་ << ས་ཡོམ་རོགས་ཚོགས་ >> ཀྱི་ངོས་ནས་བཟའ་འབྲུ་དང་། རོགས་དངུལ་ཕུལ་བའི་སྐོར་སོགས་ངོ་སྤྲོད་གནང་ཡོད་འདུག

དེའི་རྗེས་ཤེས་རིག་བཀའ་བློན་མཆོག་གིས། ཐེངས་འདིའི་ས་ཡོམ་ཁྲོད་རང་གཞུང་གིས་མང་ཚོགས་ལ་ཐུགས་ཁུར་གནང་ཕྱོགས་དང་། ཁྱད་པར་བལ་ཡུལ་གནས་སྡོད་བོད་མི་ལྷག་བསམ་ཅན་སྤྱི་དང་། དམིགས་བསལ་ཆོས་བརྒྱུད་རིས་མེད་ཀྱི་སྐྱབས་གནས་དགེ་འདུན་པའི་སྡེས་ཐུགས་སྤོབས་ཆེན་པོས་༧གོང་ས་མཆོག་གི་དུས་རྒྱུན་གསུངས་དང་གསུང་བཞིན་པའི་གཞན་ཕན་དང་། འཚེ་མེད་ཀྱི་བླ་ན་མེད་པའི་བཀའ་དགོངས་སྙིང་ལ་བཅངས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མིག་སྔར་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པའི་ཚབ་མཚོན་ནུས་པའི་རླབས་ཆེན་ཕྱག་ལས་གནང་བ་དེར་རང་གཞུང་གིས་བསྔགས་བརྗོད་ཡོད་སྐོར་སོགས་གསུངས་ཡོད་འདུག

བལ་ཡུལ་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་མཆོག་གིས་ས་ཡོམ་གྱི་གོད་ཆག་བྱུང་བ་ནས་བཟུང་། ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཚོས་མང་ཚོགས་ཀྱི་བདེ་སྡུག་ཁོ་ན་ཐུགས་ལ་བཏགས་ཏེ་གནོད་ཐེབས་ས་ཁུལ་སོ་སོར་དཀའ་བ་ཁྱད་བསད་ཀྱིས་ཕེབས་པ་དེས། ལོ་རྒྱུས་ཡུན་རིང་ལྡན་པའི་བལ་བོད་མི་མང་གི་བརྩེ་སེམས་སྔར་བས་ཀྱང་ཇེ་ཉེར་གྱུར་ཡོད་པར་མ་ཟད། ༧གོང་ས་མཆོག་གི་ཐུགས་དགོངས་རྫོགས་པ་བྱུང་ཡོད་ངེས་ཡིན་སྐོར་སོགས་གསུངས་ཡོད་འདུག

ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་བལ་ཡུལ་ནང་ཕེབས་པ་དེ་ནི། བཀའ་ཤག་གིས་བལ་ཡུལ་ནང་གི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་དང་། བོད་མི་ཚོས་ཛ་དྲག་གི་རོགས་སྐྱོར་ཉིན་མང་པོར་བྱས་འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་དང་། ས་ཡོམ་ཁྲོད་གོད་ཆག་ཤོར་བའི་བོད་མི་ཚོར་དམིགས་བསལ་འཚམས་གཟིགས་གནང་བར་ཕེབས་པ་ཞིག་ཡིན་འདུག ཅེས་ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་བལ་ཡུལ་ནས་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༡ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༢ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 4

  1. ཤར་མདའ། says:
    ལོ་ 11 སྔོན།

    གང་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་སྐྱོར་སྔོན་ནས་འབྱོར་བ་གསལ་ལམ་ལ་ཐོན་འདུག་དེ་ནས་རྒྱུན་འདུག་རང་གཞུང་གི་ལས་བྱེད་ཁག་བཞུགས་ཡོད་པ་སོང་ཙང་འགྲིགས་འདུག་བསམ་བྱུང་མ་ཟད་གནས་སྟངས་འདི་འདྲའི་སྐབས་ཕེབས་ཐུབ་པ་ཧ་ལས་པ་ཡག་པོ་བྱུང་ང་ཚོ་དགའ་ནས་ཡོད་བཀྲིན་ཆེ།

    Reply
  2. རིགས་བཟང་། says:
    ལོ་ 11 སྔོན།

    ས་ཡོམ་བརྒྱབ་སྟེ་ཟླ་གཅིག་འགྲོ་བཞིན་པའི་སྐབས་སུ་གཞི་ནས་བོད་གཞུང་གི་མི་སླེབས་པ་འདི་ཡ་མཚན་རེད།
    ཁ་ཉིན་ངོ་དེབ་སོགས་སུ་གྲ་བ་ཞིག་གིས་རྒྱ་ནག་གི་རས་གུར་མང་པོ་ཡོད་པའི་བརྙན་ཞིག་བསྟན་ཏེ། རྒྱ་ནག་གཞུང་གི་རོགས་སྐྱོར་བ་ཚོས་བལ་ཡུལ་གཞུང་མང་གཉིས་ཀྱི་སེམས་འགུག་ཐབས་བྱེད་ཀྱིན་འདུག རྡ་རམ་ས་ལའི་བོད་གཞུང་གིས་སྐྱག་པ་ཟ་བཞིན་ཡོད་རེད་དམ། བལ་ཡུལ་ནང་གི་གནོད་འཚེ་ཕོགས་མཁན་ཚོར་རོགས་པ་བྱེད་མཁན་ཞིག་ཕར་ཞོགས། བལ་ཡུལ་ནང་གི་བོད་མི་ས་ཡོམ་གྱིས་ཤི་རྨས་ཐེབས་བཞིན་པ་ཚོར་ཡང་རོགས་བྱེད་མཁན་གཅིག་ཀྱང་མཐོང་རྒྱུ་མི་འདུག་ཅེས་ལབ་ཡོད་པ་ཞིག་དྲ་ལམ་ཁག་ཏུ་འགྲོ་བཞིན་འདུག

    Reply
  3. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    དུས་ཚོད་ཛ་དྲག་སྐབས་ད་དུང་མི་ངན་རེ་གཟུང་སྨྱོ་གཏམ་བཤད་པ་ཡིད་རེ་སྐྱོ། གཞུང་གི་སྐུ་ཚབ་སུ་ཕེབས་མན་ཁྱད་པར་གང་ཡང་མེད། གང་ལྟར་གཞུང་ཕྱོགས་ནས་ཐུགས་བསམ་བཞེས་པ་དགའ་བསུ་ཞུ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ནང་སྲིད་ལས་ཁུངས་ནས་ཕེབས་དགོས་སར། ཤེས་རིག་ལས་ཁུངས་ནས་ཕེབས་དགོས་དོན་ཅང་མཐོང་མ་སོང་ང་ོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese