མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་རང་དབང་གསར་ཤོག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་ ༥ ཚེས་ ༢༠ ཉིན་ (the guardian)ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ཧོང་ཀོང་དུ་རང་དབང་གསར་ཤོག་བརྒྱུད་ལམ་ཟེར་བ་ཞིག་འགྲེམ་སྤེལ་བྱེད་འཆར་ཡོད་པ་དེར་ཧོང་ཀོང་གི་མི་མང་པོ་ཞིག་གིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ལས་འཆར་དེ་མགོ་འཛུགས་ཐད་མ་དངུལ་ཕོན་ཆེན་པོ་བསྡུ་རུབ་བྱེད་ཐུབ་ཡོད་འདུག

གནས་ཚུལ་དེའི་ནང་བཀོད་དོན། རྒྱ་ནང་གི་གསར་གནས་སྣ་འཛོམས་རང་བཞིན་ཅན་དུ་གཏོང་ཆེད། ཧོང་ཀོང་གྲོང་ཁྱེར་ནང་རང་དབང་གི་གསར་ཤོག་བརྒྱུད་ལམ་འགྲེམ་སྤེལ་གནང་འཆར་ཡོད་པ་དང་། གསར་གནས་དོ་དམ་པས“ རང་དབང་གསར་ཤོག་ནི་རང་དབང་གི་རེ་འབོད་བསྙོན་མེད་ཅིག་ཡིན”ཚུལ་བརྗོད་འདུག

གསར་ལམ་དུ་མུ་མཐུད་བརྗོད་དོན། ཧོང་ཀོང་གྲོང་ཁྱེར་གྱི་དབྱིན་སྐད་རང་དབང་གསར་ཤོག་བརྒྱུད་ལམ་དེ་ད་ལོའི་ཕྱི་ཟླ་ ༦ པ་ནས་མགོ་བཙུགས་ནས་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཏེ། རྒྱ་ནག་སྐམ་ས་ཆེན་མོའི་འོག་ཏུ། ཧོང་ཀོང་གྲོང་ཁྱེར་ནི་ཆེས་མཐོའི་རང་སྲིད་རང་སྐྱོང་དུ་ཕྱིར་ལོག་པའི་ལོ་འཁོར་དུས་ཆེན་དང་བསྟུན་ཏེ། དངོས་སུ་འགྲེམ་སྤེལ་གནང་འཆར་ཡོད་འདུག་ལ། རྒྱ་ནག་གི་བརྒྱུད་ལམ་སྟངས་འཛིན་འོག་གི་རང་དབང་གསར་འགོད་པ་ཁག་ཅིག་གིས་དེ་ལྟ་བུའི་རང་དབང་གསར་ཤོག་འགྲེམ་སྤེལ་གནང་བ་ལ་ཀློག་པ་པོ་ཀུན་གྱིས་དགའ་བསུ་དང་ཡི་རངས་འཐོབ་མུས་ཡིན་ཡིན་འདུག

རང་དབང་གསར་འགོད་པ་དང་རྩོམ་པ་པོ། རང་དབང་གསར་ཤོག་བརྒྱུད་ལམ་གྱི་ལས་འཆར་འབྲེལ་མཐུད་པ་སྐུ་ཞབས་ཁྲོམ་གཱི་རོན་ཌེ་ (Tom Grundy) ལགས་ཀྱིས“ང་ཚོས་ཟླ་གཅིག་རིང་ཧོང་ཀོང་གི་ཌོལ་ལོར་ ༡༥༠,༠༠༠ (ཧོང་ཀོང་གི་ཌོལ་ལོར་ ༡ ལ་ཧིན་སྒོར་ ༨ ལྷག་ཡིན།)ལྷག་བསྡུ་རུབ་བྱེད་ཐུབ་པའི་ལས་གཞི་ཞིག་ལག་བསྟར་བྱེད་རྩིས་ཡིན་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། ང་ཚོས་ཉིན་གཉིས་ནང་གོང་སྨོས་ཀྱི་དངུལ་འབོར་དེ་བསྡུ་རུབ་བྱེད་ཐུབ་སོང་།”ཞེས་དང་། ཡང་ཁོང་གིས“ད་རེབ་ང་ཚོས་རང་དབང་གསར་ཤོག་བརྒྱུད་ལམ་གྱི་འགྲོ་གྲོན་རོགས་དངུལ་དང་དྲ་རྒྱ་ཇུས་འགོད་སོགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་སྟེ། ཟླ་རྗེས་མའི་བར་སླར་ཡང་ཧོང་ཀོང་གི་ཌོལ་ལོར་ ༥༠,༠༠༠ ལྷག་བསྡུ་རུབ་དང་གསར་ཤོག་འགྲེམ་སྤེལ་བྱེད་འཆར་ཡོད”ཅེས་བརྗོད་འདུག

རྗེས་སུ་ཡང་ཁོང་ཚོས་མུ་མཐུད་དུ་རང་དབང་གསར་ཤོག་བརྒྱུད་ལམ་གྱི་ལས་དོན་རྒྱུན་སྐྱོང་དང་ཤར་གཏོང་། གསར་ལམ་ཞིབ་བཤེར་གྱི་ལས་གཞི་བཅས་རྒྱུན་སྐྱོང་བྱེད་རྒྱུ་ཡིན་འདུག རང་དབང་གསར་ཤོག་གི་ལས་འཆར་འབྲེལ་མཐུད་པ་སྐུ་ཞབས་ཁྲོམ་གཱི་རོན་ཌེ་ལགས་ཀྱིས་མུ་མཐུད་གསུངས་དོན། སྤྱིར་ལས་རིགས་འདི་གང་ཟག་སྒེར་བས་ཀྱང་སྒྲུབ་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཀྱང་། ང་ཚོས་མི་མང་མཉམ་རུབ་གྱིས་ལས་དོན་མཐའ་འཁྱོལ་བ་ཞིག་བྱ་ཐུབ་པའི་རེ་བ་བྱེད་གི་ཡོད་ཟེར།

སྤྱིར་བཏང་རང་དབང་གསར་ཤོག་གི་ལས་དོན་སྒྲུབ་མཁན་རྒྱུན་ལས་རེ་འགའ་ཞིག་ལས་མེད་ནའང་། རང་དབང་བརྒྱུད་ལམ་གསར་བཟོའི་ལས་དོན་ལ་རྒྱབ་སྐྱོར་དང་ཡིད་རྟོན་གནང་མཁན་ནི་བགྲང་གིས་མི་ལང་བ་ཞིག་ཡོད་སྲིད་ན་ཡང་། ཧོང་ཀོང་གི་རང་དབང་བརྒྱུད་ལམ་གྱི་འགྲོ་གྲོན་དང་གཞི་རིམ་གསར་གནས་འཚོལ་བསྡུ་སོགས་ཀྱི་ལས་གཞི་ལ་སེམས་ཁུར་བྱེད་བཞིན་ཡོད་འདུག

སྤྱིར་རང་དབང་བརྒྱུད་ལམ་གསར་བཟོའི་འཆར་གཞི་དེ་ལོ་སྔོན་མའི་ནང་ཧོང་ཀོང་རྒྱལ་ཡོངས་འོས་བསྡུའི་རང་དབང་རྩོད་ལེན་ལས་འགུལ་མ་བྱུང་སྔོན་ནས་མགོ་བཙུགས་ཡོད་ནའང་། ཕྱི་ལོ་ ༢༠༡༤ ལོའི་གསར་བརྗེ་འོས་ལངས་ཆེན་མོའི་རྗེས་སུ་མ་གཏོགས་མགོ་འཛུགས་བྱེད་ཐུབ་ཡོད་པ་མ་རེད་ལ། ཉིས་སྟོང་བཞི་ལོའི་ཧོང་ཀོང་གི་གསར་བརྗེ་འོས་ལངས་ཆེན་མོ་དེ་ནི་རྒྱ་ནང་གི་བརྒྱུད་ལམ་ཁག་དང་། ལྷག་དོན་གང་ཟག་སྒེར་བའི་རང་དབང་ཞིབ་བཤེར་བརྒྱུད་ལམ་སོགས་ལ་རྒྱ་ནག་གཞུང་གིས་སྟངས་འཛིན་དང་བཀག་སྡོམ་ཤུགས་ཆེན་བྱས་སྟབས། ཧོང་ཀོང་གི་ཡུལ་མི་ཁྲི་སྟོང་མང་པོ་འདུ་འཛོམས་ཀྱིས་དེ་ལ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད།

ཧོང་ཀོང་གི་དབྱིན་ཡིག་རང་དབང་གསར་ཤོག་དང་བརྒྱུད་ལམ་ཁག་ལ་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོར་སྟངས་འཛིན་དང་བཀག་སྡོམ། དེ་ལ་ཁ་རྡུང་བཅས་གཏོང་གི་ཡོད་ནའང་། གཞི་རིམ་གྱི་རྒྱ་ཡིག་གསར་ཤོག་དང་བརྒྱུད་ལམ་ཁག་ལ་ནི་བཀག་སྡོམ་སྟངས་འཛིན་བྱེད་ཀྱི་མེད་ཚོད་རེད་དེ། སྐུ་ཞབས་ཁྲོམ་གཱི་རོན་ཌེ་ལགས་ཀྱིས”སྤྱིར་དབྱིན་ཡིག་ནི་རྒྱལ་སྤྱིའི་མི་དམངས་བར་གྱི་འབྲེལ་ཟམ་ལྟ་བུའི་སྐད་ཡིག་ཅིག་ཡིན་པའི་ཆ་ནས། ངས་ཚོས་སྣ་འཛོམས་རང་བཞིན་ལྡན་པའི་དབྱིན་ཡིག་གི་རང་དབང་གསར་ཤོག་དང་བརྒྱུད་ལམ་མཁོ་བསྐྲུན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་སེམས་ཤིང་། སྤྱིར་བཏང་དུས་ཚོད་དྲུག་རིང་གི་དབྱིན་ཡིག་གི་གསར་གནས་ཤིག་རྒྱ་ཡིག་གི་གསར་འགྱུར་སྟེང་ཐོན་པ་ལ་ཧ་ལམ་ཉིན་གཉིས་ལྷག་གི་དུས་ཡུན་འགོར་ཀྱིན་ཡོད་སྟབས། ང་ཚོས་དུས་ཚོད་ཀྱི་བར་སྟོང་དེ་སྐོང་འདོད་པ་ཡིན་ལ། ཐ་ན་ཧོང་ཀོང་མི་མང་གིས་རྒྱ་ནག་གཞུང་གི་དམ་དྲག་ལ་ངོ་རྒོལ་སྐད་འབོད་སྐབས་སུའང་། རྒྱ་ནག་ལ་ད་དུང་ཡང་འཕོ་འགྱུར་ཅི་ཡང་མེད་པའི་གནད་དོན་དེ་ནི་ངོ་མ་ཚོད་དཔག་དཀའ་བ་ཞིག་རེད”ཅེས་དང་། ཡང་ཁོང་གིས”ད་རེབ་ཀྱི་རང་དབང་གསར་ཤོག་བརྒྱུད་ལམ་གསར་འཛུགས་བྱེད་དགོས་པའི་དམིགས་བྱ་གཙོ་བོ་ཡང་ཧོང་ཀོང་གི་གནས་བབ་དངོས་ལ་རྟོག་ཞིབ་དང་གཞི་རིམ་གྱི་གནས་ཚུལ་དངོས་འཚོལ་བསྡུ་གནང་རྒྱུ་དེ་ཡིན”ཟེར།

འདས་པའི་ལོ་ངོ་འདི་དག་གི་རིང་ལ། དབྱིན་ཡིག་གི་གསར་ཤོག་དང་བརྒྱུད་ལམ་ཁག་རྩེད་འགྲན་པ་གཅིག་གིས་དབང་བསྒྱུར་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༠༣ ཚུགས་པའི་རྒྱ་ནག་ལྷོ་རྒྱུད་ཁུལ་གྱི་ནངས་མོའི་གསར་ཤོག་སྟེ། དེང་སང་ཁེ་རེ་ཚད་ཡོད་ཚོང་གཉེར་ཁང་ [Kerry Group Limited] གི་སྟངས་འཛིན་འོག་ཡོད་ཀྱང་། ད་ལྟའི་བར། རྒྱལ་ཡོངས་ཀྱི་ཁེ་ལས་སྒེར་འཛིན་ཚོང་གཉེར་ཁང་ཡོད་ཚད་ཚར་གཅོད་གཏོང་བའི་བྱ་འགུལ་ལ་བརྟེན་ནས། ཡོད་ཚད་ཀྱི་ཡོད་ཚད་དཔལ་འབྱོར་གྱི་གནོན་ཤུགས་འོག་ཏུ་ཚུད་པའི་དབང་གིས། ཁེ་རེ་ཚད་ཡོད་ཚོང་གཉེར་ཁང་ལའང“ཁེ་མེད་ཞབས་ཞུའི་གསར་ཁང”ཞེས་ཀྱང་འབོད་པའི་རྒྱུ་མཚན་དེ་ལ་ཐུག་ཡོད་པ་དང་། དེར་མ་ཟད། ཁེ་ལས་ཚོང་གཉེར་ཁང་ཡོད་དོ་ཅོག་ལ་སྟངས་འཛིན་ཤུགས་ཆེན་ཐེབས་པའི་རྐྱེན་གྱིས། ཚོང་གཉེར་ཁང་དེ་དག་གིས་འགྲེམ་སྤེལ་བྱེད་པའི་དབྱིན་ཡིག་གི་བདུན་རེའི་གསར་ཤོག་གང་མང་ཞིག་རང་བཞིན་གྱིས་ལྟེབ་རྩེག་བརྒྱབ་ནས་བསྐྱུར་དགོས་པ་ཆགས་ཀྱི་ཡོད་ལ། ཕྱི་གསལ་ནང་གསལ་གྱི་དམངས་གཙོའི་འཛིན་སྐྱོང་འོག་ཏུ། ཧོང་ཀོང་གི་དཔེ་སྐྲུན་རང་དབང་ནི་ ༼ཀུ་ཤུ་རྟགས་ཅན་གྱི་རྒྱ་ཡིག་གི་ཉིན་རེའི་གསར་ཤོག༽ དང་འདྲ་བར། འགྲེམ་སྤེལ་གྱི་རང་དབང་མེད་པའི་དཀའ་ངལ་ལ་ཐུག་ཡོད་སྟབས། རྒྱ་ནག་གཞུང་དང་ལྷན་དུ་ཁེ་ལས་གཉེར་འདོད་ཡོད་པའི་ཚོང་གཉེར་ཁང་མང་པོ་ཞིག་གིས་རང་དབང་བརྒྱུད་ལམ་གསར་ཤོག་གི་ཉོ་འཚོང་སྒྲུབ་པའི་བློ་སྤོབས་ཡོད་པ་མ་རེད། ཅེས་སོགས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese