མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་ཡོན་ཚོས་ཆོས་དད་བྱེད་མི་ཆོག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

གུང་ཁྲན་ཏང་ཡོན་ཚོ་དང་ལྷག་པར་དུ་མཐོ་རིམ་ཏང་ཡོན་དཔོན་རིགས་ཁྲོད་ཆོས་དད་བྱེད་པ་དང་ཆོས་ཀྱི་བྱེད་སྒོར་ཞུགས་ཀྱི་ཡོད་པ་དག་ཏང་གི་རྩ་དོན་དང་འགལ་ཡོད་ཟེར།

ཁ་སང་རྒྱ་ནག་སྒྲིག་ཁྲིམས་ལྟ་སྐྱོང་དྲ་བའི་སྟེང་། “གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱ་མི་ཆོག་པའི་ལུགས་སྲོལ་བརྟན་སྲུང་” ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ཉེ་ཆར་ཊེ་ཅང་ཞིང་ཆེན་ཝིན་ཀྲིའུ་གྲོང་ཁྱེར་གྱི་སློབ་གསོ་དང་འཕྲོད་བསྟེན། མཐོ་འབྲིང་སློབ་གླིང་གི་ཏང་ཡོན་ཚོ་ཆོས་ལུགས་ལ་དད་པ་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པ་སོགས་ལ་རྟོག་ཞིབ་བྱས་ཡོད་སྐོར་བཀོད་འདུག

རྩོམ་ཡིག་དེའི་ནང་དུ་མཱ་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ནི་དངོས་གཙོའི་རིང་ལུགས་ཡིན་པ་དང་། ཆོས་ལུགས་པས་འཇིག་རྟེན་ལྟ་ཚུལ་དེ་སེམས་གཙོ་སྨྲ་བའི་སྡེ་ཚན་དུ་ཡོད་སྟབས། རིག་པའི་གཞུང་ལུགས་ཀྱི་སྟེང་ནས་བཤད་ན། དངོས་གཙོ་རིང་ལུགས་དང་སེམས་གཙོ་སྨྲ་བ་གཉིས་ཀྱི་རྩ་བ་ཐ་དད་ཡིན་པ་མ་ཟད། གང་ལྟར་མི་སྒེར་དང་ཆབ་སྲིད་གཉིས་ཐད་ནས་བརྗོད་ནའང་ནམ་ཡང་སྙོམས་པོ་དང་ལྷན་གཅིག་ཏུ་གནས་ཐུབ་མེད། མཱ་ཁེ་སི་ཡིས་ ‘གུང་ཁྲན་རིང་ལུགས་ནི་ཐད་གར་ཆོས་མེད་སྨྲ་བ་ནས་མགོ་འཛུགས་དགོས་’ ཞེས་ལུང་འདྲེན་བྱས་ཡོད་པ་དང་། གུང་ཁྲན་ཏང་ཡོན་གྱིས་ཆོས་ལུགས་ལ་དད་པ་བྱ་མི་ཆོག་པ་དེ། རྒྱ་ནག་གི་གུང་ཁྲན་ཏང་མགོ་བཙུགས་པ་ནས་བསམ་བློའི་རྩ་དོན་དང་སྒྲིག་འཛུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པར་དོགས་པ་མེད་སྐོར་སོགས་བྲིས་འདུག

རྩོམ་ཡིག་དེའི་ནང་། རྒྱ་ནག་གི་རྩ་ཁྲིམས་སུ་གཏན་འཁེལ་བྱས་པ་ལྟར་ན། རྒྱ་ནག་མང་ཚོགས་ལ་ཆོས་ལུགས་དད་པ་རང་དབང་ཡིན་ཡང་། གུང་ཁྲན་ཏང་ཡོན་ནི་སྤྱིར་བཏང་གི་མང་ཚོགས་དང་མི་འདྲ་བར། གུང་ཁྲན་ཏང་ཡོན་ནི་གུང་ཁྲན་རིང་ལུགས་ཀྱི་གོ་རྟོགས་སད་པའི་གདོང་ལེན་འཐབ་འཛིང་པ་དང་། བློ་བརྟན་འགྱུར་མེད་ཀྱི་མཱ་ཁེ་སི་རིང་ལུགས་པ། ཆོས་མེད་སྨྲ་བ་ཡིན་དགོས་སྟབས། གུང་ཁྲན་ཏང་ཡོན་ཚོས་ཆོས་ལུགས་ལ་དད་པ་བྱ་མི་ཆོག་པ་དང་། ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག འོན་ཀྱང་། ད་ལྟ་གུང་ཁྲན་ཏང་ཡོན་ཁ་ཤས་ཤིག་ཆོས་ལུགས་ཀྱི་རྗེས་སུ་འབྲང་གི་ཡོད་པ་དང་། དམིགས་བསལ་མཐོ་རིམ་དཔོན་རིགས་ཁྲོད་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་པ་དང་། ཆོས་ལ་དད་པ་བྱེད་ཀྱི་ཡོད་པ་མ་ཟད། ཡང་ཁག་ཅིག་གིས་ལྷ་མཆོད་གནས་མཇལ་བྱས་ཏེ་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་དེ་དག་ཤུགས་ཆེ་རུ་གཏོང་གི་འདུག ཅེས་སོགས་འཁོད་འདུག

དེ་རིང་བྷེ་བྷེ་སི་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༩༡ ལོའི་ཟླ་ ༡ ནང་རྒྱ་ནག་དབུས་རྩ་འཛུགས་ལྷན་ཁང་གིས། ཆོས་ལུགས་ལ་དད་པ་ཡོད་པའི་གུང་ཁྲན་ཏང་ཡོན་གྱི་གནད་དོན་ཐག་གཅོད་འོས་འཚམས་བྱེད་ཐབས་སྐོར་གྱི་བརྡ་ཁྱབ་ཅིག་བཏང་ཡོད་པ་དེ། གཙོ་བོ་གྲངས་ཉུང་མི་རིགས་ས་ཁུལ་དག་གི་ཆོས་ལུགས་ཀྱི་སྟོབས་ཤུགས་དང་བག་ཆགས་ཟབ་ས་དག་ལ་དམིགས་ཡོད་ཅིང་། དཔེར་ན། བོད་དང་ཡུ་གུར་སོགས་རེད། འོན་ཀྱང་། ཉེ་བའི་ལོ་གཉིས་རིང་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་དང་། གུང་ཁྲན་ཏང་ཡོན་དག་ཐེར་གྱི་ལས་འགུལ་ཁྲོད། ཆོས་ལུགས་ལ་དད་པ་དང་ཆོས་ལུགས་ཀྱི་བྱེད་སྒོར་འཛུལ་ཞུགས་བྱས་པ་སོགས་ཀྱི་གནད་དོན་དབུས་རྟོག་ཞིབ་རུ་ཁག་གིས་གླེང་སློང་བྱེད་པ་ཐོག་མ་དེ་ཆགས་ཡོད། ཅེས་སོགས་འཁོད་འདུག

༢༠༡༤ ལོའི་ཟླ་ ༧ པའི་ཟླ་མཇུག་ནས་མགོ་བཙུགས་པའི་དབུས་རྟོག་ཞིབ་རུ་ཁག་གིས་ཐེངས་གཉིས་རྟོག་ཞིབ་བྱེད་པའི་ཁྲོད། ཊེ་ཅང་ཞིང་ཆེན་གྱི་ས་གནས་དཔོན་རིགས་ཁ་ཤས་ཀྱིས་ཆོས་ལུགས་ལ་དད་པ་དང་། ཆོས་ལུགས་བྱེད་སྒོར་འཛུལ་ཞུགས་བྱས་པའི་གནད་དོན་སྐོར་ལ་རྟོག་ཞིབ་པ་ཚོས་དམིགས་བསལ་གླེང་སློང་བྱས་ཡོད་འདུག

དབྱེ་ཞིབ་པ་ཞིག་གིས། ཊེ་ཅང་ཞིང་ཆེན་ཝིན་ཀྲིའུ་གྲོང་ཁྱེར་དུ་ཡེ་ཤུའི་ཆོས་ལུགས་རྗེས་འབྲང་པ་ཁྲི་ ༡༠༠ ལྷག་ཡོད་པ་དེ་གྲོང་ཁྱེར་དེའི་མི་གྲངས་ཀྱི་བརྒྱ་ཆ་ ༡༥ ཙམ་ཟིན་ཡོད་འདུག ཝིན་ཀྲིའུ་གྲོང་གསེབ་དུ་ཡེ་ཤུའི་ལྷ་ཁང་ ༤༠༠ ཡོད་པ་དང་། ཆ་སྙོམ་བྱས་ན་གྲོང་སྡེ་གཅིག་ལ་ལྷ་ཁང་གཅིག་རེ་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཆེ་བ་བརྒྱ་ཕྲག་ལྷག་ཡོད་པའི་ནང་དུ། ཝིན་ཀྲིའུ་ནི་ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་ཆེས་མང་བའི་ས་ཁུལ་ཞིག་ཆགས་ཡོད་འདུག ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༡ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༥ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese