མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཁྲི་ ༡༠༠ ལྷག་རེ་ཐ་མག་གིས་བསད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ཐ་མག་སྤྱོད་པའི་གནས་སྟངས་ཧ་ཅང་ཚབས་ཆེན་ཡིན་པས་ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་པེ་ཅིན་གྲོང་ཁྱེར་ནང་ཐ་མག་བཀག་སྡོམ་ཤུགས་ཆེ་རུ་བཏང་ཡོད་འདུག

པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་རྟོག་ཞིབ་ཁང་གིས་༼པེ་ཅིན་གྲོང་ཁྱེར་གྱི་ཐ་མག་བཀག་སྡོམ་སྲོལ་ཡིག༽ཅེས་པ་ཞིག་ཡོངས་བསྒྲགས་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་ཐ་མག་བཀག་སྡོམ་སྲོལ་ཡིག་དེ་དང་འགལ་བའི་མི་སྒེར་རེར་མཐོ་ཤོས་རྒྱ་སྒོར་ ༢༠༠ ཡིས་ཉེས་ཆད་དང་། སྡེ་ཁག་ཅིག་ལ་མཐོ་ཤོས་རྒྱ་སྒོར་ཁྲི་ ༡ གིས་ཉེས་ཆད་གཅོད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་མ་ཟད། པེ་ཅིན་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་ཁག་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ། སྤྱི་གླིང་། དེ་བཞིན། རིག་གནས་སྲུང་སྐྱོབ་ལྟེ་གནས་དང་འགྲིམ་འགྲུལ་ས་ཚིགས། ཟ་ཁང་སོགས་སུ་ཐ་མག་བཀག་སྡོམ་གྱི་བརྡ་ཁྱབ་འབྱར་ཡོད་པ་མ་ཟད། པེ་ཅིན་རྒྱལ་སྤྱིའི་གནམ་ཐང་གི་ཐ་མག་ཆེད་སྤྱོད་ཁང་གསུམ་སྒོ་བརྒྱབ་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༠ ནས་བཟུང་ཐ་མག་སྡེབ་ཚོང་ཁང་དག་གི་ད་ལྟའི་ཁྲལ་བརྒྱ་ཆ་ ༥ ནས་བརྒྱ་ཆ་ ༡༡ ལ་འཕར་གཏན་འཁེལ་ཡོད་སྟབས། ད་ལོ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་ཐ་མག་ལ་བཀག་སྡོམ་བྱས་པ་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་སྐོར་རྗོད་ཀྱི་འདུག

ཕྱི་ཟླ་ ༥ ཚེས་ ༣༡ སྟེ་འཛམ་གླིང་ཐ་མག་འགོག་པའི་ཉིན་མོར་རྒྱ་ནག་ནད་རིགས་སྔོན་འགོག་ལྟེ་གནས་ཀྱིས། ༼ཐ་མག་འགོག་པའི་བདེ་ཐང་སློབ་གསོའི་གལ་ཆེའི་ཆ་འཕྲིན།༽ཞེས་པའི་བསྒྲགས་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་ནི་འཛམ་གླིང་ཐོག་ཐ་མག་བཟོ་སྐྲུན་གྱི་གྲངས་འབོར་མང་ཤོས་དང་བྲིན་ཤོས་ཀྱི་རྒྱལ་ཁབ་ཆགས་ཡོད་པ་དང་། ད་ལྟ་རྒྱ་ནག་ནང་མི་དུང་ཕྱུར་ ༣ ལྷག་གིས་ཐ་མག་འཐེན་གྱི་ཡོད་ལ། པེ་ཅིན་གྲོང་ཁྱེར་གཅིག་པུའི་ནང་མི་ཁྲི་ ༤༡༩ ཡིས་ཐ་མག་སྤྱོད་ཀྱི་ཡོད་སྟབས། ལོ་རེར་མི་ཁྲི་ ༡༠༠ ལྷག་རེ་ཐ་མག་གི་རྐྱེན་གྱིས་ནད་རིགས་སྣ་ཚོགས་བྱུང་སྟེ་དུས་མིན་འདས་གྲོངས་སུ་འགྲོ་བཞིན་ཡོད་སྐོར་བརྗོད་ཡོད་སྟབས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས། གལ་སྲིད་རྒྱ་ནག་ནང་གོམས་གཤིས་ངན་པ་མུ་མཐུད་རྒྱུན་འཁྱོངས་བྱས་པ་ཡིན་ན། ཕྱི་ལོ་ ༢༠༥༠ ལོར་ལོ་རེའི་འདས་གྲོངས་ཀྱི་གྲངས་འབོར་ཁྲི་ ༣༠༠ ལ་འཕར་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༠༣ ལོར་ཇེ་ནི་ཝ་(Geneva)རུ་ཚོགས་པའི་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སྐབས་ ༥༦ པའི་ཐོག ༼ཐ་མག་ཚོད་འཛིན་གྱི་སྒྲོམ་གཞིའི་སྤྱི་ཆིངས༽ཟེར་བར་རྒྱལ་ཁབ་མང་པོས་གྲོས་མཐུན་མིང་རྟགས་བཀོད་པ་དང་། ཕྱི་ལོ་ ༢༠༠༣ ཟླ་ ༡༡ ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་ཀྱང་སྤྱི་ཆིངས་དེར་མིང་རྟགས་བཀོད་དེ། གྲོང་ཁྱེར་ཁག་གི་ནང་ཐ་མག་བཀག་སྡོམ་གྱི་ལས་གཞི་གང་འཚམ་སྤེལ་ཡོད་ཀྱང་། གྲུབ་འབྲས་ཐོན་རྒྱུ་ལས་ལྡོག་སྟེ་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༤ ནས་ ༢༠༡༤ བར་རྒྱ་ནག་ནང་ཐ་མག་ཐོན་སྐྱེན་ཚད་གཞི་བརྒྱ་ཆ་ ༣༩ ལ་འཕར་ཏེ། འདས་པའི་ལོ་ ༡༡ ནང་ཐ་མག་རྐང་དུང་ཕྱུར་ ༢༤༩༩༨༠ ཐོན་སྐྱེད་བྱས་ཡོད་འདུག

ཐ་མག་བཀག་སྡོམ་གྱི་སྲོལ་ཡིག་དེ་བསྒྲགས་རྗེས། གནད་དོན་དབྱེ་ཞིབ་པ་ཚོས་ཐ་མག་བཀག་སྡོམ་གྱི་བྱ་བ་གཙོ་བོ་ནི། སྒྲིག་ཁྲིམས་བཟོ་རྒྱུ་ཁོ་ན་མིན་པར་སྒྲིག་ཁྲིམས་དངོས་སུ་ལག་བསྟར་བྱ་རྒྱུ་དེ་ཡིན་པས། དུས་ཡུན་རིང་པོའི་འཆར་གཞི་བསྒྲིག་སྟེ་ལྟ་ཞིབ་དང་དྲིལ་བསྒྲགས་གང་མང་བྱ་དགོས་པ་མ་ཟད། ཐ་མག་འཐེན་མཁན་ལ་ཉེས་ཆད་ལྕི་མོ་གཅོད་དགོས་ཚུལ་དང་། ཡང་ཐ་མག་གི་རིན་གོང་དང་ཚོང་འདྲེན་གྱི་ཁྲལ་མཐོ་རུ་གཏོང་རྒྱུ་དེ་ཐ་མག་བཀག་སྡོམ་བྱེད་པའི་ཐབས་ལམ་ཡག་ཤོས་ཡིན་སྐོར་རྗོད་ཀྱི་འདུག་ལ། ཡང་ཁ་ཤས་ཀྱིས་སྲིད་གཞུང་གིས་བདེ་ཐང་ལ་ཁ་གཡར་བ་ཙམ་མ་གཏོགས་དོན་གྱིས་ཐ་མག་གི་རིན་གོང་དང་ཁྲལ་མཐོ་རུ་བཏང་སྟེ། སྒོར་མོར་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་ཀྱང་བྱེད་ཀྱི་ཡོད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese