མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་དང་རྒྱ་ནག་བར་གྱི་རེ་དོགས་དང་གྲ་སྒྲིག

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་གར་གྱི་དཔལ་འབྱོར་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཨ་རྒྱ་གཉིས་བར་རྩོད་གླེང་དུ་གྱུར་བའི་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ། རྒྱ་ནག་གི་མཐའ་སྲུང་དམག་དཔུང་གི་རྐང་རྗེ་ཇེ་མང་དུ་འགྲོ་བཞིན་ཡོད་པའི་བློ་འཚབ་འོག ཐེ་ཝན་གྱིས་རང་གི་རྒྱ་མཚོའི་མངའ་ཁུལ་བརྟན་སྲུང་བྱེད་ཆེད། རྡོ་སྣུམ་ཏུན་ ༣༠༠༠ ལྷག་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཤིག་མངགས་གཏོང་བྱས་ཡོད་འདུག

 

སྐྱེལ་འདྲེན་གྲུ་གཟིངས་དེས། གསར་དུ་རྩིག་གིན་པའི་ཐེ་པེ་གླིང་ཕྲན་གྱི་གྲུ་ཁ་གསར་བར་ཨར་ལས་དངོས་ཟོག་དབོར་འདྲེན་བྱས་ཏེ། ད་ལོའི་ལོ་མཇུག་བར་གྲུ་ཁ་གསར་བསྐྲུན་གྱི་ལས་གཞི་ཡོངས་སུ་མཇུག་བསྒྲིལ་འཆར་ཡོད་འདུག་ལ། སྤྱིའི་རྒྱ་ཁྱོན་དུ་སྨི་ ༡༢༠༠ ཟིན་པའི་ཐེ་པེ་གྲོང་ཁྱེར་གྱི་མཚོ་ཐོག་གནམ་ཐང་དང་གྲུ་ཁ་གསར་བསྐྲུན་ལས་འཆར་གཙོས། དེང་སྐབས་ཐེ་པེ་གྲོང་ཁྱེར་གྱིས་ཉེ་ལམ་རྒྱ་ནག་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་དུ་བསླངས་པའི་རྩོད་གླེང་དང་དེའི་དངངས་འཚབ་འོག་རང་གི་རྒྱ་མཚོའི་མངའ་ཁུལ་བརྟན་སྲུང་གི་སྟོབས་ཤུགས་མཐོར་འདེགས་གཏོང་གི་ཡོད་འདུག

 

ལོ་རེ་བཞིན་མཚོ་ཁུལ་དེ་བརྒྱུད་ནས་ཨ་སྒོར་ཁྲག་ཁྲིག་ ༥ ལྷག་གི་ཚོང་ཟོག་སྐྱེལ་འདྲེན་བྱེད་ཀྱི་ཡོད་སྟབས། ཧྥེ་ལེ་ཕིན་དང་ཝེ་ཋི་ནམ་གཉིས་དང་མི་འདྲ་བར། ཐེ་ཝན་གཞུང་གིས་རྒྱ་ནག་དང་ལྷན་དུ། ལྷོ་རྒྱུད་གྱི་མཚོ་ཁུལ་རྩོད་གླེང་བྱེད་འདོད་མེད་ཅིང་། པེ་ཅིན་གཞུང་གིས་ཞི་བདེ་རྒྱ་མཚོའི་ལྷོ་རྒྱུད་མངའ་ཁུལ་རྩོད་གླེང་བྱེད་ཀྱིན་པའི་སྐབས་འདིར། ཧྥི་ལེ་ཕིན་དང་བྷུར་ནེ། མ་ལེ་ཞེ་ཡ། ཐེ་ཝན། ཝེ་ཋི་ནམ་སོགས་ཀྱིས་ཀྱང་མཚོ་ཁུལ་དེ་རྩོད་གླེང་བྱེད་ཀྱི་ཡོད་པ་རེད། 

 

ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྩོད་གླེང་གི་ཐད་ནས། ཐེ་ཝན་དང་རྒྱ་ནག་གཞུང་གཉིས་ཕན་ཚུན་ཁ་གཏད་དུ་ལངས་ཡོད་པ་དེ་ཡང་། ཕྱི་ལོ་ ༡༩༤༩ ལོའི་དོན་རྐྱེན་ཁྲོད་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་པ་དང་། ཕམ་ཉེས་བྱུང་བའི་གོ་མུན་ཏང་གི་རྒྱལ་ཞེན་རིང་ལུགས་ཚོ་དེང་གི་ཐེ་ཝན་མཚོ་འགག་ལ་བྲོས་བྱོལ་དུ་ཕྱིན་པའི་ལོ་རྒྱུས་རིང་བཞིན་གྱི་རྩོད་རྙོག་ཅིག་ལ་ཐུག་ཡོད་ཅིང་། པེ་ཅིན་གཞུང་གིས་དེང་སྐབས་རང་སྲིད་རང་སྐྱོང་འོག་འཚོ་སྡོད་བྱེད་པའི་ཐེ་ཝན་མཚོ་གླིང་ནི་རང་རྒྱལ་ལ་ངོ་ལོག་པའི་ཞིང་ཆེན་གཅིག་ཏུ་བལྟས་ཏེ། ནམ་ཞིག་ལ་ཕྱིར་རང་གི་རྒྱལ་ཁོངས་སུ་བསྡུ་རྩིས་ཡོད་པ་མ་ཟད། ཐེ་ཝན་མཚོ་གླིང་གིས་བཏོན་པའི་ཚད་མཐོའི་རང་སྲིད་རང་སྐྱོང་གི་ཞི་གྲོས་དང་ལེན་བྱེད་ཀྱི་མེད་ལ། དེ་བཞིན། ད་རེབ་ཀྱི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་རྩོད་གླེང་གི་ཐད་ལའང་གྲོས་མོལ་བྱེད་འཆར་མེད།

 

དེ་བས། ཁ་སང་རེ་གཟའ་སྤེན་པའི་ཉིན། ཐེ་ཝན་གྱི་སྲིད་འཛིན་མ་ཡུན་ཅུག། ཐེ་ཝན་ལྷོ་རྒྱུད་ཀྱི་གྲུ་ཁར་བསྐྱོད་ནས་རྒྱལ་སྲུང་བདེ་འཇགས་ལ་རྟོག་ཞིབ་དང་གཟིགས་སྐོར་བྱས་ཡོད་པ་དང་། མི་འགྱང་བར་ཐེ་ཝན་གྱི་གྲུ་གཟིངས་ཤིག་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་མངགས་པ་དང་ལྷན་དུ། གྲུ་གཟིངས་གཞན་ཞིག་དེང་སྐབས་ཉི་ཧོང་གིས་རང་གི་མངའ་ཁོངས་སུ་གླེང་གིན་པའི་ཐེ་ཝན་ནུབ་རྒྱུད་མཚོ་ཁུལ་དུ་གཏོང་འཆར་ཡོད་འདུག

 

ཁ་སང་ཉི་ཧོང་གི་ཡོ་མའུ་རེ་གསར་ཤོག་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། འཇར་མན་ནང་རྒྱལ་ཁབ་བདུན་གྱི་སྲིད་འཛིན་གྲོས་མོལ་ཚོགས་ཆེན་སྟེང་། རྒྱ་ནག་གི་ལྷོ་ཤར་མཚོ་ཁུལ་གྱི་རྩོད་གླེང་དང་དེས་བསླངས་པའི་བློ་འཚབ་ཐད་ལ་ཞི་གྲོས་བྱེད་འཆར་ཡོད་ལུགས་བཀོད་འདུག ཡང་གཟའ་པ་སངས་ཉིན། ཨ་རི་གཞུང་གིས་བརྗོད་པ་ལྟར་ན། པེ་ཅིན་གཞུང་གིས་རྒྱལ་ཁབ་གཉིས་བར་རྩོད་གླེང་དུ་གྱུར་བའི་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་དྲག་ཆས་དམག་དཔུང་དང་ཁྲབ་ལྡན་འཁོར་ལོ་འགྲེམ་འཇོག་བྱེད་ཀྱི་ ཡོད་སྐོར་བརྗོད་འདུག 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese