མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨང་སིན་སུའུ་ཀེ་རྒྱ་ནག་ལ་ཕེབས་རྒྱུ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༠ ནས་ ༡༤ ཡི་བར་འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སིན་སུའུ་ཀེ་རྒྱ་ནག་ཏུ་གཟིགས་སྐོར་གནང་རྒྱུ་རེད།  

གཟའ་པ་སངས་ཉིན། འབར་མ་གཞུང་གི་ཁ་གཏད་ཚོགས་པ་དང་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནེན་ཝིན་ (Nyan Win) གྱིས། ཟླ་འདིའི་ཚེས་ ༡༠ ནས་ ༡༤ ཉིན་བར་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སིན་སུའུ་ཀེ་རྒྱ་ནག་ལ་གཟིགས་སྐོར་དུ་འགྲོ་རྒྱུ་ཡིན་པ་དང་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་ལ་མཇལ་འཕྲད་བྱ་རྒྱུ་ཡིན་པ་བསྒྲགས་འདུག

དེའི་རྗེས་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་དྲ་བའི་སྟེང་། རྒྱ་ནག་གུང་ཁྲན་ཚོགས་པས་གདན་ཞུ་བྱས་པ་བཞིན། ཨང་སིན་སུའུ་ཀེ་ཡིས་སྣེ་ཁྲིད་བྱེད་པའི་འབར་མ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་འཐུས་མི་རྣམས་ཟླ་ ༦ ཚེས་ ༡༠ ནས་ཚེས་ ༡༤ བར་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་རྒྱུ། ཞེས་འཁོད་འདུག་ཀྱང་། གཟིགས་སྐོར་སྐབས་རྒྱ་ནག་གི་མི་སྣ་སུར་ཐུག་རྒྱུ་ཡིན་མིན་གསལ་བོ་བཀོད་མི་འདུག

གཟའ་པ་སངས་ཀྱི་ཕྱི་དྲོར་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཧོ་ལེ་ (Hong Lei) ཡིས། ད་རེབ་འབར་མའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཨང་སིན་སུའུ་ཀེ་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་རྒྱུ་དེ་རྒྱ་ནག་དང་འབར་མའི་བར་གྱི་འབྲེལ་ལམ་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་ཚུལ་བརྗོད་དོན། “ཚོགས་པ་དང་ཚོགས་པའི་བར་འབྲེལ་བ་བྱ་རྒྱུ་དེ་ནི་རྒྱ་ནག་དང་འབར་མིའི་འབྲེལ་ལམ་ཁྲོད་ཀྱི་གལ་གནད་གཙོ་གྲས་ཤིག་ཡིན་པ་དང་། ཉེ་བའི་ལོ་མང་རིང་དམངས་གཙོ་ཚོགས་པ་གཙོས་བའི་འབར་མའི་ནང་གི་ཚོགས་པ་ཚང་མར་ང་ཚོས་འབྲེལ་བ་རྒྱུན་འཁྱོངས་ཡག་པོ་བྱེད་བཞིན་ཡོད་ལ། ད་རེབ་དམངས་གཙོ་ཚོགས་པའི་གཟིགས་སྐོར་དེའང་། ཕྱོགས་གཉིས་ཀྱིས་མཐུན་ལམ་ཤེས་རྟོགས་ཐོག་ནས་རྒྱ་ནག་དང་འབར་མའི་བར་གྱི་མཛའ་འབྲེལ་ཡར་རྒྱས་གཏང་རྒྱུའི་རེ་བ་ཡོད།” ཅེས་བརྗོད་འདུག

ཁ་སང་བྷེ་བྷེ་སི་ཡིས་གནས་ཚུལ་སྤེལ་བའི་ནང་། བྷེ་བྷེ་སིའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རྩོམ་སྒྲིག་པ་ཀྲུའུ་ཧྥེ་ཕིན་ (Zhou Feipeng) གྱིས། ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་གྱི་ཨང་སིན་སུའུ་ཀེ་རྒྱ་ནག་ནང་གཟིགས་སྐོར་སྐབས་ཁོ་མོས་གལ་སྲིད་རྒྱ་ནག་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལུའུ་ཞོ་པོ་ (Liu Xiaobo) ཡི་སྐོར་གླེང་མ་ཐུབ་པ་ཡིན་ན། ཁོ་མོ་རང་གི་ཆེ་མཐོང་ཀུན་སྤྱོད་ཡོངས་རྫོགས་ཆུད་ཟོས་སུ་འགྲོ་རྒྱུ་དང་། གལ་སྲིད་ཁོ་མོས་གླེང་སློང་བྱུང་བ་ཡིན་ན་རྒྱ་ནག་ལ་ཕོག་ཐུག་གཏང་འགྲོ་གི་རེད། ཅེས་བརྗོད་འདུག

གནས་ཚུལ་དེའི་ནང་དུ། ད་ལོ་ཕྱི་ཟླ་ ༡༡ པའི་ནང་འབར་མའི་འོས་བསྡུ་ཆེན་མོའི་ཁྲོད་ཨང་སིན་སུའུ་ཀེ་ཡིས་དབུ་ཁྲིད་པའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་སྲིད་པ་དང་། གལ་སྲིད་དམག་མིའི་སྲིད་གཞུང་གིས་ཨང་སིན་སུའུ་ཀེ་ལ་འོས་ཤོག་ལྡུག་མི་ཆོག་པའི་ཁྲིམས་བཟོས་པ་ཡིན་ན། ཁོ་མོའི་དབང་ཤུགས་དང་ཤུགས་རྐྱེན་སྔར་ལས་རྒྱ་ཆེ་རུ་འགྲོ་རྒྱུ་ཡིན་ཚུལ་སོགས་འཁོད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱིར་བཏང་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ པའི་ནང་ཨང་སིན་སུའུ་ཀེ་ཡི་རྒྱ་ནག་ལ་གཟུགས་སྐོར་དུ་ཕེབས་རྒྱུའི་འཆར་གཞི་ཡོད་ཀྱང་། གྲོས་མོལ་གནད་དོན་གྱི་དབང་གིས་ཕྱིར་འཐེན་བྱ་དགོས་བྱུང་ཡོད་འདུག ཅེས་འཁོད་འདུག

ཨང་སིན་སུའུ་ཀེ་ལོ་ངོ་ ༢༡ རིང་འབར་མ་དམག་མིའི་སྲིད་གཞུང་གིས་བཟང་བཙོན་འོག་བཅུག་ཡོད་པ་དང་ཕྱི་ལོ་ ༡༩༩༡ ལོར་ཁོ་མོར་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཐོབ་ཡོད།

འབར་མའི་རང་དབང་འཐབ་རྩོད་པ་ཨང་སིན་སུའུ་ཀེ་དང་བོད་མིའི་སྐྱབས་མགོན་༧་གོང་ས་མཆོག་རྣམ་གཉིས་སྔ་ཕྱི་ཐེངས་གཉིས་ལ་མཇལ་འཕྲད་གནང་ཡོད་པ་དང་། ཐོག་མའི་མཇལ་འཕྲད་དེ་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༦ ཚེས་ ༢༢ ཉིན་དབྱིན་ཇིའི་རྒྱལ་ས་ལན་ཊོན་ནས་གནང་ཡོད་པ་དང་། སྐབས་དེར་ཁོང་གཉིས་གྱིས་གླེང་མོལ་སྐར་མ་ ༣༠ ཡས་མས་ལ་བྱས་ཡོད་འདུག ཐེངས་གཉིས་པ་ ༢༠༡༣ ལོའི་ཟླ་ ༩ ཚེས་ ༡༥ ཉིན་ཆེག་སྤྱི་མཐུན་རྒྱལ་ཁབ་ (Czech Republi) ཀྱི་རྒྱལ་ས་ཕརོ་གྷུའོ་ (Prague) ནང་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འཕོ་འགྱུར་ཞེས་པའི་གླེང་སྟེགས་ཐེངས་ ༡༧ པ་སྐོང་ཚོགས་གནང་བའི་སྟེང་༧གོང་ས་མཆོག་དང་ཨང་སིན་སུའུ་ཀེ་གཉིས་མཉམ་ཞུགས་གནང་བའི་ཞོར་དུ་མཇལ་འཕྲད་གནང་ཡོད་འདུག  

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༡ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༡ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese