མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་གླུ་གར་འགྲན་ཚོགས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༦ འཁོར་བའི་དབྱར་སྐྱིད་དུས་སྟོན་ཐོག་གླུ་གར་འགྲན་སྡུར་རུ་ཁག་གཉིས་ཀ་ཨང་དང་པོ་ཆགས་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཐོག དྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་གྱི་རྟེན་འབྲེལ་དང་། ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༥༦ འཁོར་བའི་གླུ་གར་འགྲན་སྡུར་གྱི་དབྱར་སྐྱིད་དུས་སྟོན་ཚོགས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་དབུས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ་དང་། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། གཞན་ཡང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་སྐུ་ཚབ། དྷ་ས་ཁུལ་གྱི་སེར་སྐྱ་ལྟད་མོ་བ་བཅས་མི་གྲངས་ ༤༠༠ ཡས་མས་འཛོམས་འདུག

ཐེངས་འདིའི་གླུ་གར་འགྲན་སྡུར་གྱི་དཔྱད་འདེམས་པ་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་དང་བཀྲས་མཐོང་སྐལ་བཟང་ཆོས་སྐྱིད་ལགས། དྷ་སྟེང་བོད་ཁྱིམ་འབྲིང་རིམ་སློབ་གྲྭའི་འགན་འཛིན་རྒན་བསོད་ནམས་དབང་འདུས་ལགས་བཅས་ཀྱིས། ཟློས་གར་རྔོན་པ་རུ་ཁག་དང་རྒྱ་ལུ་རུ་ཁག་གཉིས་ཀྱི་གླུ་དང་གར་གྱི་འཁྲབ་སྟོན་རིམ་པར་དཔྱད་འདེམས་གནང་བ་བརྒྱུད། རུ་ཁག་གཉིས་ཀའི་མཐའ་མའི་ཕྱོགས་བསྡོམས་ཀྱི་གྲངས་འབོར་ ༢༥༥.༥༠ བཅས་གཅིག་པ་ཆགས་པར་བརྟེན། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་འགྲན་སྡུར་གྱི་གྲུབ་འབྲས་གཅིག་མཚུངས་ཆགས་པར་བསྔགས་བརྗོད་དང་སྦྲགས་རུ་ཁག་གཉིས་ལ་ཨང་དང་པོའི་བྱ་དགའ་གནང་སོང་བ་དང་། གཞན་ཡང་།  སྐུ་མགྲོན་གཙོ་མཆོག་ནས་ཞབས་ལོ་ ༢༠ འཁོར་བའི་ལས་བྱེད་ཚེ་རིང་གཡུ་སྒྲོན་ལགས་དང་།  གཟུ་དཔང་བ་རྣམ་པར་ཐུགས་རྗེ་ཆེ་ཞུའི་གསོལ་རས་ཕྱག་རྟགས་བཅས་གནང་སོང་།

ཟློས་གར་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ནས་དུས་དྲན་ངོ་སྤྲོད་གནང་སྐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྒྱུན་འཛིན་ཆེད་༸གོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱིས། ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་ཟློས་གར་ཚོགས་པ་གསར་དུ་ཕྱག་བཏབ་ཏེ་ད་ལྟའི་བར་ལོ་ངོ་ ༥༦ འཁོར་གྱི་ཡོད་པ་དང་། ལོ་ངོ་དེ་དག་གི་ནང་བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་བོད་རིགས་གཞོན་སྐྱེས་ ༥༠༠ ལྷག་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཐོག་བསླབ་པ་མཐར་སོན་དུ་བཅུག་ཡོད་པ་དང་། བསླབ་པ་མཐར་སོན་པ་ཚོས་ཀྱང་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་ཞུ་བཞིན་ཡོད་པ་དཔེར་ན། བོད་པའི་སློབ་གྲྭ་ཁག་གི་ཟློས་གར་དགེ་རྒན་ཕལ་ཆེར་བ་བོད་ཀྱི་ཟློས་གར་ཚོགས་པ་ནས་བསླབ་པ་མཐར་སོན་པ་ཤ་སྟག་ཆགས་ཡོད་ལ། དེ་རིང་གི་ཁྱད་དུ་འཕགས་པའི་དུས་བཟང་འདི་ནི་ང་ཚོའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག བོད་ཀྱི་ཟློས་གར་ཚོགས་པའི་བྲོ་བ་ཚང་མས་སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་པའི་དུས་བཟང་ཞིག་ཆགས་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

ཁོས་མུ་མཐུད་དུ། བཀའ་ཤག་ནས་ཟློས་གར་གྱི་ཚོགས་ཁང་ཉམས་གསོའི་ཆེད་ཧིན་སྒོར་འབུམ་ ༧༥ གནང་བ་དང་། འདི་ལོའི་ཞོ་སྟོན་སྐབས་ཆོས་རིག་ལས་ཁུངས་བརྒྱུད་བཀའ་ཤག་གིས་ལྷ་མོའི་ཚོགས་པ་རེ་རེར་ཧིན་སྒོར་འབུམ་ ༤ རེ་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་རོགས་དངུལ་གྱི་ཐོག་ནས་ཀྱང་མཐུན་འགྱུར་གནང་འཆར་ཡོད་པ་བཀའ་དྲིན་ཆེན་པོ་ཆགས་ཡོད་སྐོར་དང་། གཞན་ཡང་། རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་ལོ་རེར་ཟློས་གར་ལ་རྒྱུན་གྲོན་དུ་ཧིན་སྒོར་འབུམ་ ༣༥ རེ་གནང་གི་ཡོད་པ་དེས་ཕན་ཐོགས་ཆེན་པོ་ཡོང་གིན་ཡོད་སྐོར་སོགས་བརྗོད་སོང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་དུས་སྟོན་དང་འབྲེལ་བའི་གསུང་བཤད་གནང་དོན། བོད་ནང་རྒྱ་ནག་གཞུང་གི་འཕྲལ་ཕུགས་རྒྱང་གསུམ་གྱི་དམིགས་ཡུལ་དེ་གང་རེད་ཟེར་ན། བོད་ལུང་པ་རྒྱའི་ལུང་པར་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་ལ་བསྒྱུར་རྒྱུ། བོད་པའི་རིག་གཞུང་འདི་རྒྱའི་རིག་གཞུང་དུ་བསྒྱུར་བར་ཉིན་རེ་བཞིན་སྲིད་བྱུས་གནག་པོ་ཡོད་པའི་ཐོག་ནས་འབད་བརྩོན་བྱེད་མུས་ཡིན་སྟབས། དེ་ལ་གདོང་ལེན་ཆེད་དྷ་རམ་ས་ལར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ཏེ། བོད་སྲོལ་རྒྱུན་གྱི་ལམ་ལུགས་དང་གཞས་སྣ་འཁྲབ་སྟངས། འཁྲབ་ཆས་བཅས་སྔར་ལྟར་སྲུང་སྐྱོབ་བྱེད་ཐུབ་པ་དེ་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་པས། བོད་ཀྱི་ཟློས་གར་ཚོགས་པའི་ད་ལྟའི་འཁྲབ་སྟོན་གནང་མཁན་དང་ཟུར་པ་ཚང་མར་ངས་བཀའ་ཤག་གི་ཚབ་ཞུས་ཏེ། སྙིང་ཐག་པ་ནས་འཚམས་འདྲི་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་། བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་བཅས་ཉིན་རེའི་འཚོ་བའི་ཁྲོད་སྲུང་སྐྱོབ་བྱེད་དགོས་པ་ཤིན་ཏུ་གལ་ཆེན་ཡིན་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་བཀོད། ༢༠༢༦།༡༢།༡༢ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༢
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཐད་ཐེ་ཇུས་དང་འགན་དབང་ཡོད་སྐོར་བརྗོད་བཞིིན་པར་མཐའ་གཅིག་ཏུ་འགག་པ་ཡོད་པའི་བསྒྲགས་གཏམ་སྤེལ། ༢༠༢༥།༡༢།༡༢ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་བཞིན་པར་ངོ་རྒོལ་ཡོད།

༢༠༢༥/༡༢/༡༢
The Panchen Lama (right) says reincarnated living Buddhas must be identified within China and approved by the central government. Photo: Handout
Mobile App

རྒྱལ་མཚན་ནོར་བུས་རྒྱ་གཞུང་གི་ཆོག་མཆན་འོག་ནས་ཡང་སྲིད་འཚོལ་དགོས་པ་བསྐྱར་ཟློས་བྱས།

༢༠༢༥/༡༢/༡༡
TT
Mobile App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཞབས་སོར་བདེ་བར་འཁོད།

༢༠༢༥/༡༢/༡༡
tibettimes
Mobile App

༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༡༠
བོད་མི་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་མགོ་བཙུགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༡༢།༡༠
Mobile App

རྒྱ་གར་རྒྱལ་ཡོངས་སུ་ཟླ་གསུམ་རིང་སྦག་སྦག་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་སྤེལ་མགོ་བཙུགས་སོང་། 

༢༠༢༥/༡༢/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese