དེ་རིང་སྔ་དྲོར་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་འོས་མི་གཉིས་དང་། ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མི་ ༣༤ ཡི་མཚན་གཞུང་གསལ་བསྒྲགས་གནང་སོང་།
ངྷ་རམ་ས་ལའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་བརྗོད་པ་ལྟར་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཁྱབ་ཁོངས་ཡན་ལག་ཁག་ ༣༤ ཡིས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཀྱི་ཆོལ་ཁ་གསུམ་གྱི་འོས་མིའི་མཚན་གཞུང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བསྐུར་འབྱོར་བྱུང་བ་ལྟར། འོས་བསྡུའི་ཟུར་དཔང་གདན་ཞུས་ཐོག་སློབ་སྟོན་པ་དང་། དབུས་རྒྱུན་ལྷན་འཛོམས་ཀྱིས་འོས་ཤོག་གྲངས་བཤེར་བྱས་ནས་མང་མོས་རྩེ་བཏོག་གནང་བ་བརྒྱུད། སྲིད་སྐྱོང་བློ་བཟང་སེང་ག་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་མིར་བདམས་པ་དང་། དེ་བཞིན་དབུས་གཙང་ལ་འོས་མི་ ༡༥ དང་། མདོ་སྟོད་ལ་འོས་མི་ ༡༢། མདོ་སྨད་ལ་འོས་མི་ ༧ བཅས་བདམས་པ་གསལ་བསྒྲགས་དང་འབྲེལ། ཕྱི་ལོ ༢༠༡༦ ལོའི་འོས་བསྡུ་(www.tibetanelection2016.net)ཞེས་པའི་འོས་མི་ངོ་སྤྲོད་དང་འོས་བསྡུ་དྲིལ་བསྒྲགས་ཀྱི་དྲ་ཚིགས་ཤིག་དབུ་འབྱེད་གནང་སོང་།
དེ་ཡང་གསར་འགོད་གསལ་བསྒྲགས་ཐོག རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་རྒྱུན་ཚོགས་གཙོ་དགེ་ལེགས་འཇམ་དབྱངས་ལགས་ཀྱིས། ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བཞི་པའི་གྲོས་ཆོད་དོན་ཚན་ ༣ པའི་ནང་། སྲིད་སྐྱོང་གི་འོས་མི་གསུམ་ལས་མི་མང་བ་འོས་གཞིར་འདོན་རྒྱུ་དང་། དེ་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་ཀྱི་འོས་མི་གྲངས་ཚད་བཅོ་ལྔ་ལས་མི་མང་བ་འདོན་རྒྱུ་ཞེས་གསལ་བ་ལྟར། ཚོགས་པའི་ངོས་ནས་སྲིད་སྐྱོང་གི་འོས་མི་ ༥ དང་། ཆོལ་ཁ་རེ་ནས་འོས་མི་ ༡༥ རེ་མཚན་འདོན་གནང་ཡོད་ཀྱང་། སྲིད་སྐྱོང་གི་འོས་མི་ ༣ དང་། ཆོལ་ཁ་གསུམ་གྱི་འོས་མིའི་ནང་ནས་མང་པོ་ཞིག་གིས་དགོངས་པ་ཞུས་ཏེ་མཐའ་མར་ཞལ་བཞེས་གནང་མཁན་ ༣༤ མ་གཏོགས་མེད་སྐོར་བརྗོད་སོང་།
དབུས་གཙང་གི་འོས་མི།
༡ ཀརྨ་ཡེ་ཤེས།
༢ ཟླ་བ་ཕུན་སྐྱིད།
༣ ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས།
༤ པདྨ་འབྱུང་གནས།
༥ སྒྲོལ་མ་ཚེ་རིང་།
༦ ཤར་གླིང་བསྟན་འཛིན་ཟླ་སྒྲོན།
༧ བུ་མོ་ཚེ་རིང་།
༨ བྱམས་པ་ཆོས་འཕེལ།
༩ ལུང་རིགས་བསོད་ནམས།
༡༠ འཆི་མེད་གཡུང་དྲུང་།
༡༡ འཇིགས་མེད་འབྱུང་གནས།
༡༢ ཚེ་བརྟན་ནོར་བུ།
༡༣ ཟླ་བ་རིན་ཆེན།
༡༤བསོད་ནམས་རྡོ་རྗེ།
༡༥ བསམ་གཏན་ཆོས་སྒྲོན།
མདོ་སྟོད་ཀྱི་འོས་མི།
༡ གསེར་རྟ་ཚུལ་ཁྲིམས།
༢ འཇམ་དབྱངས་བཟོད་པ།
༣ དབུ་དཀར་ཚང་གཡུ་སྒྲོན།
༤ ཆོས་སྐྱོང་དབང་ཕྱུག
༥ བློ་བཟང་ཡེ་ཤེས།
༦ དཀོན་མཆོག་ཡར་འཕེལ།
༧ ངག་དབང་ཐར་པ།
༨ དབྱངས་ཅན་སྒྲོལ་དཀར།
༩ དགེ་བཤེས་སེར་སྨད་བློ་དགའ།
༡༠ པདྨ་བདེ་ལེགས།
༡༡ གངས་ལྷ་མོ།
༡༢ མ་བཞི་ཚང་བསོད་ནམས་དཔལ་མོ།
མདོ་སྨད་ཀྱི་འོས་མི།
༡ ཚེ་རིང་གཡུ་སྒྲོན།
༢ བསོད་ནམས་རྒྱལ་མཚན།
༣ པདྨ་ཆོས་སྒྲོན།
༤ མགོ་ལོག་ཚངས་དབྱངས་རྒྱ་མཚོ།
༥ རྔ་བ་གངས་རི་བདག
༦ གཡུ་སྒང་འོད་ཟེར།
༧ ཨ་རིག་དགེ་མཐོང་།
གསར་འགོད་པ། པདྨ་མཚོ།
ཨོ་་་་་་ད་ཡང་བློ་བཟང་སེང་གེ་སྲིད་སྐྱོངས་ལ་འདེམས་ན་བོད་མི་རིགས་དེ་རྫོགས་སོང་བ་རེད། དེངས་སང་བློ་བཟང་སེང་གེ་གངས་ནང་ལ་འཁྱགས་པའི་བསྡམས་ནས་ཤུ་ཡོད་རེད། དེས་ཚབ་དུ་སྤེན་པ་ཚེ་རང་བཞག་རྒྱུ་ཡིན་དུས་ད་ངེད་བོད་པ་ཚང་གི་ཞབས་འདྲེན་ཞུ་ཚར་བ་རེད། གང་ཡིན་ཟེར་ན་། ཁོས་རྟགས་པར་ཨ་རག་འཐུང་ཉུལ་བསྡད་ཡོད་རེད། སྔོན་ཆད་ཞིག་ལ་ཞབས་འདྲེན་ཞུས་པ་རེད། དེས་ལྟས་ངན་དེས། བོད་པ་ཚང་གི་སྡུག་དུ། ད་ང་ཚོའི་ཁོང་གཉིས་ལ་ལྟ་དགོས་ན་མ་བཟང་ནི་མ་རེད་ན་དཀོན་མཆོག། ད་ཚར་སོང་ཐ། དམྱལ་བ་སྙིག །
ཨ་མདོའི་ཚེ་རིང་གཡུ་སྒྲོན་དང་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་མང་གཙོ་ཚོགས་པའི་ཚོགས་མི་ཚོར་རྔན་པ་ག་རེ་སྤྲད་པ་རེད། ཨ་མདོའི་སྤྱི་འཐུས་གཞན་དག་གིས་ཕོག་ཐུག་ག་རེ་བཏང་བ་རེད། ཧ་ཧ་ཧ་་་་
མིང་ཆེ་ཡང་དོན་སྟོང་བའི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ལ་ངོ་མ་ཨ་ཐང་ཆད་སོང་། ཆོལ་ཁ་རེ་ནས་འོས་མི་མ་མཐའ་བཅུ་རེ་དགོས་ཀྱང་ཁོང་ཚོས་ཨ་ཡོད་ནང་གི་ད་ཡོད་བྱས་ནས་འོས་གྲངས་ཀྱི་གྲངས་ཀ་ཡང་མ་ལོན་པར་འདི་འདྲའི་ཡ་མཚར་ཞིག་ཅི་ཡིན་ནམ། འོས་མི་འདི་དག་སྒེར་གྱི་བློ་མི་བབ་ས་མང་གི་དེ་ཙམ་གྱིས་མི་གཞི་ལ་དམའ་འབེབ་དང་དོན་མེད་ཀྱི་གཞི་མེད་སྐྱོན་བརྗོད་བྱེད་འདོད་རྩ་བ་ཉིད་ནས་མེད། ཡིན་ཡང་མ་མཐའ་ཆོལ་ཁ་རེ་ནས་མི་གྲངས་ ༢༠ ཡན་ཆད་ལ་ངེས་པར་འདེམས་ནས་མང་ཚོགས་ནང་ལ་ཁྱབ་སྤེལ་བྱས་ན་བཟང་གི་མ་གཏོགས་ད་ཐེངས་ཀི་འོས་གྲངས་འདི་ལ་སེམས་དང་ལྡན་པ་སུ་ཞིག་གིས་སྣང་པར་འགྲོ་སམ། བོད་མི་སྤྱི་ལ་ཐུགས་བསམ་བཞེས་ཀིན་ཡོད་ན་རྗེས་ཕྱོགས་གཟབ་གཟབ་བྱེད་རོགས། དེ་མིན་མིང་ཙམ་བཟུང་ནས་སྒེར་དོན་སྒྲུབ་ཀིན་ཡོད་ན་ཚོགས་པའི་མིང་བེད་སྤྱོད་མ་བྱེད་རོགས། སེམས་གཏིང་ནས་རེ་སྐུལ་ཡིན།
རྡ་སར་མི་དམངས་ལ་ཕན་མི་ཐོག་ཀྱང་རྩོད་རྙོག་ཅིག་ཡོད་སར་ག་དུས་ཡིན་ཡང་འགོ་འཛུགས་མཁན་ནི་དགོས་མེད་ཚོགས་པ་འདི་དག་ཡིན།
བསྔགས་བརྗོད་ཡོད། བསྔགས་བརྗོད། གཞོན་སྐྱེས་འདབ་ཤོག་གཉིས་ལྡན་དོན་དགོས་པ་དང་ དུས་ཚོད་ཡང་ཧ་ཅང་མཚམས་པོ་ཡོད་རེད། མང་གཙོ་མར་གནང་བ་དེ་ད་ལྟ་བརྩོད་དགོས་པ་དང་ མང་ཚོགས་ནང་གོ་རྟོགས་སྤེལ་ནས་སྲིད་དོན་རིག་པ་སློབ་དགོས་པ་རེད། མ་གཏོགས་ཉིན་ཞིག་ཕྱི་དྲགས་པའི་དུས་ལ་སླེབས་ཚེ་ཤེས་ཚད་དམན་པའི་གང་ཟག་རྣམས་ལྐུག་པའི་ང་རྒྱལ་བྱེད་སྲིད་་པ་རེད། བོད་མི་རྣམས་དངུལ་མང་པོ་བཟོས་རྗེས་ལྷོད་ལྷོད་བྱས་ཞུགས་རྒྱུ་མང་དྲགས་ཚེ་སླར་ཡང་འཕུང་ཉེན་ཡོད་རེད། ང་ཚོའི་སྤྱི་ཚོགས་ནང་ད་དུང་ཡང་ཤེས་ཡོན་མེད་པའི་མི་འབོར་ཧ་ཅང་མཐོ་པོ་ཡོད། ད་བར་དེ་རྣམས་སྲིད་དོན་རིག་པའི་འཕོང་ནས་ཁྱི་རྒན་ཞོར་རྒྱུགས་ཀྱང་བྱེད་པ་རེད། དེ་ནི་ཧ་ཅང་ཉེན་ཁའི་རང་བཞིན་རང་བཞིན་ཡིན། མི་འབོར་འདི་རྣམས་དངུལ་དམར་གྱིས་ཉོ་རྒྱུ་བཏབ་བདེ་ལ་ ལྷད་ཅན་གྱིས་བསླུ་འབྲི་བྱེད་རྒྱུ་ཡང་ཧ་ཅང་བཏབ་བདེ་ཆགས་བཞིན་པ་རེད། དཔེ་ན་སྐྱིད་སྡུག་ཆུང་ངུའི་གཙོ་བོ་ལ་དངུལ་དམར་ལ་དགའ་བའི་སྲིད་དོན་རབ་རོབ་ཤེས་ཙམ་གྱིས་རྒྱུད་སྐུལ་ནས་མི་འདི་ལ་འོས་ཤོག་འཕེན་དགོས་ ཞེས་སྟོན་པ་དེ་རྣམས་ཕུགས་བསམ་དག་པོ་མེད་པའི་ཆོལ་ཁའི་མི་འགའ་རེ་མ་ཤེས་འཇོན་མདོག་གིས་འོས་འཕེན་ འོས་འཕེན་ལབ་པ་ཙམ་ལས་རྗེས་འབྲང་བྱེད་པ་ནི་མང་གཙོའི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་པའི་སྲིད་དོན་རིག་པ་མ་ཤེས་པའི་སྐྱོན་ཆ་ལྡན་རྟགས་ཡིན། དེར་བརྟེན་ས་གནས་ ས་གནས་སུ་མི་འཐུས་ཡོང་ནས་རང་གི་ཕུགས་བསམ་དང་ སྲིད་དོན་རིག་པའི་འཁྱེར་སྲོལ་གསལ་བཤད་དག་གཙང་བྱས་རྗེས་མི་རྣམས་ཆབ་འབངས་མི་རེ་ནས་ཕན་ཐོགས་ཡོང་མིན་ཞིབ་པར་བལྟས་ནས་འོས་ཤོག་འཕེན་ནས་གདམ་ཚེ་མང་གཙོ་སྤུས་ཁ་དག་ཏུ་འགྲོ་རྒྱུ་མ་ཟད་ མི་འཐུས་དེ་ཡང་རྒྱུ་གཙང་སྤུས་གཙང་གིས་སྤྱི་འཐུས་སམ་ སྲིད་སྐྱོང་གཅིག་ཡོང་ངེས་རེད། ཡིན་ཡང་གུས་པ་ནི་ད་ལྟའི་སྲིད་སྐྱོང་མཆོག་ལ་སླར་ཡང་འོས་འཕེན་གྱི་འཆར་ཞིག་ཡོད་པ་ཞིག་ཡིན། བཀྲིས་བདེ་ལེགས།།
གནས་ཚུལ་འདིའི་ཐོག་བསམ་ཚུལ་ཏོག་ཙམ་བཤད་ན་བསམ་སོང་། ཡོངས་གྲགས་སུ་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ལབ་ན་གྲུབ་འབྲས་འདི་ཡིན་ཞེས་སྟོན་རྒྱུ་མེད་ཀྱང་བོད་བཙན་བྱོལ་སྤྱི་ཚོགས་ནང་ཚང་མས་ངོ་ཤེས་པ་ཞིག་ཆགས་ཡོད་པ་རེད། མང་གཙོ་ཚོགས་པ་ཟེར་བ་འདི་ཡང་མི་རྒན་པ་ཚོས་དཀའ་སལ་བརྒྱབ་པའི་གྲུབ་འབྲས་ལ་ཚོགས་པ་ལྔ་ཟེ་བ་དེའི་ནང་ཚུད་ཡོད་པ་རེད། ཡིན་ནའང་ད་རེས་འོས་མི་འདོན་སྟངས་འདི་ཧ་ཅང་བྱབ་ཆུང་དུ་མཐོང་སོང་། རྩ་བའི་ཚོགས་པ་འདིའི་བྱེད་བབ་དང་ལྷག་དོན་དུ་ད་རེས་འོས་མི་འདོན་སྟངས་སོགས་ཀྱི་དབང་གིས་མང་ཚོགས་མཐོང་དང་ཆ་འཇོག་བྱེད་མཁན་མེད་ནའང་། ད་རེས་ཚོགས་པ་ཁོ་རང་ཚོའི་སྣང་བར་འགྲོ་ས་ཚོགས་པར་འབྲེལ་བ་ཡོད་མཁན་རྐྱང་བདམས་འདུག་པ་འདི་ཧ་ཅང་བློ་ཕམ་གྱི་རང་བཞིན་དུ་འདུག་ན། ཚོགས་པའི་ཆེ་མཐོང་བརླགས་པ་དང་ཚོགས་མི་རྒན་པ་ཚོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རྐང་རྗེས་ལག་གསུབ་མི་གཏོང་ཆེད། མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང་ཚོགས་མི་རྒན་པ་ཉམས་མྱོང་ཅན་དག་གིས་ལམ་སྟོན་ཞིག་ཛ་དྲག་གིས་ཕེབས་དགོས་པ་རེད་སྙམ།
རྣམ་བྲག་རྡོ་རྗེ། ༢༠༡༥།༦།༡༣
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་འོས་མིར་མ་འདེམས་ན་བསམ་ཡོད། གང་ཡིན་ཟེར་ན། ཁོང་ནི་སྐབས་བཅུ་བདུན་པའི་སྲིད་སྐྱོང་འོས་མིར་ཧ་ཅང་འཚམས་པར་སེམས།
ཕེ་ཕེ་ཕེ། མདོ་སྨད་ཚང་ལ་དམའ་འབེབས་ཁོ་ན་རེད།