དེ་རིང་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་རྟེན་འབྲེལ་ཉིན་མོར་འཚམས་འདྲི་ཞུ་བའི་གློག་བརྙན་ཞིག་འགྲེམས་སྤེལ་ཞུས་སོང་།
དེ་རིང་ཞོགས་པའི་ཆུ་ཚོད་ ༡༡ སྟེང་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧ ཚེས་ ༦ ཉིན་ལ་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་རྟེན་འབྲེལ་ཉིན་མོར་འཚམས་འདྲི་ཞུ་བའི་དམིགས་བསལ་གློག་བརྙན་ཞིག་འགྲེམས་སྤེལ་དང་གྱ་སྟོན་གྱི་ལས་རིམ་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གློག་བརྙན་སྐོར་ལ་གསུངས་བཤད་ནང་དོན། ད་ལོ་དྲིལ་བསྒྲགས་ལས་ཁུངས་ནས་༧གོང་ས་མཆོག་དགུང་ལོ་ ༨༠ ཕེབས་པའི་གློག་བརྙན་ཞིག་གྲ་སྒྲིག་གནང་ཡོད་པ་དང་། སྐར་མ་གསུམ་རིང་གི་གློག་བརྙན་སྙིང་བསྡུས་ཞིག་བཟོས་ཏེ་སྤྱི་ཚོགས་དྲ་རྒྱ་བརྒྱུད་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཐུབ་པ་དང་། དམིགས་བསལ་བོད་ནང་དང་རྒྱ་ནག་ནང་༧གོང་ས་མཆོག་ལ་དད་པ་བྱེད་མཁན་ཁྲི་ཕྲག་མང་པོར་ཁྱབ་རྒྱུའི་ཆེད་དང་། འཛམ་གླིང་ས་ཆ་ཨ་རིའི་ནེའུ་ཡོག་དང་ཡུ་རབ་སོགས་སུ་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་བྱེད་བཞིན་ཡོད་ཀྱང་། ༧གོང་ས་མཆོག་ལ་དད་པ་དང་བརྩི་གུར་བྱེད་མཁན་ས་ཡ་མང་པོ་ཡོད་པ་རྣམས་གཞུགས་སྒར་དྷ་རམ་སའི་འཁྲུངས་སྐར་ཐོག་དངོས་སུ་ཕེབས་ཐུབ་ཀྱི་མེད་སྟབས། གློག་བརྙན་འདི་བརྒྱུད་ནས་འཛམ་གླིང་བོད་རིགས་གཙོས་པའི་ནང་པ་དང་༧་གོང་ས་མཆོག་ལ་དད་གུས་ཡོད་མཁན་རྣམས་འཁྲུངས་སྐར་མཉམ་ཞུགས་ཡོང་རྒྱུའི་རེ་བ་ཡོད་སྟབས། གློག་བརྙན་འདི་བཏོན་པ་རེད་ཅེས་སོགས་གསུངས་སོང་།
དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གློག་བརྙན་གྱི་ནང་དོན་སྐོར་ཡིག་ཐོག་ཏུ་གསལ་བསྒྲགས་གནང་དོན། གློག་བརྙན་འདིའི་ནང་དོན་གཙོ་བོ་དེ་ཆོས་དཔོན་ཊུ་ཊུ་མཆོག་གིས་༧་གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འཚམས་འདྲི་ཞུ་བ། ལྷག་པར་གོང་ས་མཆོག་གིས་འགྲོ་བ་མིའི་རིགས་སྤྱིར་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ཡོངས་ལ་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་ཆོས་དང་རིགས་གཞུང་སོགས་ལ་མཛད་འགན་བཞེས་ཡོད་པ་རྣམས་གསལ་འདོན་ཞུས་ཡོད། ཅེས་དང་། ཁོང་གིས་མུ་མཐུད་དུ། བོད་མིའི་སྲོལ་རྒྱུན་ལྟར་མི་ལོ་བརྒྱད་ཅུར་སོན་སྐབས་གྱ་སྟོན་ཞེས་ཧ་ཅང་གལ་གནད་ཅིག་ལ་ངོས་འཛིན་ཞུས་ཏེ་དུས་སྟོན་སྲུང་གཙི་ཞུ་སྲོལ་ཡོད་པར་བརྟེན། ཐེངས་འདིར་༧གོང་ས་མཆོག་གི་གྱ་སྟོན་ལ་འཛམ་གླིང་ས་ཕྱོགས་ཡོངས་ཀྱི་དད་ལྡན་མི་དམངས་དང་རྒྱབ་སྐྱོར་བ་རྣམས་ཀྱིས། མགོན་པོ་གང་ཉིད་ཀྱིས་འཛམ་གླིང་ཞི་བདེ་དང་བཟང་སྤྱོད་གོང་སྤེལ་གྱི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཆེད་གློག་བརྙན་འདི་རྒྱ་ཆེ་རུ་ཁྱབ་སྤེལ་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད། འཛམ་གླིང་ཡོངས་ཀྱི་མི་མང་ས་ཡ་མང་པོ་གཙོས་པའི་བོད་མི་རྣམས་དང་། བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་དམ་དྲག་བྱེད་མུས་ལ་མ་ལྟོས་པར་འདི་ལོར་སྐུའི་གྱ་སྟོན་སྲུང་གཙི་ཞུ་འཆར་ཡོད་འདུག
ཕྱི་ལོ་ ༢༠༡༡ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་དམངས་གཙོའི་ལམ་ནས་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་མཛད་ཡོད། གཞིས་བྱེས་གཉིས་སུ་གནས་པའི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་ལ་དུས་དང་རྣམ་པ་ཀུན་ཏུ་དད་གུས་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད།
ཕྱི་ཟླ་ ༦ ཚེས་ ༢༡ དང་བོད་ཟླ་ ༥ ཚེས་ ༥ ཏེ་བོད་ལུགས་ཀྱི་འཁྲུངས་སྐར་ཉིན་བཞུགས་སྒར་དུ་ ༧ གོང་ས་མཆོག་ལ་དམིགས་བསལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། སྐབས་དེར་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་གནད་ཡོད་མི་སྣ་དང་སྐུ་མགྲོན་ཕེབས་རྒྱུ་ཡིན། ཞེས་དང་། དེ་རིང་གི་གློག་བརྙན་དེ་བོད་སྐད་དང་དབྱིན་སྐད། རྒྱ་སྐད་བཅས་ཀྱི་ནང་ནས་གཟིགས་རྒྱུ་ཡོད་ཅེས་བསྒྲགས་སོང་།
ཟླ་འདིའི་ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་ཐོག་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་ཕྱོགས་སྐོར་གྱི་ལས་རིམ་གསལ་བསྒྲགས་གནང་པའི་ནང་། ཞོགས་པའི་ཆུ་ཚོད་ ༨།༠༠ ཐོགཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ཆུ་ཚོད་ ༡༠།༣༠ ༧གོང་ས་མཆོག་དང་སྐུ་མགྲོན་གཙོ་བོ། ཆེ་བསྟོད་སྐུ་མགྲོན། དམིགས་བསལ་སྐུ་མགྲོན་བཅས་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུ། ཆུ་ཚོད་ ༡༠།༤༠ ཐོག་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་རྒྱུ་དང་དེའི་རྗེས་ཆེ་བསྟོད་སྐུ་མགྲོན་ཁག་ནས་གསུང་བཤད་གནང་རྗེས། ཆོལ་ཁ་རེ་རེ་བཞིན་གཞས་སྣ་གཟིགས་འབུལ་དང་དམིགས་བསལ་སྐུ་མགྲོན་ཚོས་གསུང་བཤད་གནང་རྒྱུ་ཡིན་འདུག ཆུ་ཚོད་ ༡༢།༠༥ ཐོག་༧གོང་ས་མཆོག་གིས་བཀའ་སློབ་གནང་རྒྱུ་ཡིན་འདུག
སྤྱིར་སྲིད་སྐྱོང་འདི་བ་ཚང་མིང་གྲགས་དང་ང་ཟེར་མཁན་ཞིག་རེད། ཁོང་གིས་བྱས་པའི་ལས་དོན་འདྲ་མིན་ལ་སྤྱི་ཚོགས་ཀྱི་ནང་དཀའ་ངལ་འཕྲད་བཞིན་པ་གསལ་བོ་རེད། འདི་ནི་ཁོང་ཆབ་སྲིད་ལ་ཉམ་ཞིབ་བྱེད་མཁན་ཞིག་ཡིན་པར་ངོས་འཛིན་དགོས་པ་ལས་ཆབ་སྲིད་ལ་འཛིན་སྐྱོང་གི་འགན་ལེན་མཁན་ཞིག་རེད་མི་འདུག དཔེར་ན་སྲིད་སྐྱོང་གི་སློབ་མའི་གཟེངས་རྟགས་ལྟ་བུ་རེད། མདོ་སྨད་ཀྱི་སྐུའི་གྱ་སྟོན་ཡང་དེ་ག་རང་རེད། ཐོག་མ་འགོ་འཛུགས་སྐབས་ནས་ཆོལ་ཁ་གསུམ་ལ་གྲོས་བཏབ་ཡོད་པ་རེད་ཅེས་འབྲེལ་ཡོད་མི་སྣ་བརྒྱུད་གོ་ཐོས་བྱུང་། མདོ་སྨད་མི་མང་གི་མི་ལོ་གསུམ་ལྷག་ལ་དཀའ་ལས་བརྒྱབ། བོད་ཕྱི་ནང་གཉིས་ནས་ཞལ་འདེབས་གང་མང་ཞིག་འབྱོར། ལྷག་པར་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་ནང་གི་ས་གནས་གང་མང་ཞིག བོད་གནས་སྡོད་བྱེད་སའི་ནུབ་གླིང་གི་ཡུལ་གྲུ་མང་པོ་ཞིག་ཏུ་སྐུའི་གྱ་སྟོན་གཟབ་རྒྱས་ངང་གོ་སྒྲིག་བྱས་དང་བྱེད་མུས་སུ་ཡོད་པའི་སྐབས་འདིར། སེང་གེ་བཀའ་ཤག་ངོ་གནོངས་དགོས་པའི་གནས་སུ་ལྷུང་གི་ཡོད་པ་རེད། དེར་བརྟེན་སེང་གེ་བཀའ་ཤག་གིས་དཔལ་དུས་ཀྱི་འཁོར་ལོ་དེ་གོ་སྒྲིག་བྱས་ན་ལབ་གླེང་ཉུང་རུ་འགྲོ་བར་དགོངས་ནས་དུས་འཁོར་དབང་ཆེན་གོ་སྒྲིག་གསལ་བསྒྲགས་སྤེལ་བ་རེད། དེ་ནས་བོད་སྤྱི་ཚོགས་སུ་ལབ་གླེང་མང་རུ་འགྲོ་ཡོད་པ་རེད་ལ། བོད་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་སུ་སྐུའི་གྱ་སྟོན་གྱི་མཛད་སྒོ་དང་རྟེན་འབྲེལ་ཁྱད་པ་ཅན་འདི་གླེང་སློང་དང་ཆ་ཤས་ལེན་མཁན། དོ་སྣང་བྱེད་མཁན་མང་དུ་སོང་པ་རེད། སྐབས་དེར་སེང་གེ་བཀའ་ཤག་གིས་རང་གི་འཐུས་ཤོར་ངོ་ཤེས་པ་རེད། དེ་བས་སེང་གི་བཀའ་ཤག་གི་དབང་ཤུགས་ལ་བརྟེན་ནས་མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གྱི་མཛད་རིམ་ཚང་མ་བཟོ་བཅོས་བྱས་དགོས་བྱུང་བ་རེད། སེང་གེ་བཀའ་ཤག་ནི་ཅི་འདྲིའི་འཇིགས་སུ་རུང་བ་ཞིག་རེདའང་། ད་ནི་ཁྱོད་ལ་ངང་གིས་སྒུག་པའི་འོས་ཤོག་བརྒྱ་ཕྲག་དུ་མ་ཤོར་ཚར་བ་རེད། སྲིད་སྐྱོང་ཡ་མིང་ལ་དགའ་བའི་སྲིད་སྐྱོང་།
དུས་བབ་ཚང་ཡང་ཐང་ཐང་ཞེ་དྲགས་མེད། ཉ་ཉོག་འདྲེས་གི་མའཇུག འདིར་གླེང་གིན་པ་ནི་སྐུའི་གྱ་སྟོན་རེད་མ་གཏོགས་ནེ་པྰ་ལེ་གི་ས་གཡོམ་མ་རེད།
གནད་དོན་ཞིག་གི་ཐོག་བགྲོ་གླེང་བྱེད་སྐབས། དེའི་ཁ་ཕྱོགས་བསྒྱུར་ནས་མཆན་འགོད་བྱེད་པ་ནི་དྲ་དམག་གི་བྱ་ཐབས་ཤིག་ཡིན་པས། abc123 མིང་ཅན་གྱིས་ཀྱང་སྐབས་བབ་བརྗོད་གཞི་དང་འབྲེལ་མེད་ཀྱིས་མཆན་འགོད་བྱས་ནས། བགྲོ་གླེང་ཁ་སྒྱུར་བྱ་ཐབས་ལ་འབད་པ་དང་། དུས་བབ་ཚང་ནས་ཀྱང་བརྗོད་གཞི་དང་འཚམ་པའི་རིགས་དྲ་ངོས་ལ་འདོན་འཇུག་བྱ་རྒྱུ་ཡིན་ཟེར་བའི་ལྟ་ཚུལ་དང་རྒྱབ་འགལ་གྱིས་འཇུག་འགོད་བྱས་པར་ངོ་རྒོལ་བྱེད།
གང་ལྟར་ད་ལམ་སྲིད་སྐྱོང་གིས་་་མདོ་སྨད་པ་ཚོའི་སེམས་ལ་ཡིད་བརྟན་མེད་པའི་བག་ཆགས་ངན་པ་ཞིག་བཞག་སོང་ལ། འདིས་མ་འོངས་པའི་སྲིད་སྐྱོང་གི་འོས་བསྡུ་ལ་འགྱུར་བ་ཏོག་ཙམ་འགྲོ་ངེས།
དང་ཐོག་སྐད་ཆ་བྱེད་སྐབས་་་གྱ་སྟོན་བརྟན་བཞུགས་མཉམ་དུ་ལས་་་་དེ་རྗེས་གཞུང་ལ་དམིགས་བསལ་མཛད་སྒོ་མེད་སྐོར་བཤད། ཉེ་ཆར་བརྟན་བཞུགས་ཀྱི་རྗེས་སུ་གཞུང་འབྲེལ་མཛོད་ཡོད་ཅེས་བཤད་པས་མདོ་སྨད་ཀྱི་མཛད་རིམ་ལ་བརྡབ་གསིག་ཐེབས་པ་རེད་སྙམ། འདི་ནི་སྲིད་སྐྱོང་མཆོག་གི་གནང་སྟངས་མ་འགྲིགས་པ་མ་ཟད་ཁོ་རང་ལ་ཡང་གནོད་ལས་ཕན་པ་ཅུང་ཟད་ཙམ་ཡང་མེད་པ་ལེབ་མཐོང་རེད།
གསལ་པོ་ཧ་གོ་གི་མེད་ལ་གོ་ཐོས་ལྟར་བསམ་ཚུལ་ཙམ་བྲིས་པ་ཡིན།
ས་ཡོམ་ཁྲོད་བལ་ཡུལ་གྱི་བོད་མི་ ༡༣ རྐྱེན་འདས་སུ་སོང་འདུག
ཟླ་སྔོན་མའི་ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་ཚད་རིམ་ ༧།༩ ཅན་ཞིག་བརྒྱབ་སྟེ་ད་བར་མི་ ༨༡༦༤ གྲོངས་པ་དང་མི་ ༡༦༤༧༢ ལ་རྨས་སྐྱོན་ཕོག་ཡོད་པ། མི་ས་ཡ་ ༢།༩ ལྷག་ས་ཆ་གཞན་ལ་གནས་སྤོ་བྱེད་དགོས་ཐུག་ཡོད་པ་དང་། གཞན། བལ་ཡུལ་གནས་སྡོད་བོད་མི་ ༡༣ དང་བོད་ནང་བོད་མི་ ༢༨ གྲོངས་ཡོད་པ་མ་ཟད། བོད་མི་ ༡༠༠ ལྷག་ལ་རྨས་སྐྱོན་དང་ཁང་པ་ ༦༣༢༠ དང་དགོན་སྡེ་ ༣༠ ལྷག་ལ་ཚད་མི་འདྲ་བའི་གཏོར་སྐྱོན་སོགས་ཐེབས་སྟེ་བོད་མི་ ༡༨༧༩༤༧ ལྷག་ལ་གནོད་འཚེ་ཕོག་ཡོད་འདུག
མིང་དུ་གྲགས་པའི་འཁྲབ་སྟོན་པ་ཁྲིན་ལོང་དང་གྲོགས་པོ་ལི་ཀྲོང་ཁྲང། ཀྲའོ་ཅན་ཧྭ་བཅས་ཀྱིས་བལ་ཡུལ་སོགས་ལ་རོགས་སྐྱོར་བྱས་ཡོད།
རྒྱལ་ནང་ན་མིང་དུ་གྲགས་པའི་འཁྲབ་སྟོན་པ་ཁྲིན་ལོང་དང་གྲོགས་པོ་ལི་ཀྲོང་ཁྲང། ཀྲའོ་ཅན་ཧྭ་བཅས་ཀྱིས་ཞིན་ཅ་ཕོ་ནས་གླུ་གཞས་དགོང་ཚོགས་འཚོགས་ཡོད། ཉིན་ཁ་ཤས་ཀྱི་ཚོད་ལྟའི་སྐབས་ཁོང་ཚོས་ཕན་ཚུན་ལ་བྱམས་བརྩེའི་ཐད་ནས་གླེང་སློང་དང་མི་ཡུལ་ལ་རོགས་རམ་བྱ་བའི་ཐད་འབྲེལ་བ་དམ་ཟབ་བྱུང་སྟེ། གླུ་ལེན་ཞོར་དུ་ཁོ་ཚོས་ཕན་ཚུན་ལ་ཀུ་རེ་དང་མཚར་གཏམ་སྣ་ཚོགས་བཤད་པས་ལྟད་མོ་བ་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་དང་ཁོ་ཚོར་སྤྲོ་འཛུམ་རིང་དུ་བསྲིངས་སྐད། གོ་ཚོད་དུ་ད་ཐེངས་ཀི་གླུ་གཞས་དགོང་ཚོགས་ཀྱི་ཡོང་འབབ་ཚང་མ་ཞིན་ཅ་ཕོའི་བྱམས་བརྩེའི་ཚོགས་པ་6ལ་གནང་རྒྱུ་གཏན་འཁེལ་བྱུང་ཞིང་། དེ་དང་མཉམ་དུ་ལས་འཛིན་མི་ཉུང་བས་གླུ་རའི་ནང་ནས་འཛམ་གླིང་གི་ཤར་ནུབ་ཐམས་ཅད་ཀྱི་ཉམ་ཆུང་དབུལ་བོ་དང་། བདག་མེད་རྒན་རྒོན་སོགས་དང་ཡང་ན་ལྷེན་སྐྲན་ནམ་ངན་སྐྲན་༼འེ་ཀྲིན་༽གྱི་ནད་ཡོད་པའི་བྱིས་པ་རྣམས་ཀྱི་ཆེད་དུ་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་གང་མང་སྒྲོག་བརྒྱངས་བྱས་པས་ཐེངས་འདིའི་གླུ་གཞས་དགོང་འཚོགས་སྟེང་ཞུགས་པའི་ལྟད་མོ་བ་ཁྲི་སྟོང་ལྷག་སེམས་འགུལ་བླ་མེད་ཐོབ་སྟེ་ཞལ་འདེབས་དང་རྗེས་སུ་ཡི་རངས་ཀྱི་གནས་སུ་གྱུར་ཡོད།
ཁྲིན་ལོང་2015ལོའི་བལ་ཡུལ་ས་གཡོས་ཆེད་ཀྱི་སྒོར་སློང་བྱེད་སྒོར་ཞུགས།
བྱམས་བརྩེའི་དགོང་ཚོགས་བརྒྱུད་རྒྱལ་ནང་གི་ལྷེན་སྐྲན་ནམ་ངན་སྐྲན་༼འེ་ཀྲིན་༽གྱི་ནད་ཡོད་པའི་བྱིས་པ་གང་མང་ཞིག་ལ་དྲི་བ་དྲིས་ལན་བྱས་པར་མ་ཟད། ཁྲིན་ལོང་ས་གནས་དེ་ཀའི་2015ལོའི་བལ་ཡུལ་ས་གཡོས་ཆེད་ཀྱི་སྒོར་སློང་བྱེད་སྒོ་ལ་ཞུགས་པར་མ་ཟད་ཀང་སྒོར་ཁྲི58ཕུལ་ཡོད། ཁོང་གིས་ཚོགས་ཐོག་ཏུ”བལ་ཡུལ་གྱི་ས་འགུལ་གྱིས་མི་ཚོར་སེམས་སྐྱོ་གནང་གི་བཅུག ངས་གོ་མ་ཐག་ནས་འབྲེལ་ཡོད་ལས་ཁུངས་དང་འབྲེལ་བ་བྱས་ཡོད་པར་མ་ཟད་སྦྱིན་རྒྱུའི་ཅ་ལག་ཀྱང་བཀོད་བསྒྲིགས་བྱས། ད་ཐེངས་ང་བལ་བོ་ལ་རོགས་སྐྱོར་བྱེད་དུ་འགྲོ་རྒྱུའི་བཀོད་སྒྲིག་བྱེད་བཞིན་ཡོད། ཁོང་ཚོར་ཅ་ལག་འཁྱེར་རྒྱུ་ཡིན་”ཟེར།
ཁྲིན་ལོང་2015ལོའི་བལ་ཡུལ་ས་གཡོས་ཆེད་ཀྱི་སྒོར་སློང་བྱེད་སྒོར་ཞུགས་ཏེ་ཞལ་འདེབས་གནང་བཞིན་པ།
ཟླ་6པའི་ཚེས9ཉིན་ཁྲིན་ལོང་གིས་ལྷ་སའི་གནམ་གྲུ་ཐང་ནས་བལ་ཡུལ་ལ་གནང་སྦྱིན་དངོས་རྫས་སྐྱེལ་བཞིན་པ།
ས་ཡོམ་ཁྲོད་བལ་ཡུལ་གྱི་བོད་མི་ ༡༣ རྐྱེན་འདས་སུ་སོང་འདུག
ཟླ་སྔོན་མའི་ཚེས་ ༢༥ ཉིན་བལ་ཡུལ་དུ་ས་ཡོམ་ཚད་རིམ་ ༧།༩ ཅན་ཞིག་བརྒྱབ་སྟེ་ད་བར་མི་ ༨༡༦༤ གྲོངས་པ་དང་མི་ ༡༦༤༧༢ ལ་རྨས་སྐྱོན་ཕོག་ཡོད་པ། མི་ས་ཡ་ ༢།༩ ལྷག་ས་ཆ་གཞན་ལ་གནས་སྤོ་བྱེད་དགོས་ཐུག་ཡོད་པ་དང་། གཞན། བལ་ཡུལ་གནས་སྡོད་བོད་མི་ ༡༣ དང་བོད་ནང་བོད་མི་ ༢༨ གྲོངས་ཡོད་པ་མ་ཟད། བོད་མི་ ༡༠༠ ལྷག་ལ་རྨས་སྐྱོན་དང་ཁང་པ་ ༦༣༢༠ དང་དགོན་སྡེ་ ༣༠ ལྷག་ལ་ཚད་མི་འདྲ་བའི་གཏོར་སྐྱོན་སོགས་ཐེབས་སྟེ་བོད་མི་ ༡༨༧༩༤༧ ལྷག་ལ་གནོད་འཚེ་ཕོག་ཡོད་འདུག
https://www.youtube.com/watch?v=yIA8oBIKSQo
ཆོལ་ཁ་དང་ཆོས་ལུགས་གང་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷག་བསམ་དད་གུས་དང་གོང་ཉིད་སྐུ་ཚེ་ཡུན་རིང་གནས་ཆེད་ཁོ་ནར་དམིགས་ཏེ་གྱ་སྟོན་ནམ་བརྟན་བཞུགས་སོགས་འབུལ་བཞིན་ཡོད་ན། སྐབས་ཐོག་ཏུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་གི་ལས་འགུལ་མཉམ་སུ་ཁེལ་ན་ཚོགས་བསགས་ཀྱི་དགེ་ཚོགས་མང་ནས་ལེགས་པའི་ཆ་ལས་དེ་ལ་འགོག་རྐྱེན་དང་གནོད་སྐྱེལ་བ་མི་མཐུན་པའི་བྱ་བ་སོགས་གང་ཡང་ཡོང་གི་མ་རེད་དྲན།
གལ་ཏེ་དེ་ལས་ལྡོག་སྟེ་གྱ་སྟོན་ནམ་བརྟན་བཞུགས་ནི་ཆོལ་ཁ་དང་ཆོས་ལུགས། ཚོགས་སྡེ་དང་མི་སྒེར་པ་སོགས་ཀྱི་མིང་གྲགས་དང་སྐབས་འཚོལ་ཁོ་ནའི་ཆེད་དུ་ཡིན་ན་སྐབས་ཐོག་ཏུ་གནད་འགག་ཞིག་ཡོང་གི་རེད་དྲན། གང་ལྟར་འདི་ལོའི་སུམ་ཅུའི་དུས་དྲན་བཞིན་མི་ཡོང་བར་ཚང་མས་ཐུགས་གཟབ་གནང་དགོས་རྒྱུ་ཞིག་རེད། གནའ་མིའི་གཏམ་དཔེ་ལ། ཆོས་གཟབ་སར་བདུད་གཟབ། ཟེར་བ་རེད།
མདོ་སྨད་ཀྱི་ལས་ཀྱི་སྣེ་མོ་བ་དག་གིས་མ་འཇོན་པ་རེད། ཐོག་མ་ནས་བོད་གཞུང་དང་མཉམ་འབྲེལ་བྱེད་རྒྱུ་ཡིན་ན་དེ་ག་རང་གསལ་བོ་བཟོས་ཏེ་མང་ཚོགས་ལ་གསལ་བསྒྲགས་གནང་དགོས་པ་རེད། ཐོག་མ་མདོ་སྨད་གཅིག་པོ་ཡིན་མདོག་མདོག་གི་གསལ་བསྒྲགས་སྤེལ་བ་དང་མང་ཚོགས་ལ་ཞལ་འདེབས་ཕོན་ཆེན་པོ་བསྡུས་པའི་རྗེས་ལ། བོད་གཞུང་གིས་ཀྱང་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་གསུངས་ཡོང་སྐབས་ཉ་དང་ཉུང་མ་མཉམ་བསྲེས་བྱས་པ་རེད། བོད་གཞུང་གིས་གྱ་སྟོན་སྲུང་བརྩི་ཞུ་རྒྱུ་ཡིན་ན་སྤྱི་ཟླ་ ༧ ཚེས་ ༦ ལ་ཞུ་རོགས། ད་རེས་མདོ་སྨད་ཁབ་གཙང་གིས་གྱ་སྟོན་གོ་སྒྲིག་ཞུ་རྒྱུ་ཡིན་ཅེས་གཞུང་ལ་སྙན་གསེང་ཞུ་དགོས་པ་རེད། སྤྱི་ཟླ་ ༧ ཚེས་ ༦ ཉིན་དེ་གནའ་སྔ་མོ་ནས་གཞུང་འབྲེལ་གྱི་འཁྲུངས་སྐར་ཉིན་མོ་རེད།
དེ་ནས་བོད་གཞུང་དང་སྲིད་སྐྱོང་མཆོག་གི་གནང་སྟངས་ལའང་ནོར་འཁྲུལ་གཏན་གཏན་ཡོད་པ་རེད། གྱ་སྟོན་སྲུང་བརྩི་ཞུ་རྒྱུ་དེ་སྤྱི་ལོ་ ༢༠༠༩ ལོ་ནས་བཟུང་མདོ་སྨད་ཚོགས་ཆེན་རིམ་པོ་ཐོག་བཀའ་མོལ་བྱུང་བ་ཞིག་རེད་ལ། དེའི་རྗེས་སུ་མདོ་སྨད་ཚོགས་ཆེན་སྟེང་ནས་གྲོས་ཆོད་བཞག་པ་ཞིག་རེད། འདི་མདོ་སྨད་མི་མང་དང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁངས་ལ་བདག་པ་ཞིག་རེད་མ་གཏོགས་མི་བྱེ་བྲག་པ་ཞིག་གིས་གང་བྱུང་མང་བྱུང་བྱེད་ཆོག་པ་ཞིག་མ་རེད། ལོ་གཉིས་གསུམ་གོང་ནས་མདོ་སྨད་ཀྱིས་ཁྱབ་བསྒྲགས་བྱས་ཀྱང་གཞུང་ལ་ད་བར་གྲགས་འགུལ་མེད་པར་བསྡད་པ་རེད། མདོ་སྨད་ཀྱིས་དྲ་བསྒྲིགས་བྱས་ཞལ་འདེབས་བསྡུས་ཚར་བ་མ་ཟད། ཉེ་ལམ་སྤྱི་ཟླ་ ༤ ཚེས་ ༢༢ ཉིན་ས་གནས་ཁག་ལ་གསལ་བསྒྲགས་སྤེལ་ཏེ་ད་ལོའི་སྤྱི་ཟླ་ ༦ ཚེས་ ༢༡།༢༢།༢༣ བཅས་ཀྱི་ལས་རིམ་གཏན་འབེབས་ཟིན་པའི་རྗེས་ལ་བོད་གཞུང་གིས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གཞུང་འབྲེལ་ཐོག་ནས་སྲུང་བརྩི་ཞུ་རྒྱུ་ཡིན་གསུངས་པ་དེ་དག་དག་བསྡད་ཡོད་པ་མ་རེད། བོད་གཞུང་ཟེར་ན་འདྲ་སྲིད་སྐྱོང་ཟེར་ན་འདྲ་གང་ལྟར་གོ་སྐབས་བླངས་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་པ་རེད།
ད་ཡོངས་རྫོགས་ཚར་ཚར་བ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་སྤུས་དག་པོ་ཡག་པོ་ཞིག་ཡོང་ཐབས་ལ་ཚང་མས་འཕྱར་བ་གྲུ་འདེགས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག
དུས་ཡུན་སྐར་མ་གསུམ་ཅན་གྱི<<བརྒྱད་ཅུའི་སྐམ་སྟོན>> གློག་བརྙན། བློ་སེང་གིས་གྱ་སྟོན་ཞེས་པའི་ཚིག་དོན་ཧ་གོ་གི་མེད་པ་འདྲ། སྐྱེ་བོ་སུ་ཞིག་རང་ལོ་བརྒྱད་ཅུ་གྱ་གྲངས་ལ་སླེབས་ཚེ། ཚེ་རིང་བོ་བྱུང་བར་དགའ་དགའ་སྤྲོ་སྤྲོ་ཡི་ངང་བཟའ་བཏུང་ཕུན་སུམ་ཚོགས་པོ་ལ་རོལ་བའི་སྟོན་མོ་ལ་ཟེར། དགའ་བའི་སྟོན་མོ་བྱས་པར་དགའ་སྟོན་ཟེར། སྟོན་མོ་ནི་ཨིན་སྐད་དུ་ party རེད།གྲྭ་ས་ན་སྐམ་ཚོགས་ཟེར་བ་ཞིག་ཡོད་པ་ནང་བཞིན། བཀའ་ཤག་གི་འདི་གྱ་སྟོན་ཡིན་ན་<<བརྒྱད་ཅུའི་སྐམ་སྟོན>>ཞེ་ན་ལེགས།
བློ་སེང་ལགས། ཉིན་༣༦༥ ནང་ན་ལོ་གཉིས་སྔོན་ནས་ཞུས་ཡོད་པའི་མདོ་སྨད་ཆོལ་ཁའི་གྱ་སྟོན་གྱི་ཉིག་གསུམ་པོའི་གང་རུང་ལས་མེད་པ་རེད་དམ། ཉིད་ཀྱི་མ་ཎི་བཞིན་བསྒྲེང་སྡད་པའི་ཆིག་སྒྲིལ་ཟེར་བ་དེ། གཞན་ལག་གི་གོ་སྐབས་འཕྲོག་རྒྱུ་དེ་ཡིན་ནམ། ཡང་ན་མདོ་སྨད་ཆོལ་ཁ་ལ་ཐུབ་ཚོད་གཏོང་རྒྱུ་དེ་ཡིན་ནམ།
ང་ཚོས་ཁྱེད་རང་སྲིད་བྱེད་པར་བཏང་བ་ལས་ཆོས་བྱེད་པར་གདམས་པ་མིན་ལགས།
སྲིད་སྐྱོང་ཁྱོད་ནི་ཇི་འདྲའི་སྐབས་འཚོལ་རིང་ལུགས་མཁན་ཞིག་དང་ཁྱབ་བསྒྲགས་ལ་དགའ་བའི་དཔོན་པོ་ཞིག་རེད་འང་། གྱ་སྟོན་འདིའི་འགོ་སྔ་བར་གསུམ་དུ་ཁྱེད་ཀྱིས་ཕྱག་ལས་གང་ཞིག་གནང་ཡོད་དམ། འདི་ལྟར་རང་གི་མི་མང་ལ་སྤྲེའུ་ལབ་འཁྲབ་དགོས་དོན་འདུག་པས།
སྐུའི་གྱ་སྟོན་འཁྲུངས་སྐར་སྲུང་གཙི་བྱས་པ་ཡག་པོ་རེད་བསམ་སོང་། ཡིན་ན་ཡང་། དེང་སང་སྤྱི་ཚོགས་ནང་མདོ་སྨད་ཀྱིས་ལོ་གཉིས་རིང་དཀའ་ལས་བརྒྱབ་ཏེ་གྲ་སྒྲིག་བྱས་པའི་ཉིན་མོ་རྩ་ཆེ་ཤོས་དེ་བཀའ་ཤག་སྲིད་གཞུང་གིས་འཕྲོག་པ་རེད་ཅེས་གླེང་ཕྱོགས་ཤུགས་ཆེན་པོ་ཞིག་འགྲོ་བཞིན་འདུག དོན་དངོས་གང་འདྲ་ཡིན་ནམ།
ན་ནིང་གྱ་སྟོན་གླེང་དུས།། ལུགས་སྲོལ་ང་མེད་ཁྱོད་མེད།། དངོས་སུ་དུས་ལ་སླེབས་སྐབས།། འཚང་ཁ་རྒྱག་མཁན་མང་གཱ།། ཧ་ཧ་ཧ
སྐུའི་གྱ་སྟོན་རྟེན་འབྲེལ་ལ་འཚམས་འདྲི་ཞུ།࿌࿊࿋
ཨོ་ད་གང་ལྟར་ང་ཚོའི་ཕྱོགས་ལ་གྱ་སྟོན་བྱེད་པའི་ལུགས་སྲོལ་མེད་ཅེས་ཁུ་སིམ་མེར་མི་འདུག་པར་གཞུང་གིས་སྣེ་ཁྲིད་དེ་དུས་ཆེན་སྲུང་གཙི་བྱེད་བཞིན་པ་ཡག་པོ་རེད། དུས་ཆེན་སྲུང་གཙི་བྱེད་པའི་དབང་ཆ་སུ་ལའང་ཡོད་པ་ལྟར་གཅིག་གིས་གཅིག་ལ་འཕྲོག་མི་དགོས་ལ། གཅིག་གིས་གཅིག་ལ་འགྲན་ཡང་དགོས་པ་མ་རེད།
་་་་་་་་་་་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་རྟེན་འབྲེལ་ཉིན་མོར་འཚམས་འདྲི་ཞུ་་་་་་་་་་་་་་་་་
བཀྲ་ཤིས་བདེ་ལེགས། སྐར་མ་གསུམ་རིང་གི་བརྙན་འཕྲིན་ཞེས་པའི་དོན་དག་གོ་མ་སོང་། བརྙན་འཕྲིན་ནི་དབྱིན་སྐད་དུ་་television ཟེར། སྐར་མ་གསུམ་རིང་གི་televisionཟེར་ན་གོ་རྒྱུ་མེད།