མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རོལ་དབྱངས་དུས་སྟོན་སྟེང་གསུང་བཤད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༩ ཉིན་༧གོང་ས་མཆོག་དབྱིན་ཡུལ་གྱི་ལྷོ་ནུབ་ཀྱི་སོ་མེར་སེཊ་ (Somerset) དུ་གྷིལ་སི་ཊོན་བྷ་རེ་ (GlastonburyFestival)ཞེས་པའི་རོལ་དབྱངས་སྤྲོ་ཚོགས་ཤིག་ཚོགས་འཆར་ཡོད་པའི་སྟེང་ཕེབས་ཏེ་གསུང་བཤད་གནང་རྒྱུ་ཡིན་འདུག

གཟའ་ལྷག་པའི་ཉིན་རོའུ་ཊར་གསར་ཁང་དྲ་བའི་སྟེང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཡོད་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དབང་འདུས་ཚེ་རིང་ལགས་ཀྱིས། ཟླ་འདིའི་ཚེས་ ༢༧ ནས་ ༣༠ བར་བོད་མིའི་འདི་ཕྱིའི་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དབྱིན་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་པ་དང༌། སྐབས་དེར་༧གོང་ས་མཆོག་གིས་གྷིལ་སི་ཊོན་བྷ་རེ་ཞེས་ས་གནས་སུ་འཚོགས་སྲོལ་ཡོད་པའི་ཡུ་རོབ་གླིང་ཆེན་གྱི་རོལ་དབྱངས་འདུ་འཛོམས་ཆེ་ཤོས་སར་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པ་ཡིན་པ་མ་ཟད། དེའི་རྗེས་གྲོང་ཁྱེར་ཨལ་ཌེར་ཞོ་ཊི་(Aldershot) སོགས་སུ། དུས་རབས་ཉི་ཤུ་རྩ་གཅིག་ནང་གི་ནང་ཆོས་ཞེས་པ་དང་། བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ། འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་སོགས་ཀྱི་ཐོག་མི་མང་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག

བྷེ་བྷེ་སིས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་འབྱུང་འགྱུར་གྱི་རེས་གཟའ་ཉི་མའི་ཉིན་སོ་མེར་སེཊ་དུ་གྷིལ་སི་ཊོན་བྷ་རེ་ཡི་རོལ་དབྱངས་སྤྲོ་ཚོགས་སྟེང་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་པ་དང་།གོ་སྒྲིག་ཚོགས་མི་ཨེ་མེལ་ཨ་ཝེ་སུ་(Emily Eavis) ཡིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཐེངས་འདིར་ང་ཚོའི་སྤྲོ་ཚོགས་སྟེང་ཐེབས་འཆར་ཡོད་པ་དེ་ནི་ཧ་ཅང་གཟི་བརྗིད་ཆེན་པོ་ཞིག་ཆགས་ཡོད་ལ། དེར་ང་ཚོས་དགའ་བསུ་ཆེན་པོས་༼དམིགས་བསལ་དུས་ཀྱི་སྤྲོ་སྟོན།༽ཞེས་འབོད་བཞིན་ཡོད་ཅེས་སོགས་བརྗོད་འདུག

གྷིལ་སི་ཊོན་བྷ་རེ་རོལ་དབྱངས་སྤྲོ་ཚོགས་དེའི་སྟེང་། ད་ལྟ་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་གནམ་དཔྱད་རིག་པའི་ཚན་རིག་པ་ཆེན་མོ་སི་ཊེལ་ཧྥིན་ཧྭ་ཁེན་ (Stephen Hawking) ཕེབས་རྒྱུ་ཡིན་ཡང་། ཁོང་གི་ལས་རིམ་ག་རེ་ཡིན་མིན་ད་སྔ་གསལ་ཁ་མི་འདུག

ད་རེབ་ཀྱི་རོལ་དབྱངས་སྤྲོ་ཚོགས་འདིས་ཆབ་སྲིད་ཀྱི་རྩ་དོན་ཞིག་བཟུང་ཡོད་སྟབས། ད་ལོ་ཨུ་རུ་སུའི་དྲག་པོའི་རོལ་དབྱངས་རུ་ཁག་ཕའུ་སེ་རི་ཊི་ (Russian punk band Pussy Riot)ཞེས་པའི་མི་སྣ་གཉིས་ཀྱང་སྤྲོ་ཚོགས་འདིའི་སྟེང་མཉམ་ཞུགས་བྱས་ཏེ།ཁོང་ཚོས་ཨུ་རུ་སུའི་སྲིད་འཛིན་པུ་ཊན་(Vladimir Putin) ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་འཆར་ཡོད་འདུག

ད་རེབ་ཀྱི་རོལ་དབྱངས་སྤྲོ་ཚོགས་མགོ་འཛུགས་སྟེང་། ལྟད་མོ་བ་ ༡༧༧༠༠༠ ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། སྐབས་དེར་སྙན་གྲགས་ཅན་གྱི་གཞས་པ་དང་གཞས་རྩོམ་པ་པོ་བྷར་ཊི་བྷ་ཆཱ་ར་ཅེ་(Burt Bacharach) དང་ཕེར་རལ་ཝུ་ལེམ་(Pharrell Williams)། མཱག་རོན་སོན་(Mark Ronson )། དེ་བཞིན་རོལ་དབྱངས་རུ་ཁག་མུ་ཌེ་བྷུ་ལུ་(Moody Blues)་དང་རུ་ཌི་མན་ཊལ (Rudimental) སོགས་ཀྱིས་འཁྲབ་སྟོན་བྱ་རྒྱུ་ཡིན་པ་འཁོད་འདུག

རྒྱ་ནག་གི་ཕྱི་དྲིལ་མགྲིན་ཚབ་པ་ལོའུ་ཁཱང་ (Lu Kang) གིས་ཉིན་རེ་གསར་འགྱུར་དྲ་བའི་སྟེང་། ༧ཏཱ་ལའི་བླ་མས་གྷིལ་སི་ཊོན་བྷ་རེ་པའི་རོལ་དབྱངས་སྤྲོ་ཚོགས་སྟེང་ག་རེ་བྱེད་བཞིན་ཡོད་མེད་མི་ཤེས་ཀྱང་། རྒྱལ་སྤྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ བའི་ཆབ་སྲིད་ཀྱི་དམིགས་ཡུལ་ལ་ལག་འབྲེལ་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་གང་ཡང་མེད་པ་མ་ཟད། རྒྱལ་ཁབ་དང་ཚོགས་པ། སྒེར་སུ་ཞིག་གིས་༧ཏཱ་ལའི་བླ་མར་རྒྱལ་ཁབ་ཁ་བྲལ་བྱེད་པའི་སྡངས་ཆ་བསྐྲུན་པ་དེར་རྒྱ་གཞུང་གིས་དུས་རྟག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད་ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ། 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

མཆན། 1

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ད་ལམ་ཡང་རྒྱ་ནག་གིས་དབྱིན་ལེ་ཡི་ནང་སྲིད་ལ་ཐེ་བྱུས་ཀྱི་འཇིགས་སྐུལ་བྱས་འདུག་ག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese