མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་གནད་དོན་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་ལ་ཏཱ་ལའི་བླ་མ་དང་ལྷན་དུ་བོད་རྒྱའི་བར་གྱི་གྲོས་མོིལ་བསྐྱར་མཐུད་ཡོང་བའི་འབོད་སྐུལ་ཞུས་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེ་ ༢༩ ཉིན་གྲོང་ཁྱེར་བྷུར་སིལ་ནང་ཚོགས་པའི་ཡུ་རོབ་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐེངས་ ༡༧ པའི་སྟེང་དུ། ཡུ་རོབ་མཐུན་ཚོགས་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མཉམ་ཞུགས་ཐོག ཡུ་རོབ་མཉམ་འབྲེལ་སྤྱི་མཐུན་ཚོགས་པའི་འགན་འཛིན་ཌོ་ནལ་ཌི་ཊུ་སི་ཁི་ལགས་ཀྱིས། རྒྱ་ནག་གི་སྲིད་བློན་ལེ་ཁི་ཆེང་ལ་ནང་བའི་དབུ་ཁྲིད་ཏཱ་ལའི་བླ་མ་དང་མཉམ་དུ་མིང་དོན་མཚུངས་པའི་བོད་རྒྱའི་གྲོས་མོས་བསྐྱར་གསོ་དགོས་པའི་འབོད་སྐུལ་ཞུས་ཡོད་ཚུལ་བཀོད་འདུག

གཟའ་ཟླ་བའི་དགོང་མོར་སྐོང་འཚོགས་བྱས་པའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་། ཡུ་རོབ་མཉམ་འབྲེལ་སྤྱི་མཐུན་ཚོགས་པའི་འགན་འཛིན་ཊུ་སི་ཁི་དང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆེང་གཉིས་མཉམ་ཞུགས་ཐོག སྐུ་ཞབས་ཊུ་སི་ཁི་ལགས་ཀྱིས། རྒྱ་ནག་གིས་མུ་མཐུད་དུ་སྲིད་ཇུས་ལེགས་བཅོས་བྱེད་འདུན་ཡོད་ཀྱང་། ཁོང་ཚོས་ལས་དོན་དེ་བཅོས་བསྒྱུར་གཞན་ཞིག་གི་སྟེང་དུ་རྒྱ་བསྐྱེད་བྱ་སྲིད་སྐོར་བརྗོད་ཀྱི་ཡོད་པ་རེད། ཅེས་དང་། ཡང་ཁོང་གིས་དེ་རིང་ང་ཚོ་ཚང་མས་རྒྱལ་ཁབ་ཕན་ཚུན་བར་གྱི་བཟང་ཕྱོགས་ཀྱི་འབྲེལ་ལམ་མཚོན་པའི་ཕྱི་ལོ་ ༢༠༢༠ དམག་དོན་གྲོས་གཞིའི་ཐད་ལ་ཤུགས་སྣོན་བྱ་རྒྱུ་ཐག་བཅད་པ་མ་ཟད། ང་ཚོས་ད་དུང་རྒྱ་ནག་གི་སྲིད་བློན་ལེ་ཁི་ཆེང་ལ་འབྱུང་འགྱུར་གྱི་དོན་ལས་སྐོར་ལའང་མོས་མཐུན་བྱས་ཡོད་ཅིང་། ལས་རིམ་འདི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་རེད་ཅེས་བརྗོད་འདུག

གོང་སྨོས་གསར་འགོད་ལྷན་ཚོགས་སྟེང་། ཁོས་མུ་མཐུད་དུ། ལས་རིམ་འདི་རྒྱལ་ཁབ་ཕན་ཚུན་བར་གྱི་ཉོ་འཚོང་མ་འཛུགས་ནས་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཡུལ་གྱར་གནས་བབ། དེ་བཞིན། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་ནས་སའི་གོ་ལའི་ཚ་དྲོད་ལ་འཕོ་འགྱུར་གཏང་ཕྱོགས་སྐོར་ཡིན་སྟབས། དེ་རིང་ང་ཚོ་ཚང་མ་གོམ་གང་མདུན་སྤོས་ཀྱིས། དཀའ་རྙོག་འདི་དག་སེལ་ཐབས་སུ་འབད་བརྩོན་བྱེད་དགོས་པ་རེད། རྒྱུ་མཚན་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས། དེང་གི་དམག་དོན་ཁེ་ཕན་ཐུན་མོང་དུ་སྤྱོད་ཀྱི་ཡོད་པ་མ་ཟད། ང་ཚོ་ཚང་མས་དཔུང་རྡིང་གཅིག་ཏུ་བསྒྲིལ་ཏེ་འཛམ་གླིང་གི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས་སྐོར་གླེང་སློང་དང་དམ་བཅའ་བྱས་ཡོད་པ་རེད།

ང་ཚོས་རྒྱ་ནག་གི་སྲིད་ཇུས་བཅོས་བསྒྱུར་ལ་རྒྱབ་སྐྱོར་དང་དེའི་གྲུབ་འབྲས་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོས་ད་དུང་རྒྱལ་སྤྱིའི་གནས་བབ་དང་བསྟུན་ཏེ། ཕྱོགས་གཉིས་ཐུན་མོང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་སུ་གཏོང་ཐབས་སུ་མཉམ་ལས་བྱེད་ཕྱོགས་ཐད་ལའང་གྲོས་མོལ་བྱས་ཡོད་པ་དང་། ངས་འདིར་ང་རང་ཚོའི་ངོས་ནས། བོད་དང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་རྣམ་འགྱུར་དང་འདུ་འཛོམས་རང་དབང་གི་གནས་སྟངས་ཐད་ལ་སེམས་ཁུར་བྱེད་ཀྱི་ཡོད་ན། ངས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་མིང་དོན་མཚུངས་པའི་གྲོས་མོལ་བྱ་བར་རེ་སྐུལ་ཞུ་རྒྱུ་ཡིན།

དགའ་འོས་པ་ཞིག་ལ། ད་ལོའི་ཕྱི་ཟླ་ ༡༡ ནང་ང་ཚོའི་ཐེངས་རྗེས་མའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དང་། དེ་བཞིན། འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་དང་འབྲེལ་བའི་ཡུ་རོབ་མཉམ་འབྲེལ་ཚོགས་པའི་དམིགས་བསལ་སྐུ་ཚབ་རྒྱ་ནག་ནང་ཐེངས་གཉིས་པའི་གཟིགས་སྐོར་བྱེད་ཕྱོགས་ཐད་ལའང་མོས་མཐུན་བྱུང་ཡོད་པ་རེད། རེབ་དེའི་ང་ཚོའི་ལས་གཞིའི་ནང་དུ། དེང་གི་འཛམ་གླིང་གི་ཚ་དྲོད་དང་འཛམ་གླིང་འཕེལ་རྒྱས་སུ་གཏང་ཕྱོགས་སྐོར་ཚུད་ཡོད་སྟབས། ང་ཚོས་དེང་གི་གནམ་གཤིས་འགྱུར་ལྡོག་དང་གོ་ལ་ཡར་རྒྱས་སུ་གཏང་ཕྱོགས་སྐོར་ལ་གདོང་ལེན་བྱེད་དགོས་པ་མ་ཟད། ང་ཚོས་རྒྱལ་ཁབ་ཕན་ཚུན་ཐུན་མོང་དང་རྒྱལ་སྤྱི་རང་བཞིན་གྱི་ངོས་ནས། གནམ་གཤིས་འགྱུར་ལྡོག་གི་ཉེན་འཚབ་དང་འབྲེལ་བའི་ཉོ་འཚོང་མ་འཛུགས་དང་དུག་རླངས་ཀྱི་མཁའ་དབུགས་ཇེ་ཉུང་དུ་གཏང་ཕྱོགས་སྐོར་ལའང་གྲོས་མོལ་བྱེད་དགོས་ཡོད།

དེར་མ་ཟད། ཕྱི་ཟླ་ ༡༢ ནང་ཧྥ་རན་སིའི་རྒྱལ་ས་ཕེར་སི་གྲོང་ཁྱེར་དུ་ཚོགས་རྒྱུ་ཡིན་པའི་འཛམ་གླིང་ཚ་དྲོད་ཐད་ཀྱི་ཚོགས་ཆེན་སྟེང་དུ། རྒྱལ་ཁབ་ཕན་ཚུན་མཉམ་འབྲེལ་དང་དྲང་བདེན་གྱི་ལམ་དུ་བསྐྱོད་ཐུབ་པར་ང་ཚོས་མོས་མཐུན་བྱེད་ཀྱི་ཡོད་ཅིང་། ང་ཚོ་ཚང་མ་གོ་ལ་གཅིག་གི་སྟེང་དུ་འཚོ་སྡོད་བྱེད་མཁན་ཡིན་པའི་ཆ་ནས། ང་ཚོས་སའི་གོ་ལའི་ཚ་དྲོད་ཆ་སྙོམས་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པ་རེད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese