མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་གནང་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp


ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦ པ་ཡས་མས་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་གེ་སར་ཐང་ཆེན་གྱི་གཡས་ཟུར་དུ། བོད་པའི་གྲྭ་བ་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་འདུག དགེ་འདུན་པ་དེའི་འདས་སོན་དང་། མཚན་ལ་ཅི་ཟེར་དགོན་པ་གང་ནས་ཡིན་པ་སོགས་ཀྱི་ཞིབ་ཁྲའི་གནས་ཚུལ་ད་སྔ་གང་ཡང་ཤེས་རྟོགས་ཐུབ་མ་སོང་།

གནས་ཚུལ་དེ་བྱུང་མ་ཐག་ཡུལ་ཤུལ་ཁུལ་གྲོང་ཁྱེར་གྱི་གཞུང་ལམ་མང་ཆེ་བ་དྲག་ཆས་ཉེན་རྟོག་དཔུང་དམག་གིས་བཀག་སྡོམ་བྱས་ཡོད་པ་མ་ཟད། ཁ་པར་དང་བརྡ་འཕྲིན་བརྒྱུད་ལམ་སོགས་ཀྱིང་སྟབས་བདེ་མེད་སྟབས། གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་ངེས་ཡིན།

འདི་ནི་ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ གྱི་མཚན་མོར། མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་སའི་(分局)ཅེས་པའི་སྒོ་ཁར། བོད་རིགས་བུ་མོ་སངས་རྒྱས་མཚོ་ཞུ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རྗེས་ཀྱི་རང་ལུས་མེར་བསྲེགས་གནང་མཁན་ ༡༤༡ པ་དེ་ཆགས་ཡོད།

 

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༥ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༧ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 4

  1. བློ་སྟོབས། says:
    ལོ་ 11 སྔོན།

    དགེ་འདུན་པ་རང་ལོ་ ༢༦ ཡིན་པ་དང་ཁོང་གི་མཚན་ལ་བསོད་ནམས་སྟོབས་རྒྱལ་ཟེར་བཞིན་ཡོད་འདུག ཁོང་ནི་ཡུལ་ཤུལ་ནང་ཆེན་ནས་ཡིན་པ་དང་ཨ་ཕའི་མིང་ལ་ནང་ཆེན་བཀྲ་ཤིས་ཟེར་བ་རེད། བསོད་སྟོབས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་མ་ཐག་མཐའ་ཁོར་གྱི་བོད་མི་ཚོས་སྨན་ཁང་དུ་འཁྲིད་འགྲོ་སྐབས་སྐུ་གྲོངས་མེད་ཀྱང་དེའི་རྗེས་སུ་ཉེན་རྟོག་པ་མང་པོ་འབྱོར་ཡོད་སྟབས་འདས་སོན་གསལ་ཁ་མི་འདུག

    Reply
  2. arya says:
    ལོ་ 11 སྔོན།

    རང་ལུས་མེར་བསྲེག་གི་གནས་ཚུལ་རེ་ཡོང་དུས་སེམས་པ་
    འདི་སྐྱོ་སྣང་གི་ཁེངས། ལར་ཞེན་གྱིས་དབང་གིས་སྐད་ཆ་ཞིག་བརྗོད་དགོས་བསམ་ཀྱང་རང་ཉིད་ལ་གདེངས་སྤོབ་བྲལ།
    འོན་ཀྱང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏང་བྱས་པ་ནི་རྒྱལ་གཅེས་དཔའ་བོ་དཔའ་མོར་གྲགས། དེས་ན་ཁྱེད་བདེ་མོ་བྱོས། བོད་པ་ཚང་གིས་སེམས་ནས་ཁྱེད་བརྗེད་མི་སྲིད།

    Reply
  3. ཆབ་སྐྱེས་པ། says:
    ལོ་ 11 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    Reply
  4. ཚེ་དབང་། says:
    ལོ་ 11 སྔོན།

    ཨོྃ་མ་ཎི་པདྨེ་ཧུྃ། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མི་འདོད་པའི་རྣམ་པ་བསྟན་ཏེ་རང་ཉིད་ཀྱི་གཅེས་སུ་འོས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མེ་ལྷ་རྒྱལ་མོའི་ཞལ་དུ་མཆོད་དེ་བོད་པའི་མི་རབས་ཚ་རྒྱུད་ལ་གཟི་འོད་རབ་ཏུ་འབར་བའི་རླབས་ཆེན་གྱི་བྱས་རྗེ་བཞག་གནང་མཛད་པ་འདི་དག་མ་འོངས་བོད་པའི་ལོ་རྒྱུས་དེབ་ཐེར་ནང་གསེར་ཡིག་གིས་འཁོད་དེ་ཇི་སྲིད་བར་བོད་མི་ས་ཡ་དྲུག་གི་སེམས་ངོས་ནས་མི་འབོར་བའི་དྲན་རྟེན་རྡོ་རིང་བསླངས་ངེས་ཡིན། བདེ་བར་བཞུད། ཨོྃ་མ་ཎི་པདྨེ་ཧུྃ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese