མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེ་བཙོན་ནས་གཤེགས་པར་བློ་ཕམ་བྱུང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་ཆབ་སྲིད་བཙོན་པ་སྙན་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གཟའ་ཉི་མའི་ཉིན་རྒྱ་ནག་གི་བཙོན་འོག་ནས་སྐུ་གྲོངས་པའི་གནས་ཚུལ་དེར་རྒྱལ་སྤྱིའི་ཐོག་དོ་སྣང་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱིན་འདུག

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་ཁྲིན་ཏུའུ་རུ་རྒྱ་ནག་གི་བཙོན་ཁང་ཞིག་ནས་སྐུ་གཤེགས་པའི་གནས་ཚུལ་ཐོན་མ་ཐག བྷེ་བྷེ་སི་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་སྔ་རྗེས་སུ་ཐོན་ཡོད་པ་དང་། ཨ་རི་དང་དབྱིན་ཡུལ་གྱི་ཕྱི་སྲིད་ལྷན་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱིས་ཐུགས་ཕམ་གྱི་གསུང་བཤད་དང་རྒྱ་ནག་གཞུང་ལ་ཁ་རྡུང་བཏང་འདུག

གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཛ་དྲག་ཡིན་པའི་བརྡ་ལན་འབྱོར་མ་ཐག ཚེས་ ༡༢ ཉིན་ཁོང་གི་སྐུ་ཚ་སོགས་ནང་མི་ཁག་ཅིག་ཐུག་འཕྲད་དུ་སྐྱོད་སྐབས་སྐུ་གྲོངས་ཟིན་སྐོར་བརྗོད་ཡོད་ཀྱང་སྐུ་ཕུང་ལ་ལྟ་རུ་བཅུག་མེད་པ་དང་། ཚེས་ ༡༣ ཉིན་ལི་ཐང་ནས་རིན་པོ་ཆེ་མཆོག་གི་སྐུ་སྲིང་དང་ཁོང་མོའི་ཁྱོ་ག་གཉིས་ཀྱིས་སྐུ་ཕུང་ལ་མཇལ་རྒྱུའི་རེ་འདུན་བཏོན་པར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

རིན་པོ་ཆེ་མཆོག་སྐུ་གཤེགས་པའི་གནས་ཚུལ་དེ་ཐོས་མ་ཐག ཚེས་ ༡༣ ཉིན་ལི་ཐང་དང་ཉག་ཆུ། དཀར་མཛེས་སོགས་ཀྱི་དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་པོ་རྒྱ་གཞུང་ལས་ཁུངས་ཁག་ཏུ་བསྐྱོད་དེ། རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་གསལ་བཤད་དགོས་པ་དང་སྐུ་ཕུང་རྩིས་སྤྲོད་དགོས་པའི་རེ་འདུན་བཏོན་ཡོད་པར། རྒྱ་ནག་གི་ཉེན་རྟོག་པ་དང་མང་ཚོགས་བར་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པས་མང་ཚོགས་ནང་མེ་མདའ་བརྒྱབ་སྟེ་མི་རེ་ཟུང་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་དང་། དེའི་རྗེས་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ནང་དུག་རླངས་གཏོར་ཏེ་ཞི་འཇགས་ཡོང་ཐུབ་བྱས་ཡོད་པ་མ་ཟད། ད་ཆར་ལི་ཐང་དང་ནག་ཆུ་རྫོང་བར་མི་མང་གི་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་དང་། ལི་ཐང་རྫོང་ཐོག་ཏུའང་དམག་མི་འགྲེམས་འཇོག་བྱས་ཏེ་ཛ་དྲག་གི་གནས་སྟངས་ཆགས་ཡོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་ཇོན་ཀེར་བྷེ་ John Kirby མཆོག་གིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། ༢༠༠༢ ལོ་ནས་བཟུང་ཆབ་སྲིད་བཙོན་པའི་ཉེ་ཆད་ཕོག་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནང་དུ་སྐུ་གཤེགས་པའི་གནས་ཚུལ་ཐོན་པ་དེར་ང་ཚོ་བློ་འགྱོད་ཆེན་པོ་བྱུང་། ང་ཚོས་རིན་པོ་ཆེ་མཆོག་གི་ནང་མི་འཁོར་དང་བཅས་པར་སེམས་གསོ་ཞུ་བཞིན་ཡོད། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་ཀྲོལ་གཏོང་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་ཡོད་པ་མ་ཟད། ཉེ་ལམ་ཁོང་གི་སྐུ་གཟུགས་བདེ་མིན་ལ་གཞིགས་ཏེ་དམིགས་བསལ་རྒྱ་ནག་གཞུང་ལ་ཁོང་གློད་ཀྲོལ་བྱེད་དགོས་པའི་རེ་འདུན་བཏོན་པ་ཡིན། རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གྲོངས་ལུགས་ཐད་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་མང་ཚོགས་ལ་གསལ་བསྒྲགས་བྱ་རྒྱུར་ང་ཚོས་རེ་བ་བྱེད་བཞིན་ཡོད་ལ། རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེན་ཞུ་རྒྱུ་ཡིན། ཞེས་སོགས་བཀོད་འདུག

དབྱན་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཀྱང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་ཁང་ནས་སྐུ་གྲོངས་པའི་གནས་ཚུལ་དེར་བློ་ཕམ་ཆེན་པོ་བྱུང་། ད་ལོའི་ཕྱི་ཟླ་ ༤ པའི་ནང་དབྱིན་ཡུལ་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་སྐབས་དང་། རྒྱ་ནག་གི་མགོ་ཁྲིད་ཚོར་ཐུག་འཕྲད་སྐབས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྐུ་གཟུགས་བདེ་བོ་མེད་སྟབས། ཁོང་སྨན་བཅོས་ཆེད་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་། རྒྱ་ནག་གཞུང་གིས་ཉན་འཇོག་མ་བྱས་པར་ཁོང་བཙོན་ཁང་དུ་སྐུ་གྲོངས་པ་དེ་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ཅེས་སོགས་བརྗོད་འདུག

ཁ་སང་ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་མཚན་ཐོག་ནས་བསྒྲགས་གཏམ་སྤེལ་དོན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཧ་ཅང་བློ་ཕམ་ཆེན་པོ་བྱུང་། རིན་པོ་ཆེ་མཆོག་ལ་སྙུན་གཞི་ཚབས་ཆེ་ཕོགས་ཡོད་སྟབས་ཁོང་གི་སློབ་མ་རྣམས་ཀྱིས་ སྨན་བཅོས་མཐུན་འགྱུར་ཆེད་ཁོང་གློད་བཀྲོལ་གནང་དགོས་པའི་རེ་འདུན་བཏོན་པ་ང་ ཚོས་ཤེས་ཀྱི་ཡོད། རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་སྨན་བཅོས་མཐུན་འགྱུར་ཡང་མ་སྤྲད་པ་མ་ཟད། སློབ་མ་རྣམས་ཀྱིས་ཁོང་བཙོན་ཁང་དུ་ཐེངས་གཅིག་མཇལ་རྒྱུའི་རེ་འདུན་བཏོན་པར་ ཆོག་མཆན་མ་སྤྲད་པའི་བྱ་སྤྱོད་དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ ཅན་གྱི་སྲིད་བྱུས་ཇི་ཙམ་ལག་བསྟར་བྱེད་བཞིན་ཡོད་པ་ཧ་ཅང་གསལ་པོ་མཚོན་ཐུབ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་འདི་ལྟར་འཛིན་པ་ དེས་བོད་མི་ཚོའི་སེམས་ནང་འཁོན་འཛིན་ཆེ་རུ་གཏོང་རྒྱུ་ཡིན། ཞེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུའང་། རྒྱ་ནག་གཞུང་གིས་ངེས་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་མི་མང་ལ་རྩིས་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་སྲོལ་རྒྱུན་ལྟར་སྐུ་གདུང་ཞུགས་འབུལ་སོགས་ཀྱིི་ལས་རིམ་ཆ་ཚང་བ་ངེས་པར་དུ་འགྲོ་དགོས་པ་ནན་བརྗོད་བྱེད་རྒྱུ་དང་། ཤུལ་ལུས་ནང་མི་ལྟོས་བཅས་དང་རྗེས་འཇུག་ཡོངས་ལ་གདུང་སེམས་མཉམ་སྐྱེད། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་རིན་པོ་ཆེའི་སྐུ་ཕུང་ཕྱིར་རག་ཐབས་དང་། མི་མང་གི་བདེ་འཇགས་ཆེད་རྒྱ་ནག་སྲིད་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དང་འབྲེལ་བའི་གནད་དོན་ཡོངས་རྫོགས་ཀྱིས་འགན་འཁུར་བྱེད་དགོས་པ་བཅས་ནན་བརྗོད་བྱེད་རྒྱུ་ཡིན། ཞེས་སོགས་བཀོད་འདུག

གཞན། ཨ་རི་དང་ཡུ་རོབ་སོགས་ཀྱི་བོད་མིའི་འདུས་སྟོད་ཁག་ཏུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། ཚེས་ ༢༣ ཉིན་གྱི་ཕྱི་དྲོར་བཞུགས་སྒར་དྷ་རམ་ས་ལར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དེ་བཞིན་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་གི་སྒྲིག་འོག་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese