མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩྭ་ས་ལྐོག་ཚོང་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་རྫོང་ཁོངས་ཀྱི་མཱ་སྐོར་སྡེ་བའི་འབྲོག་མི་ ༢༠ ཡས་མས་ཤིག་གིས་ཡུལ་སྡེའི་མགོ་ཁྲིད་ཚོས་རྩྭ་ས་ལྐོག་ཚོང་བྱས་པར་ངོ་རྒོལ་བྱས་ཏེ་ཉིན་གྲངས་ ༧ ཙམ་འགྲོ་བཞིན་འདུག

དེ་རིང་སྔ་དྲོར་ས་གནས་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་མགོ་ཁྲིད་ཨུ་རྒྱན་དང་མཱ་སྐོར་སྡེ་བའི་སྡེ་དཔོན་གང་སྣང་། དྲུང་ཡིག་ཏོང་པེ་ཟེར་བ་སོགས་ངན་འབྲེལ་བྱས་ཏེ། མཱ་སྐོར་སྡེ་བའི་དགུན་ས་སྐྱིད་ཤོས་དེ་ལྐོག་ཚོང་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་འཛུགས་སྐྲུན་ལས་གཞི་འགོ་འཛུགས་བྱས་ཏེ་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་བཟོ་བཞིན་ཡོད་སྟབས། ས་གནས་འབྲོག་མི་ ༢༠ ཡས་མས་ཤིག་གིས་འགོག་སྲུང་ངོ་རྒོལ་བྱས་ཏེ་ཉིན་གྲངས་ ༧ ཙམ་འགྲོ་ཡོད་ཀྱང་། ཡུལ་སྡེའི་མགོ་ཁྲིད་ཚོས་གསལ་བཤད་གང་ཡང་བྱས་མེད་པ་མ་ཟད། མུ་མཐུད་ངོ་རྒོལ་བྱས་ན་འཛིན་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། ཉིན་གྲངས་ ༢༠ ཙམ་གྱི་སྔོན་དུ་ཡུལ་སྡེའི་མགོ་ཁྲིད་ཚོས་སྡེ་མི་རྣམས་ལ་སྐད་བཏང་སྟེ། ས་རིན་ཡིན་ཞེས་ཁྱིམ་ཚང་རེའི་མི་གཅིག་ལ་རྒྱ་སྒོར་ ༦༠༠ རེ་སྤྲད་ཡོད་པ་དང་། སྐབས་དེར་སྡེ་མི་ཚོས་ས་ཆ་གང་ནས་བཙོང་བ་ཡིན་སྐད་ཆ་འདྲི་སྐབས། མཱ་སྐོར་སྡེ་བར་ས་ཆ་སྐྱིད་ཤོས་ཤིག་ཡོད་དེ་བཙོང་བ་ཡིན་སྐོར་བརྗོད་ཡོད་པ་དང་། དེང་སང་འབྲོག་པ་ཚང་མ་དབྱར་སར་སྤོས་ཏེ་དགུན་སའི་ནང་དུ་སྡོད་མཁན་མེད་པས། དེ་མ་ཐག་ས་ཆ་དེར་བལྟ་རུ་ཕྱིན་སྐབས། ལས་གཞི་འགོ་འཛུཊ་བྱས་ཟིན་ཏེ་རྒྱ་མི་མང་པོས་ས་ཆ་གང་སར་སྔོག་བཞིན་ཡོད་པ་མཐོང་ཡོད་སྟབས། དབྱར་སར་པིས་མོ་བརྐོ་བར་ཕྱིན་པའི་ས་ཆའི་བདག་པོ་འབྲོག་མི་ ༢༠ ཡས་མས་ཤིག་ས་གནས་དེར་འདུ་འཛོམས་ཀྱིས། ང་ཚོའི་ས་ཆ་བརྐོ་མི་ཆོག་ཅེས་ངོ་རྒོལ་བྱེད་བཞིན་ཡོད་པ་མ་ཟད། ཡུལ་སྡེའི་མགོ་ཁྲིད་ཚོར་ས་ཆ་སྔོག་དགོས་པའི་རྒྱུ་མཚན་སོགས་འགྲེལ་བཤད་རྒྱག་དགོས་པའི་རེ་བ་འདོན་སྐབས། ས་ཆ་དེ་ཁྱེད་ཚོར་དབང་གི་མ་རེད། འདི་རྒྱལ་ཁབ་ལ་དབང་བ་རེད་ཅེས་བརྗོད་དེ། འབྲོག་པ་མང་ཚོཊ་ཀྱི་ལག་ནས་ས་ཆ་སྐྱིད་ཤོས་དེ་བཙན་འཕྲོག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཁོང་གིས་མུ་མཐུད་དེ། ད་ལྟ་ཚུར་ཕྱོགས་སུ་སྡེ་མི་ཚོས་གུར་ཕུབ་ནས་རྩྭ་ས་སྲུང་བཞིན་ཡོད་ལ། ཕར་ཕྱོགས་སུ་ཉེན་རྟོག་པ་ ༡༥ ཙམ་བསླེབས་ཡོད་པ་མ་ཟད། མགོ་ཁྲིད་ཚོའི་ཁ་ལ་མ་ཉན་ན་འཛིན་བཟུང་བྱ་རྒྱུ་ཡིན་ཟེར་གྱི་འདུག ཡིན་ནའང་། ད་ལྟ་བར་དུ་རྣམ་འགྱུར་ཅུང་ཡག་པོ་འདྲ་སྟོན་གྱི་འདུག གནད་དོན་ཆེ་ཤོས་ནི་ས་ཆ་བཙོང་ཚར་བ་དང་། ས་རིན་དུ་རྒྱ་སྒོར་ ༦༠༠ རེ་སྤྲད་ཡོད་པ་དེ་མ་གཏོགས་མང་ཚོགས་ཀྱིས་གནས་ཚུལ་གཞན་གང་ཡང་ཤེས་རྟོགས་མི་ཐུབ་པ་དེ་རེད། ཡུལ་སྡེའི་མགོ་ཁྲིད་ཚོ་འཚོལ་དུ་ཕྱིན་ཡང་ཁྱིམ་དུ་བསྡད་མེད་པ་དང་། ཁ་པར་བཏང་ཡང་ཉན་རོགས་མི་བྱེད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་འདུག ཅེས་དང་།

 དེ་རིང་སྔ་དྲོར་ཡུལ་སྡེའི་མགོ་ཁྲིད་ཚོས་ངོ་རྒོལ་བྱེད་མཁན་སྡེ་མི་གསུམ་ཁྲིད་ཕྱིན་པ་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་འབྲེལ་ཡོད་ལས་བྱེད་ཡོང་སྟེ། ཉིན་གྲངས་ ༢༠ ཡི་ནང་ཚུན་དུ་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ལ། གལ་སྲིད་མུ་མཐུད་དུ་ངོ་རྒོལ་བྱས་པ་ཡིན་ན་འཛིན་བཟུང་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་པ་མ་ཟད། རྒྱ་རིགས་ལས་མི་ཚོར་མུ་མཐུད་རྩྭ་ས་སྔོག་འདོན་བྱེད་དུ་འཇུག་བཞིན་ཡོད་སྟབས། འབྲོག་མི་ཚོས་རང་ནུས་གང་ཡོད་ཀྱིས་རྩྭ་ས་སྲུང་སྐྱོབ་བྱས་ཏེ་ངོ་རྒོལ་མུ་མཐུད་དུ་བྱེད་བཞིན་ཡོད། ཅེས་བརྗོད་བྱུང་།

ཡུལ་སྡེའི་མགོ་ཁྲིད་ཚོས་ས་ཆ་ལྐོག་ཚོང་བྱས་པའི་ཐད་སྐད་ཆ་ག་རེ་བཤད་ཡོད་དྲིས་པར། ས་ཆ་ལ་ཁྱོན་རྒྱ་སྒོར་ཁྲི་ ༡༠༠ ལྷག་བྱས་ཏེ་བཙོང་ཡོད་པ་དང་། མ་འོངས་པར་ས་དེར་རྒྱལ་ཁབ་ཀྱི་ཉི་གློག་ས་ཚིགས་ཤིག་རྒྱག་འཆར་ཡོད་སྐོར་བརྗོད་པ་ཙམ་ལས། ག་དུས་བཙོང་བ་ཡིན་དང་། དངོས་གནས་སུ་ཞིག་ལ་བཙོང་ཡོད་མེད་ཀྱང་གསལ་བོ་ཤེས་ཀྱི་མི་འདུག གང་ལྟར་ཡུལ་སྡེའི་མགོ་ཁྲིད་ཚོ་ངན་འབྲེལ་བྱས་ཏེ། འབྲོག་པའི་ས་ཆ་སྐྱིད་ཤོས་དེ་ལྐོག་ཚོང་བྱས་པ་མ་ཟད། འབྲོག་ཁྱིམ་ ༢༠ ཙམ་ལ་དབང་བའི་ས་ཆའི་རིན་པ་སྡེ་བ་ཡོངས་ལ་བགོ་བཤའ་བརྒྱབ་པ་དེས། སྡེ་མི་ནང་ཁུལ་དུ་འཁྲུག་རྩོད་འབྱུང་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་གྱུར་འདུག སྡེ་བའི་མགོ་ཁྲིད་ཀྱིས་རང་ཉིད་ཀྱི་གོ་གནས་བརྟན་པའི་ཆེད་དུ་ལྐོག་ནས་ངན་ཇུས་ཧ་ཅང་བཙོག་པ་ཞིག་ལག་བསྟར་བྱེད་ཀྱི་འདུག་ཅེས་ཟེར།

ཡང་ཁོང་གིས་མཱ་སྐོར་སྡེ་བའི་གནས་བབ་དང་འབྲེལ་ནས་བརྗོད་དོན། ང་ཚོ་མཱ་སྐོར་སྡེ་བ་ནི་མི་གྲངས་ ༢༠༠ ཙམ་ལས་མེད་པའི་སྡེ་བ་ཆུང་ཆུང་ཞིག་ཡིན་ལ། དཔལ་འབྱོར་གྱི་ཆ་རྐྱེན་ཞན་ཞིང་ཡི་གེ་ཤེས་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན་སྟབས། ཡུལ་སྡེའི་མགོ་ཁྲིད་ཚོར་ཕོག་ཐུག་བཏང་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་འཛེམས་ཏེ། ད་ལྟའི་བར་དུ་ཁོ་ཚོས་ག་རེ་བྱས་ཀྱང་ངོ་ཡ་བྱེད་མཁན་གཅིག་ཀྱང་བྱུང་མེད། ཡིན་ནའང་། ད་ཐེངས་ཚད་ལས་བརྒལ་ཏེ་རང་གི་རིགས་ལ་ཐུབ་ཚོད་འདི་འདྲ་བྱས་དུས་བཟོད་མ་ཐུབ་པར་ངོ་རྒོལ་བྱེད་བཞིན་ཡོད་ལ། གནས་ཚུལ་འདི་འདྲ་བྱུང་གི་ཡོད་པ་ངེས་པར་དུ་ཁྱབ་བསྒྲགས་བྱེད་དགོས་པར་འདོད་དེ་གང་སར་གཏོང་བཞིན་ཡོད་ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

༢༠༢༦/༠༩/༢༥
THE MONK AND THE GUN (དྲ་རྒྱའི་པར།)
Bloggers

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

༢༠༢༦/༠༩/༢༥
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

༢༠༢༦/༠༩/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese