མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕར་ཕྱིན་དབྱར་ཆོས་ཆེན་མོ་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ་དེ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༧  ཚེས་ ༩ ཉིན་མགོ་འཛུགས་ཀྱིས་རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་འཚོགས་བཞིན་ཡོད་འདུག

དེ་ཡང་ཀིརྟི་ཚང་གི་གདན་ས་ཆེ་ཁག་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དང་རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་གང་ཡོད་ལྷན་འཛོམས་ཀྱིས། གདན་ས་ཆེ་ཁག་བཞིར་རེས་མོས་བྱས་ནས་༸རྗེ་ཙོང་ཁ་བས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་བསལ་གྱི་སློབ་གཉེར་གནང་རྒྱུའི་ཉིན་ཉི་ཤུའི་རིང་ཚོགས་དགོས་པའི་ཉི་ཤུའི་ཆོས་ཐོག་ཞིག་ཡིན་ལ། དེར་མཆོད་བརྗོད་འཛིན་གྲྭ་དང་སྒྲོ་སྐུར་ངོས་འཛིན་གྱི་གྲྭ།  དགག་བྱ་ངོས་འཛིན་གྱི་འཛིན་གྲྭ། རང་རྒྱུད་པའི་འཛིན་གྲྭ་བཅས་འཛིན་གྲྭ་བཞི་དང་། དེའི་རིང་ཚོགས་སྟངས་ནི་ཉིན་རེ་བཞིན་ཞོགས་ཆོས་དང་། ཉིན་ཆོས། དགོང་མོའི་ཆོས་རྭ་བཅས་ཉིན་རེར་དུས་ཚོད་ལྔ་ཙམ་ལ་རྩོད་གྲྭ་ཚུགས་དགོས་ཤིང་། བདུན་རེའི་མཚམས་སུ་མཚན་ཕྱེད་དམ་བཅའ་རེ་དང་། ཆོས་ཐོག་གི་ཉིན་མཐའ་མའི་མཚན་མོར་དྲང་ངེས་མཚན་ཕུད་དམ་བཅའ་ཆེན་མོ་གནང་དགོས་ ཀྱི་ཡོད་འདུག

ད་ལོ་གོང་གསལ་དགོན་ཁག་བཞིའི་ཕར་ཕྱིན་ལོ་རིམས་གཉིས་པ་ནས་ལྔ་བའི་བར་གྱི་སློབ་གཉེར་སློབ་གཉེར་པ་རྣམས་དང་། དེ་མིན་མདོ་སྟོད་སྨད་ཀྱི་དགོན་སྡེ་གཞན་ནས་ཕེབས་པ་བཅས་ཁྱོན་སློབ་གཉེར་བ་བརྒྱ་ཕྲག་འགའ་འདུ་འཛོམས་བྱུང་ཡོད་འདུག གཞན་ཡང་གདན་ས་ཁག་གི་ཁྲི་བ་དང་མཁན་པོ་དཔེ་ཁྲིད་དགེ་རྒན། དབུ་མ་དང་། མཛོད་འདུལ་འཛིན་གྲྭ་སོགས་ཀྱི་སློབ་གཉེར་བ་ཡག་གྲས་བཅས་ཆེད་ཕེབས་ཀྱིས་ཉིན་ལྟར་རྩོད་གྲྭ་ཕེབས་ཀྱིན་ཡོད་འདུག ད་རེབས་ཚོ་བདུན་ཀིརྟིའི་དགོན་པ་གཞུང་དང་དད་ལྡན་ལྷ་སྡེ་མི་སྡེ་ཐུན་མོང་གིས་ཉིན་འདི་དག་གི་རིང་ལ་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་རྣམས་ལ་བཞུགས་གནས་དང་བཞེས་ལག་སོགས་ཀྱི་མཐུན་རྐྱེན་གང་ལེགས་བསྐྲུན་བཞིན་ཡོད་འདུག་པ་དང་། ཕར་ཕྱིན་དབྱར་ཆོས་ཐེངས་དང་པོ་དང་གཉིས་པ་དེ་བཞིན་སྟག་ཚང་མོ་ཀིརྟིའི་དགོན་དང་། རྔ་པ་ཀིརྟིའི་དགོན་སོ་སོར་ཚོགས་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕར་ཕྱིན་དབྱར་ཆོས་ཆེན་མོ་ཞེས་པ་ནི་སྔ་མོ་ཡུལ་དབུས་ཀྱི་གདན་ས་ཆེན་པོ་གསང་ཕུར་ཕར་ཕྱིན་དབྱར་ཆོས་ལ་སེ་འབྲས་དགའ་གསུམ་སོགས་རིས་མེད་དགོན་སྡེ་ཁག་དུ་མ་ནས་སློབ་གཉེར་བ་ཆེས་མང་བོ་རང་དབང་གིས་འདུ་འཛོམས་ཀྱིས་བསྟན་བཅོས་མངོན་རྟོགས་རྒྱན་རྩ་གཞུང་དུ་བྱས་ནས་ཕར་ཕྱིན་ཐེག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུར་དམིགས་བསལ་ཐོས་བསམ་སློབ་གཉེར་གནང་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་དུས་འགྱུར་གྱི་རླུང་ འཚུབ་འོག་མིང་གི་ལྷག་མར་གྱུར་ཟིན་པར་ཀུན་ལ་མངའ་གསལ་ལྟར་ལགས་ཤིང་། གསང་ཕུའི་ཕར་ཕྱིན་དབྱར་ཆོས་ཞེས་པའི་མིང་དང་སྦྲེལ་ནས་ ༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་གནང་མཛད་པའི་བཅའ་ཡིག་རིན་པོ་ཆེའི་དགོངས་དོན་ལྟར་ཐོས་བསམ་སློབ་གཉེར་ཆེད་ཁོ་ནར་དམིགས་ཏེ་ཀིརྟིའི་དགོན་ཁག་ཁག་གི་དབུ་འཛུགས་གནང་ཞིང་འདི་ལོ་ཚོགས་ཐེངས་གསུམ་པ་ཆགས་ཡོད།

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༥ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese