མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཞེན་ཤུགས་དྲགས་པ་དེས། ཉམ་ཆུང་མི་སེར་ལ་ཕོག་ཐུག་སློང་སྲིད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp
རྩོམ་མཁན་མིན་ཞིན་པེ། (Minxin Pei)

དཔལ་འབྱོར་འཕེལ་རྒྱས་ཀྱི་མཐུན་འགྱུར་ལག་བསྟར་བྱས་པ་དང་། རྒྱ་ནག་ནི་རྒྱལ་སྤྱིའི་སྟེང་གི་སྔོན་ཐོན་རྒྱལ་ཁབ་ཁག་གི་གྲས་སུ་ཚུད་པར་ངང་སྒུག་བྱེད་པ་ནི། རྒྱ་ནག་ནང་ཁེ་ཕན་ཐོབ་པ་འདྲ་མཉམ་མེད་པའི་མི་སེར་ (ཁོ་ཚོས་རྒྱ་ནག་གཞུང་དང་སྟབས་བསྟུན་བྱས་པ་ནས་བཟུང) ཚོར་མཚོན་ན། དེ་ནི་དྲང་བདེན་ཞིག་དང་། ཡུན་གནས་ཐུབ་པ་ཞིག་མིན། རྒྱུ་མཚན། རྒྱལ་ནང་ལ་མཚོན་ནས་བཤད་ན། དོན་དངོས་སུ་རྒྱ་ནག་གིས་རང་གི་སྟོབས་ཤུགས་རྒྱ་བསྐྱེད་ཆེད། ནོར་འཁྲུལ་ཅན་གྱི་དཔལ་འབྱོར་ཐོན་ཁུངས་ཕྲན་བུ་འཚོལ་སྒྲུབ་བྱེད་བཞིན་ཡོད་པ་མ་གཏོགས། སྤྱི་ཚོགས་བྱིངས་ཀྱི་དགོས་མཁོར་གྱུར་བའི་འཕེལ་རྒྱས་ཅན་གྱི་རྒྱལ་ཁབ་འཁྲུལ་མེད་ཅིག་མ་རེད།

ཕྱི་ཕྱོགས་ཀྱི་ལྟ་ཞིབ་པ་ཚོར་མཚོན་ན། རྒྱ་ནག་ནི་དེང་གི་དཔལ་འབྱོར་གྱི་མགོན་སྐྱབས་ཤིག་ཏུ་མངོན་ཡོང་གི་ཡོད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་མཐུན་འགྱུར་ཐད་ཀྱི་ལས་གཞི་རྒྱ་སྐྱེད་སྟངས་དེ་ཡང་གཞོམ་གཞིག་བྲལ་བའི་དབང་སྒྱུར་ལ་བརྟེན་ཡོད་སྟབས། རྒྱ་ནག་གི་རྗེས་སུ་འབྲང་བའི་རྒྱལ་ཁབ་མང་པོ་བཟོ་ལས་ཅན་དུ་སྒྱུར་བར་སྙམ་སྲིད།

གཅིག རྒྱ་ནག་གི་ཕྱིའི་དཔལ་འབྱོར་གོང་འཕེལ་གྱི་ལས་རིམ་ཡོད་ཚད་རྒྱ་མི་དཀྱུས་མ་ཚོའི་དཔྱ་ཁྲལ་ལས་འཚོལ་སྒྲུབ་བྱས་པ་ཡིན་ཞིང་། མི་མང་དཀྱུས་མ་ཚོས་དེ་འདྲའི་ལས་རིམ་ཞིག་དགོས་མིན་ཐད་ལ་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད། གལ་ཏེ་རྒྱ་ནག་འདི་དམངས་གཙོའི་ལམ་ལུགས་ཤིག་ཡིན་པའི་དབང་དུ་བཏང་ན། སྲིད་གཞུང་གིས་རང་གི་ཚད་མཐོ་བའི་ཆེ་མཐོང་འབའ་ཞིག་གི་ལས་གཞི་རྒྱ་བསྐྱེད་པར། དེ་ལ་དཔྱ་ཁྲལ་འཇལ་མཁན་མི་མང་གི་རམ་འདེགས་འཐོབ་མིན་དེ་དོགས་གཞི་ཞིག་རེད།

གཉིས། ཕྱིའི་རྒྱལ་ཁབ་ཁག་ནང་བཟོ་ལས་འཛུགས་སྐྲུན་དང་གོང་འཕེལ། དེའི་འགྲོ་གྲོན་སོགས་རྒྱ་སྐྱེད་པ་ཡིན་ན། དེ་ལྟ་བུའི་འགྲོ་གྲོན་དེས་རྒྱ་ནག་གི་མི་སེར་དཀྱུས་མ་ཚོའི་འཚོ་གནས་ཁུར་བོ་སྔར་བས་ཇེ་ལྕིར་གཏང་བ་ཙམ་ལས། མི་སེར་བྱིངས་ལ་གཞི་རྩའི་སྤྱི་ཚོགས་ཞབས་འདེགས་དང་འགན་སྲུང་ཅི་ཡང་འཐོབ་མི་སྲིད།

མཐར་གཏུགས་རྒྱ་ནག་གིས་རང་རྒྱལ་གྱི་གཞི་རྒྱ་ཆེ་བའི་ཁོར་ཡུག་དང་སྤྱི་ཚོགས། དེ་དག་ལས་འཚོལ་ཞིང་བསྒྲུབས་པའི་འགྲོ་གྲོན་ལ་བརྟེན་ཏེ། ཆེས་མྱུར་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་འགྲུབ་པ་དང་། རྒྱ་ནག་རང་གི་དཔལ་འབྱོར་ཡར་རྒྱས་ཀྱི་ལས་རིམ་ཁྲོད་དུ། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་བཟོ་ལས་དར་སྤེལ་དང་ཡུན་གནས་སོགས་དང་བསྟུན་པའི་དབང་སྒྱུར་ལ་ཕམ་ཉེས་བྱུང་བ་རེད། 

རྒྱ་ནག་གིས་རང་གི་ཁོར་ཡུལ་ལ་དོ་ཁུར་མ་བྱས་པའི་མཇུག་འབྲས་སུ། སའི་གོ་ལར་གཏོར་བཤིག་དང་རང་བྱུང་སྣོད་བཅུད་ཀྱི་རྟེན་འབྲེལ་ལ་གནོད་རྐྱེན་ཚབས་ཆེན་ཐེབས་པ་རེད། རྫས་འགྱུར་འདྲེས་མའི་ཟས་རིགས་ཀྱི་གནོད་ཚབས་དེ་ཡང་རྒྱ་ནག་གི་མི་སེར་གཅིག་པུ་ཙམ་མ་ཡིན་པར། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་འཛད་སྤྱོད་མཁན་ཚང་མར་གནོད་འཚེ་ཕོག་གི་ཡོད། དེ་བཞིན། དཔལ་འབྱོར་འཛུགས་སྐྲན་དང་བཟོ་ལས་ཐོན་སྐྱེད་ཁག་གི་ལྐོག་ཟ་རུལ་སུངས་ལ་བརྟེན་ནས། འཇིག་ཉེན་ཆེ་བའི་ཟམ་པ་དང་གཞུང་ལམ། ཐོག་རྩེག་ཁང་། གད་སྙིགས་བསྐྱར་སྐྲུན་སོགས་བྱེད་ཀྱི་ཡོད།

ལྷག་པར་དུ་ཐོག་རྩེག་ཁང་འཛུགས་སྐྲུན་བྱས་པ་མ་ལེགས་པའི་རྐྱེན་གྱིས། ཡུལ་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་དེ། དཔེར་ན། ༢༠༠༨ ལོར་སི་ཁྲོན་ཞིང་ཆེན་དུ་བྱུང་བའི་ས་འགུལ་ཁྲོད་སློབ་མ་ ༥.༠༠༠ ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེ་ཡང་ཐོག་རྩེག་ཁང་དེའི་སློབ་ཁང་རྡིབ་སྐྱོན་བྱུང་བའི་རྐྱེན་གྱིས་རེད།  མ་ཟད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་བསྒྱུར་བཀོད་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་སྟབས། མི་མང་གིས་དཀའ་སྡུག་ཟློག་མེད་མྱོང་བ་དང་རྒྱལ་ནང་དུ་དུས་ཟིང་གི་མེ་ཁ་གསོ་བཞིན་ཡོད།

ང་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་བསྐྱུར་ཏེ། རྒྱ་ནག་ནང་ཁུལ་གྱི་ལས་དོན་ཁྲོད་གོང་འཕེལ་དུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་དབང་སྒྱུར་རྗེས་སུ་འབྲང་བའི་མི་མང་གི་འཚོ་གནས་ཡར་རྒྱས་གཏོང་བ་ལས། ང་ཚོས་པེ་ཅིན་གཞུང་གི་དཔལ་འབྱོར་འཛུགས་སྐྲུན་རྒྱ་སྐྱེད་ཀྱི་ལམ་ཕྱོགས་ལ་འཕོ་འགྱུར་གཏོང་བར་གོ་སྐོན་དང་སྐུལ་སློང་བྱས་ན་ལེགས།

རྒྱ་ནག་གི་མི་འབོར་ཁྲག་ཁྲིག་ ༡.༤ ལ་འཕར་བ་ནས་བཟུང་། རྒྱལ་ནང་གི་བཅོས་བསྒྱུར་ཁེ་ཕན་ལ་བཟུང་བའི་རྣམ་འགྱུར་ནི། ཕྱིའི་དཔལ་འབྱོར་འཕེལ་རྒྱས་མཐུན་འགྱུར་ལག་བསྟར་ཐད་ཀྱི་འགྱུར་བ་ལས་རིང་དུ་བརྒལ་ཡོད་པ་རེད།

མ་རྩོམ་འབྲེལ་ཐག
http://www.nytimes.com/roomfordebate/2015/07/27/can-china-stand-on-its-own/demanding-too-much-of-china-will-hurt-its-poorer-citizens

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༦ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese