མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཞིག་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཚ་བ་དཔའ་ཤོད་རྫོང་ནས་ཡིན་པའི་གཞོན་སྐྱེས་རྩོམ་པ་པོ་གངས་ཅན་པ་གུ་དྲག་ལགས་ཀློད་གྲོལ་བཏང་ཡོད་ཀྱང་མུ་མཐུད་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་འདུག

འདི་གར་གྲྭ་བྱང་ཆུབ་སེམས་པ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གཞོན་སྐྱེས་རྩོམ་པ་པོ་བསོད་ནམས་ཚེ་འཕེལ་ལམ་སྨྱུག་མིང་གངས་ཅན་པ་གུ་དྲག་ལགས། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཉ་རི་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ད་རེས་ཁོང་གིས་ཁྲིམས་འགལ་ནག་ཉེས་བཟོས་པ་ཐེངས་གཉིས་པ་ཡིན་ལུགས་བརྗོད་དེ། དིང་རི་རྫོང་ཁོངས་ནས་བརྒལ་ཏེ་ས་གནས་གཞན་ལ་གནས་སྐབས་རིང་འགྲོ་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཁོང་གི་ཁ་པར་དང་ཐོབ་ཐང་ལག་ཁྱེར་སོགས་ཕྱིར་སྤྲད་མེད་པ་དང་། ཉིན་རེ་བཞིན་རྫོང་ཉེན་རྟོག་ཁང་ལ་མི་སུ་དང་འབྲེལ་བ་བྱས་པ་དང་ལས་ཀ་ཅི་བྱས། ས་ཆ་གང་དུ་ཕྱིན་སོགས་ཡར་ཞུ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག

ཁོང་གིས་ལ་སྟོད་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་དུ་ཚོང་ལས་གཉེར་ནས་བསྡད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦ པ་ཙམ་ལ་རྒྱ་གཞུང་ཉེན་རྟོག་པས་ཁོང་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་མ་ཟད། མི་རིགས་བར་དཀྲུག་ཤིང་འགལ་ཟླ་སློང་བའི་རྩོམ་ཡིག་བྲིས་པ་དང་། ༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སོགས་ཀྱི་གསུང་བཤད་ཉར་ཚགས་བྱས་པ། ༧གོང་ས་མཆོག་གི་སྐུ་པར་གང་སར་སྤྲད་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་སོགས་ཀྱི་ཉེས་མིང་འོག དུས་ཡུན་ཉིན་ ༢༠ རིང་གཞིས་ཀ་རྩེའི་ཉ་རི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པའི་ཁར། རྒྱ་སྒོར་ ༡༥༠༠ ཡིས་ཉེས་ཆད་བཅད་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༠༩ ལོར་གཞིས་ཀ་རྩེ་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ཟླ་ ༩ ལྷག་རིང་ཉ་རི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང་། ཕྱིས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱས་པའི་ཉེས་མིང་འོག ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ངལ་རྩོལ་བསྒྱུར་བཀོད་ཁང་ཞིག་ཏུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོའི་ལོ་སྟོད་ཙམ་ལ་གཞི་ནས་ཀློད་གྲོལ་ཐོབ་ཡོད་འདུག

དེ་སྔོན་ཁོང་གིས་བྲིས་པའི་སྙན་ངག་ཅིག་ཏུ། དབྱངས་གསལ་སོ་བཞི་མ་བརྗེད་གངས་ཅན་པ།། ཕ་སྐད་གཙང་མ་མ་བརྗེད་གངས་ཅན་པ།། རང་ཚུགས་རང་གིས་མ་ཤོར་གངས་ཅན་པ།། ཕ་ས་གཞན་ལ་མ་བཙོང་གངས་ཅན་པ།། ཕ་ཡུལ་རྒྱང་ལ་མ་སྐྱུར་གངས་ཅན་པ།། རིགས་རྒྱུད་གཞན་ལ་མ་བསྲེས་གངས་ཅན་པ།། རང་རིགས་ལ་རྒྱ་མ་ཤོར་གངས་ཅན་པ།། ཞེས་བྲིས་ཡོད་པ་སོགས། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་སྐད་ཡིག་རིག་གཞུང་གཅེས་འཛིན་དགོས་པའི་སྐོར་གྱི་རྩོམ་ཡིག་མང་པོ་བྲིས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese