མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕེལ་སྐྱེད་དང་བཅོས་བསྒྱུར་གཉིས་བར་གྱི་རྒྱ་ནག་གི་སྲིད་ཇུས་ཁ་ཕྱོཊ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་མཁན་ཁ་རེ་ཧང་། (Cary Huang)

_______བཅོས་བསྒྱུར་དང་འཕེལ་སྐྱེད་གཉིས་ཀྱི་འཐབ་འཁྲུག་གི་འཐེན་ཤུགས་བར་ནས། རྒྱ་ནག་གཞུང་ལམ་ཕྱོགས་གང་དུ་འཁོར་སྲིད་དམ།

རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་བཞི་ཆའི་ ༢ ཟིན་པའི་གཏམ་བཟང་དེ་ཡང་སྲིད་གཞུང་གིས་དམིགས་ཚོད་དུ་བཟུང་བའི་ལོ་རེའི་དཔལ་འབྱོར་འཕེལ་ཚད་བརྒྱ་ཆའི་ ༧ ཟིན་པ་དང་འབྲེལ་ཞིང་། སྤྱིར་བཏང་འདི་ནི་དུས་རབས་ཕྱེད་ཀའི་རིང་གི་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་ཆེས་དམའ་ཤོས་དེ་ཆགས་ཡོད། ཡིན་ན་ཡང་གོང་ཞུས་གཏམ་བཟང་དེས་དཔལ་འབྱོར་དབྱེ་ཞིབ་པ་ཚོའི་སྔོན་དཔག་ལ་རྡུང་རྡེག་ཕྲན་བུ་ཐེབས་བྱུང་། མ་ཟད་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལ། ཉམ་ཉེས་ཐེབས་པའི་ཕྱིར་ཚོང་དང་ཕྱིའི་འཛུགས་སྐྲུན། རྒྱལ་ནང་གི་ཐོན་ཁུངས་ཟད་གྲོན་སོགས་གང་ཐད་ནས། འཛམ་གླིང་སྟེང་དཔལ་འབྱོར་འཕེལ་རྒྱས་ཨང་གཉིས་པ་ཟིན་པའི་རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་ནི་འབྲས་མེད་ནུས་མེད་ཆགས་ཀྱི་ཡོད།

བསམ་ཡུལ་ལས་འདས་པའི་འཕེལ་རྒྱས་དེ་ཡང་མ་རྐང་སྡེ་ཁག་གི་ཐོན་སྐྱེད་ཁྲོད་དུ་མི་བརྟན་པའི་རྦ་རླབས་འཕྱོ་སྟངས་ཤིག་སྟེ། ཉེ་བའི་ཆར་མ་རྐང་སྡེ་ཁག་གི་ཉོ་འཚོང་ཐོན་སྐྱེད་ལ་ཉམ་ཉེས་བྱུང་བ་རེད། རྒྱ་ནག་གི་མ་རྐང་ཁྲོམ་རར་ཡོ་ལང་ཅི་ཡང་མེད་པར། དཔལ་འབྱོར་ཐོན་སྐྱེད་ཀྱི་འཕེལ་ཚད་བརྒྱ་ཆའི་ ༦.༥ ཡས་མས་སུ་ལྷག་ངེས་རེད། རྒྱ་ནག་གི་མ་རྐང་ཁྲོམ་རར་ཉམ་ཉེས་ཐེབས་པ་དང་། ཧ་ལམ་དུས་ཚོད་སྐར་ཆ་ཕྱེད་ཀའི་རིང་ལའང་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་སྔར་ལས་ཇེ་དལ་དུ་འགྲོ་གི་ཡོད་པར་གདོན་མི་ཟ། དོན་དངོས་སུ་ད་ལོའི་ཕྱི་ཟླ་ ༦ ནས་བཟུང་རྒྱ་ནག་གི་དཔལ་འབྱོར་མ་དངུལ་གྱི་ཡོང་སྒོ་མར་ནས་མར་ཆག་གི་ཡོད།

རྒྱ་ནག་གི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་འགྲོས་དལ་བ་དེ་འདས་པའི་མི་ལོ་བཅུ་ཕྲག་རིང་གི་ཡར་རྒྱས་ཀྱི་ཆེས་ཟློག་ཏུ་མེད་པའི་འགག་རྡོ་རུ་གྱུར་ཅིང་། དེ་ཡང་མི་རིགས་མང་པོའི་བཟོ་ལས་ཐོན་སྐྱེད་མཁན་ཚོས་ཁོ་རང་ཚོའི་ཐོན་ཟོག་མང་པོ་རིན་གོང་ཁེ་བོའི་ཐོག་ནས་རྒྱ་ནག་ལ་སྐྱེལ་འདྲེན་བྱས་པའི་དུས་མཚུངས་སུ། རྒྱལ་ནང་གི་ཚོང་ཟོག་ཕྱིར་གཏོང་དང་སྲིད་གཞུང་གི་སྣེ་ཁྲིད་འོག་གི་འཛུགས་སྐྲུན་མ་འཇོག་སོགས་ཡུན་གནས་མི་ཐུབ་པ་ཆགས་ཡོད། དེང་སྐབས་བུན་དངུལ་ཇེ་ཉུང་གཏོང་བ་དང་ཁེ་ལས་སྙོམ་སྒྲིག་གི་ལས་རིམ། དེའི་དཀའ་སྡུག་སོགས་ཀྱི་ཁྲོད་ནས་དཔལ་འབྱོར་འདུ་འགོད་བྱེད་དགོས་ཀྱི་ཡོད་སྟབས། རྒྱལ་ཁབ་ཕྱི་ནང་གི་ལྟ་སྣང་ཡོད་ཚོད་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་བྱེད་མིན་ལ་གཏད་ཡོད།

ཉེ་བའི་ལོ་ངོ་འདི་དག་རིང་མི་སྒེར་གྱི་ཟད་གྲོན་གཞིར་བཟུང་སྟེ། དཔལ་འབྱོར་འཕེལ་སྐྱེད་སྔར་ལས་ཡུན་གནས་ཐུབ་པའི་ལམ་ཕྱོགས་སུ་བཅོས་བསྒྱུར་བྱས་པར་བརྟེན་ནས་མ་རྐང་ཁྲོམ་རར་ཉམ་ཉེས་བྱུང་བ་རེད་ལ། སྲིད་གཞུང་གིས་རང་རྒྱལ་ལ་བདག་པའི་ཁེ་ལས་ཉམ་རྒུད་དང་སྲིད་ཇུས་ལྷོད་ཡངས་སུ་བཏང་སྟེ། ཆེས་ནུས་ཤུགས་ལྡན་པའི་སྒེར་གཉེར་སྡེ་ཁག་ཆེད་འཛུགས་བྱས་ཏེ་དུས་ཡུན་རིང་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་འབེན་སྒྲུབ་འདོད་པ་རེད།

གང་ལྟར་ཁོ་རང་ཚོའི་དགོད་བྲོ་བའི་དཔལ་འབྱོར་འཚོལ་སྒྲུབ་ཡར་རྒྱས་གཏང་རྒྱུ་ཁག་ཐག་ (དེའི་ཁྲོད་དུ་དཔལ་འབྱོར་ཁྲོམ་ར་ཁག་ལ་རྒྱལ་ནང་གི་ཐོན་ཁུངས་དབྱེ་གཅོད་ཀྱི་བྱ་འགུལ་སྤེལ་ཆོག་པའི་ཐོབ་དབང་སྤྲད་ཡོད) བྱས་ནའང་། ཁོ་ཚོས་དུས་ནམ་ཞིག་ལ་དཔལ་འབྱོར་གོང་འཕེལ་གྱི་འགྲོས་དལ་བ་དེས་སྤྱི་ཚོགས་བརྟན་ལྷིང་ལ་འཇིག་ཉེན་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་དང་། དཔལ་འབྱོར་གནད་དོན་ཞི་འཇགས་སུ་གཏོང་ཐབས་ཀྱི་དབང་ཤེད་གང་ཞིག་གི་དགོས་མཁོར་ཐུག་ཚེ། ཁོ་ཚོས་རྒྱལ་ནང་གི་སྲིད་དོན་པ་ཚོ་བེད་སྤྱོད་གཏོང་གི་ཡོད། དེ་འདྲ་ཡིན་སྟབས། འདས་པའི་ལོ་ངོ་འདི་དག་ནང་རྒྱ་ནག་གཞུང་གིས་དུས་རྒྱུན་དཔལ་འབྱོར་ཁྲོམ་ར་ཁག་ལ་དཔལ་འབྱོར་འཕེལ་འགྲིབ་ཐད་གུན་གསབ་སྤྲོད་དགོས་ཚུལ་ནན་བཤད་བྱེད་ཀྱི་ཡོད། དེར་མ་ཟད། དཔལ་འབྱོར་ཁྲོམ་ར་ཉམ་ཉེས་བྱུང་བ་དེས་འདས་པའི་མི་ལོ་བཅུ་ཕྲག་གསུམ་རྗེས་ཀྱི་རྒྱ་ནག་གི་མ་དངུལ་ལམ་ལུགས་དང་ཁེ་ལས་སྒྲིག་འཛུགས་སོགས་བཅོས་བསྒྱུར་གཏོང་བའི་དམིགས་འདུན་ལ་འགོར་འགྱང་ཐེབས་སྲིད།

དེང་སྐབས་རྒྱ་ནག་གཞུང་དྲག་གནོན་གྱི་འཁོར་སྐྱོད་དང་སྐུལ་སློང་གི་སྒྲོམ་གཞིའི་ཐག་ཟམ་ཞིག་གི་སྟེང་དུ་སྐྱོད་བཞིན། དཔལ་འབྱོར་འཕེལ་སྐྱེད་དང་བཅོས་བསྒྱུར་གཉིས་བར་གྱི་འདམ་གའི་དཀའ་ཁག་ལ་ཐུག་ཡོད། རྒྱུ་མཚན་ནི་དཔལ་འབྱོར་རིག་པ་མཁན་ཚོས་བཅོས་བསྒྱུར་དང་འཕེལ་སྐྱེད་གཉིས་ཀྱི་དམིགས་འདུན་དུས་གཅིག་ཏུ་འགྲུབ་མི་སྲིད་པར་རྩོད་གླེང་བྱུང་བ་རེད།

དབང་ཤེད་ཆེ་བའི་སྲིད་གཞུང་གི་དཔལ་འབྱོར་སྡེ་ཁག་གིས་མ་འཛུགས་འཕེལ་སྐྱེད་བྱེད་པའི་མཛུབ་སྟོན་གྱི་མཇུག་སྐྱོང་གི་ཡོད། བྱ་འགུལ་དེ་ནི་ཐོན་ཁུངས་ལོག་པར་སྤྱད་པ་དང་གཞི་རྒྱ་ཆེ་བའི་བཟོ་ལས་ཐོན་སྐྱེད་ཀྱི་མ་འཛུགས་ལ་ཉམ་ཉེས་ཐེབས་པ། ནོར་སྲིད་དང་དངུལ་ཁང་གི་སྒྲིག་འཛུགས་ཁག་ལ་འཇིག་ཉེན་བྱུང་བ། དེ་བཞིན་སྤྱི་ཚོགས་ཁོར་ཡུག་ཏུ་བཟོས་པའི་དཀའ་རྙོག་བཅས་ཀྱི་རྒྱུ་རྐྱེན་དུ་གྱུར་ཡོད།

རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་འཛམ་གླིང་ནོར་སྲིད་ཀྱི་རྩོད་གཞི་ལ་བརྡ་ལན་སྤྲད་པ་དེ་ཡང་འདས་པའི་ལོ་ངོ་འདི་དག་རིང་མ་འཛུགས་རྒྱ་སྐྱེད་ཀྱི་རམ་འདེགས་འོག་ཏུ། འགྲོས་དལ་བའི་དཔལ་འབྱོར་ཟད་གྲོན་སྙོམ་སྒྲིག་བྱེད་པ་དང་རྒྱ་སྒོར་གྱི་འཛའ་ཐང་འཕར་ཆག་འབྱུང་བའི་གེགས་རྐྱེན་དུ་གྱུར་ཅིང་། དཔལ་འབྱོར་རིག་པ་མཁན་རེ་འགས་སྲིག་གཞུང་གི་སྣེ་ཁྲིད་འོག་གི་མ་འཛུགས་རྒྱ་བསྐྱེད་ཀྱི་འགྱུར་ལྡོག་དེ་ནི། ལོ་རེའི་དཔལ་འབྱོར་གོང་འཕེལ་གྱི་འགྲོས་དལ་བའི་གེགས་རྐྱེན་དུ་འགྱུར་ཡང་སྲིད་པའི་སྔོན་བརྡ་གཏོང་གི་ཡོད།

དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གཞུང་གིས་ལོ་རེའི་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་ (GDP) གྱི་འཕེལ་རྒྱས་དམིགས་འབེན་དུ་བཟུང་ཡོད། གལ་ཏེ་རྒྱ་ནག་གཞུང་བཅོས་བསྒྱུར་གྱི་གྲོས་འཆར་འདིའི་སྟེང་དུ་བསྡད་པ་ཡིན་ན། རྒྱ་ནག་གཞུང་གིས་ད་ལོའི་དམིགས་འདུན་གཅིག་པུ་འཐུས་ཤོར་དུ་སོང་བ་ཙམ་མ་ཟད། ད་ལྟའི་སྤྱི་ཚོགས་གཡོ་འགུལ་དང་ཆབ་སྲིད་རྩོད་གླེང་ཞི་འཇགས་སུ་བཏང་སྟེ་བཅོས་བསྒྱུར་བྱེད་དགོས་འདུག དེ་ལྟར་བྱས་ཚེ་ད་གཟོད་བཅོས་བསྒྱུར་ལ་གྲུབ་འབྲས་གཡུར་དུ་ཟ་བ་སྨིན་སྲིད།

འཇིགས་ཡེར་བ་ཞིག་ལ། དེང་གི་དཔལ་འབྱོར་འཛུགས་སྐྲུན་འཕེལ་སྐྱེད་གཏོང་ཐབས་སུ། གཅིག་བྱས་ན་རྒྱ་ནག་གཞུང་གིས་ཅི་ནས་ཀྱང་སྤྱི་ཚོགས་བརྟན་ལྷིང་དང་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲིད་ཇུས་སྲ་བརྟན་བཟོ་དགོས་སྲིད་དེ། འཇིག་ཉེན་དེ་དག་ལ་བརྟེན་ནས། དེང་གི་དཔལ་འབྱོར་འཚོལ་སྒྲུབ་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་རྒྱ་རྙི་ཞིག་ཏུ་ཚུད་ངེས་རེད།

མ་རྩོམ་འབྲེལ་ཐག http://www.scmp.com/comment/insight-opinion/article/1846686/tug-war-between-reform-and-growth-which-way-will-china-turn

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese