མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་དབུས་དངུལ་ཁང་གིས་མི་མང་ཤོག་སྒོར་དང་ཨ་རིའི་ཌོ་ལར་བརྗེ་ཚོང་གི་འཛའ་ཐང་ཐད་རྒྱ་སྒོར་གཅིག་དང་སྒོར་ཟུར་ ༩ གཅོག་ཆ་བྱས་ཏེ་དཔལ་འབྱོར་ཉམས་རྒུད་སྐྱོབ་ཐབས་བྱས་ཡོད་འདུག

ཁ་སང་རྒྱ་ནག་དབུས་དངུལ་ཁང་གིས་མི་མང་ཤོག་སྒོར་དང་ཨ་རིའི་ཌོ་ལར་བརྗེ་ཚོང་གི་འཛའ་ཐང་ཐད་རྒྱ་སྒོར་གཅིག་དང་སྒོར་ཟུར་ ༩ གཅོག་ཆ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཅིང་། དེ་ནི་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རྭའི་ནང་རྒྱ་ནག་གི་མི་མང་ཤོག་སྒོར་གྱི་འཛའ་ཐང་ཉིན་གཅིག་གི་ནང་བརྒྱ་ཆ་ ༡.༨༦ མར་ཆག་སྟེ། ལོ་གསུམ་གྱི་རྗེས་སུ་དམའ་ཤོས་ཆགས་ཡོད་སྟབས་གཅོག་ཆ་བྱས་པ་ཞིག་ཡིན་འདུག

ཡཱ་ཧོ་གསར་ལམ་ཐོག་རྒྱ་ནག་དབུས་དངུལ་ཁང་གིས། ང་ཚོས་མི་མང་ཤོག་སྒོར་གྱི་འཛའ་ཐང་མར་བཅག་པ་དེ་ནི། རྒྱལ་སྤྱིའི་ཁྲོམ་རྭའི་གནས་སྟངས་དང་མཐུན་པའི་བཅོས་སྒྱུར་བྱས་པ་ཞིག་ཡིན་པ་མ་ཟད། ད་དུང་མ་འོངས་པའང་འཛའ་ཐང་ཆག་སྲིད་པ་ཞིག་ཡིན་སྟབས། དེའི་ཤུགས་རྐྱེན་གྱིས་རྒྱལ་སྤྱིའི་ཁྲོམ་རྭའི་ནང་རྒྱ་ནག་གི་ཕྱིར་ཚོང་འཕེལ་རྒྱས་བྱུང་སྟེ། ད་ལྟ་དཔལ་འབྱོར་འཕེལ་ཚད་ཇེ་དལ་དུ་ཕྱིན་པ་དག་བསྐྱར་གསོ་ཐུབ་ཀྱི་རེད། ཅེས་བརྗོད་འདུག

ཨ་རིའི་སྙན་གྲགས་ཅན་གྱི་གསར་འགྱུར་བརྒྱུད་ལམ་བྷུ་ལུམ་བྷག་ཐོག རྒྱ་ནག་གི་དཔལ་འབྱོར་རིག་པ་བ་གྲགས་ཅན་ལེའུ་ལི་ཀང་ (Liu Li-Gang) གིས། དེ་རིང་རྒྱ་ནག་གཞུང་གིས་གློ་བུར་དུ་ཐག་གཅོད་འདི་འདྲ་ཞིག་བྱས་པ་དེ་ནི། ཟླ་སྔོན་མའི་ནང་རྒྱ་ནག་གི་ཕྱིར་ཚོང་ཉམས་རྒུད་ཤུགས་ཆེ་ཕྱིན་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་བྱུང་ཡོད་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རྭའི་ནང་རྒྱ་སྒོར་གྱི་འཛའ་ཐང་ཤུགས་ཆེ་ཆག་ཡོད་སྟབས། ཐག་གཅོད་འདི་འདྲ་ཞིག་མ་བྱེད་ཀ་མེད་ཆགས་པ་རེད། ཅེས་དང་།

ཡང་སིང་གྷ་པུར་བཟོ་ཚོང་དངུལ་ཁང་གི་དཔལ་འབྱོར་རིག་པ་བ་ཀྲུའུ་ཧོ་ (Zhou Hao) ཡིས། དཔལ་འབྱོར་དབྱེ་ཞིབ་པ་ཁ་ཤས་ཀྱིས་རྒྱ་ནག་གཞུང་གིས་དཔལ་འབྱོར་སྙོམ་སྒྲིག་བྱ་ཆེད་མི་མང་ཤོག་སྒོར་གྱི་འཛའ་ཐང་བཅག་པ་ཡིན་ཚུལ་གླེང་སློང་བྱེད་ཀྱིན་ཡོད་ཀྱང་། ངས་བལྟས་ན་རྒྱ་ནག་གཞུང་གིས་མ་འོངས་པར་རྒྱལ་སྤྱིའི་ཁྲོམ་རྭའི་ནང་ཁོ་ཚོའི་ཚོང་ཟོག་འགྲེམས་ཚོང་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཐག་གཅོད་འདི་བྱས་པ་རེད་བསམ་གྱི་འདུག ཅེས་བརྗོད་འདུག

དེ་རིང་རོའུ་ཌར་གསར་ལམ་དང་དབྱིན་ཡུལ་གྱི་གྷར་ཌིན་གྱིས། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་ཕྱིན་ཏེ། ལོ་རེར་ཆ་སྙོམ་ཡོང་འབབ་བརྒྱ་ཆ་ ༨ ལྷག་འཕར་སྣོན་བྱུང་ནས་རྒྱལ་སྤྱིའི་ཐོག་དཔལ་འབྱོར་སྟོབས་ཆེ་ཤོས་གཉིས་པ་ཆགས་ཡོད་ཀྱང་། འདས་ལོ་ནས་བཟུང་རྒྱལ་སྤྱིའི་ཁྲོམ་རྭའི་ནང་རྒྱ་ནག་གི་ཕྱིར་ཚོང་བྱེད་ཚད་ཉུང་དུ་ཕྱིན་ནས་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་ཕྱིན་ཡོད་པ་མ་ཟད། ཟླ་སྔོན་མའི་ནང་རྒྱ་ནག་གི་མ་རྐང་ཁྲོམ་རྭ་ཟགས་ནས་རྒྱ་ནག་དབུས་གཞུང་དངུལ་ཁང་གིས་མ་དངུལ་ཕོན་ཆེ་གཏོང་དགོས་ཁེལ་ཡོད། དེ་བཞིན་བདུན་ཕྲག་སྔོན་མའི་གཟའ་མཇུག་ཏུ་རྒྱ་ནག་གི་ཕྱིར་ཚོང་བྱེད་ཤུགས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༨།༣ མར་ཆག་སྟེ། ལོ་དྲུག་ནང་ཐབས་སྐྱོ་ཤོས་ཀྱི་གནས་སུ་གྱར་ཡོད་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རྭའི་ནང་མི་མང་ཤོག་སྒོར་གྱི་འཛའ་ཐང་ཡང་ཉིན་རེ་བཞིན་ཆག་གི་ཡོད་སྟབས། ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་ཐད་སྒོར་གཅིག་དང་སྒོར་ཟུར་ ༩ མར་བཅག་སྟེ། དཔལ་འབྱོར་ཉམས་རྒུད་ཀྱི་གནས་སྟངས་སྐྱོབ་ཐབས་བྱས་ཡོད་ཀྱང་། དེ་རིང་སླར་ཡང་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རྭའི་ནང་མི་མང་ཤོག་སྒོར་གྱི་འཛའ་ཐང་སྒོར་གཅིག་དང་སྒོར་ཟུར་ ༦ མར་ཆག་ཡོད་སྟབས། མ་འོངས་པར་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་འགྲོ་རྒྱུ་དང་། ལྷག་པར་དུ་ཨ་རིའི་ཚོང་ཟོག་གི་ཕྱིར་ཚོང་རིན་གོང་མཐོ་རུ་ཕྱིན་ཏེ། མ་འོངས་པར་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་ལའང་གྱོང་རག་རྒྱུ་རེད་ཅེས་བཀོད་འདུག

དཔལ་འབྱོར་དབྱེ་ཞིབ་པ་ཁག་ཅིག་གིས། དེ་སྔོན་རྒྱ་ནག་གཞུང་གིས་ཨ་རི་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་ཁྲོམ་རྭའི་ཚད་གཞི་དང་མི་མཐུན་པར་ཚད་མཐོ་པོ་ཉར་ཡོད་སྟབས། རྒྱ་ནག་གི་ཚོང་ཟོག་ཁག་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་རིན་གོང་དམའ་པོ་བྱས་ནས་ཕྱིར་ཚོང་བྱེད་ཐུབ་པ་མ་ཟད། ཨ་རིའི་བཟོ་ཚོང་ཁག་ལ་ཁེ་བཟང་འདྲ་མཉམ་མེད་པའི་དཀའ་ངལ་བཟོས་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་སྟབས། འདི་ལོའི་ཟླ་ ༩ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་སྐོར་སྐྱོད་བྱ་རྒྱུ་ཡིན་པ་དང་བསྟུན་ཏེ། ད་ཐེངས་རྒྱ་ནག་གཞུང་གིས་མི་མང་ཤོག་སྒོར་གྱི་འཛའ་ཐང་བཅག་པ་རེད་ཅེས་དང་། ཡང་བྷི་བྷི་སི་གསར་ལམ་ཐོག་ཨ་རིའི་ནོར་དོན་ལྷན་ཁང་གིས། ད་ལྟ་ང་ཚོས་རྒྱ་ནག་གཞུང་གིས་དངུལ་ལོར་གྱི་འཛའ་ཐང་གཅོག་ཆ་བྱས་པ་དེ་ཡག་རྟགས་ཤིག་རེད་ཅེས་ཞུ་ཐུབ་རྒྱུ་ཁག་པོ་ཆགས་ཡོད་ཀྱང་། འདི་ང་ཚོས་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་སྟབས། གལ་སྲིད་མ་འོངས་པར་རྒྱ་ནག་གཞུང་གིས་བཅོས་སྒྱུར་འདི་མགོ་རྟིང་སློག་ནས་ལག་བསྟར་བྱས་པ་ཡིན་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་ལ་དོ་ཕོག་འགྲོ་གི་རེད་ཅེས་བརྗོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཅག་ཤུ་མར་ (Chuck Schumer) ལགས་ཀྱིས། འདས་པའི་ལོ་མང་རིང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གཞུང་ལ་མི་མང་ཤོག་སྒོར་གྱི་འཛའ་ཐང་གཅོག་དགོས་པའི་གནོན་ཤུགས་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཉན་འཇོག་ཙམ་ཡང་མ་བྱས་པར་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རྭའི་ནང་གཡོ་རྫུན་མང་པོ་འཁྲབ་ཡོད་སྟབས། ད་ཐེངས་རྒྱ་ནག་གཞུང་གིས་གློ་བུར་དུ་འཛའ་ཐང་བཅག་པ་དེ་རྒྱ་ནག་གི་དཔལ་འབྱོར་ལྡབ་གཉིས་ཙམ་ཉམས་རྒུད་ཕྱིན་ཡོད་སྲིད་པ་ཞིག་རེད་ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༣ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༩ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese