མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལྡི་ལིར་བོད་དོན་རྒྱབ་སྐྱོར་འཚོལ་དུ་འགྲོ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས་ཁོང་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་སོགས་ཀྱི་ནང་བོད་དོན་ཞུ་གཏུག་བྱེད་དུ་འགྲོ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་སྒོ་ཆེན་གྱི་ཁ་གཏད་ལམ་འགྲམ་དུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ཀྱིས། ལྡི་ལི་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་གྱིས་གཙོས་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཁང་ལ་བོད་དོན་ཞུ་གཏུག་བྱེད་དུ་སོང་སྟེ། རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ཡིན་སྐོར་གསར་འགོད་གསལ་བསྒྲགས་གནང་སོང་བ་དང་བསྟུན། རྒྱ་གཞུང་གིས་བོད་མིར་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་པར་རིས་དང་རྒྱ་ནག་གི་དཔོན་རིགས་ཉེས་ཅན་གཏེ་པོ་ཁག་ཅིག་གི་འདྲ་པར་འགྲེམས་སྟོན་གནང་སོང་།

ཁོང་གིས་ཡིག་ཐོག་ནས་བསྒྲགས་གཏམ་སྒྲོགས་སྦྱངས་གནང་བའི་ནང་། ལྡི་ལིར་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་། ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ལ་ཕྱིན་ནས་ད་ལྟ་འཚོ་བཞིན་བཞུགས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བླ་སྤྲུལ་དགེ་བཤེས། བཙོན་དུ་བཞུགས་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་ཚེ་སྲོག་གི་བདེ་འཇགས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་ཕྱི་རྒྱལ་གཞུང་ཚབ་ཁག་ལ་རོགས་རམ་ཡོང་ཐབས་ཀྱི་སྙན་ཞུ་འབུལ་རྒྱུ་དང་། གལ་ཏེ་ཁོང་ཚོ་བཙོན་ཁང་ནང་གྲོངས་པའམ། ཡང་ན་བཙོན་ཁང་གི་ཕྱི་རུ་གྲོངས་པ་ལ་སོགས་པའི་གནད་དོན་བྱུང་ཚེ། དེའི་ཉེན་འགན་ཡོངས་རྫོགས་རྒྱ་དམར་གཞུང་གིས་འཁྱེར་དགོས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཡོང་རྒྱུར་ངས་ད་རེས་རྒྱབ་སྐྱོར་འཚོལ་བར་འགྲོ་གི་ཡོད་ལ། རྒྱ་དམར་གཞུང་གིས་ཀྱང་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་བྱེད་དགོས། བཙན་བྱོལ་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག བཙན་བྱོལ་བོད་མི་ཡོངས་ཀྱིས་བོད་ཀྱི་རྩ་དོན་ཆེད་སྔར་ལས་ལྷག་པའི་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། བོད་ཀྱི་རྩ་དོན་སེལ་ཆེད་བོད་མི་རང་གིས་རང་རང་ལ་དྲི་བ་བཏོན་ཏེ་སོ་སོའི་ལྟ་གྲུབ་གང་ཞིག་བཟུང་མིན་ལ་མ་བལྟོས་པར། དོན་དངོས་ཐོག་སྐད་ཆ་རྫིག་པོ་དང་སྟོང་གཏམ་ཁོ་ན་བཤད་ནས་མ་བསྡད་པར། བོད་ནང་གི་རྒྱལ་གཅེས་མི་མང་མིག་དཔེར་བཟུང་ནས་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་གིས་དཀའ་ལས་རྒྱག་དགོས། ༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་བརྟན་པ་དང་། བོད་ཀྱི་གནད་དོན་བོད་མི་རང་གིས་འབད་བརྩོན་བྱས་ཏེ་གྲུབ་དགོས་པ་ལས་གཞན་རེ་བར་བརྟེན་ནས་འབྱུང་རྒྱུ་མེད་པའི་ངེས་ཤེས་བརྙེད་པའི་རེ་བ་དང་། བོད་དོན་འཐབ་རྩོད་དེ་ལྟ་གྲུབ་ཀྱི་འགལ་ཟླའི་རྩིག་གྱང་མེད་པར་འཐབ་རྩོད་ཀྱི་ཁ་ཕྱོགས་དགྲ་བོ་རྒྱ་དམར་གྱི་ཕྱོགས་སུ་ནུས་པ་མཉམ་སྤུངས་ཡོང་བའི་རེ་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

ཡང་ཁོང་གིས་གསར་འགོད་གསལ་བསྒྲགས་ཀྱི་དགོས་དམིགས་སྐོར་བརྗོད་དོན། རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་ནས་ལོ་ ༥༠ ལྷག་འགྲོ་བཞིན་ཡོད་པ་དང་། བོད་ཞི་བའི་བཅིངས་འགྲོལ་བཏང་ཡིན་ཟེར་གྱི་ཡོད་ཀྱང་བོད་ཞི་བའི་བཅིངས་འགྲོལ་བཏང་པ་ཡིན་ན་འདི་འདྲའི་གདུག་རྩུབ་བྱ་དགོས་དོན་མེད་སྟབས། རྒྱ་ནག་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་དང་ཅང་ཙེ་མིན། ལི་ཕིན། ཀྲང་ཅི་ལིན་མི་འདི་དག་བོད་མིར་མནར་གཅོད་གཏོང་མཁན་ཉེས་ཅན་གཏེ་པོ་ཆགས་ཡོད་དུས། དེ་འཛམ་བུ་གླིང་ཡོངས་ནས་ཧ་གོ་དགོས་པའི་ཆེད་དུ། དེ་རིང་པར་འདི་དག་ཕྱི་ལོགས་ལ་འགྲེམས་སྟོན་བྱས་པ་ཡིན། ངའི་ཀ་ལི་ས་ལ་མ་ཐུག་པར་དུ་གུང་ཁྲན་ཏང་ལ་མུ་མཐུད་ནས་ཁ་གཏད་གཅོག་རྒྱུའི་དམ་བཅའ་ཡོད། སྔོན་ནས་ད་བར་དུ་ང་ཚོ་ཆབ་སྲིད་བཙོན་པ་ཡོངས་ལ་ནག་ཉེས་མེད་པར་བཙོན་འཇུག་བྱས་ཡོད་པ་དང་། བོད་དེ་ང་ཚོའི་ཕ་མེས་ཡང་མེས་ནས་ང་ཚོའི་ས་ཆ་ཆགས་ཡོད་པའི་བདེན་དོན་གྱི་ཆེད་དུ་ང་ཚོ་བཙོན་ཁང་ལ་བཅུག་པ་རེད་མ་གཏོགས་ང་ཚོར་ནག་ཉེས་རྩ་བ་ནས་མེད། ནག་ཉེས་ཡོད་མཁན་དེ་གུང་ཁྲན་ཏང་གི་སྲིད་ཇུས་དེ་ཡིན་པ་དང་། ལྷག་པར་དུ། སྲིད་འཛིན་ཞི་ཅིན་ཕིན་གྱིས་འགན་ཁུར་ནས་ལོ་གཅིག་གཉིས་ཤིག་འགྲོ་བཞིན་ཡོད་ཀྱང་། བོད་ནང་ལ་འགྱུར་བ་རྩ་བ་ནས་བཏང་མ་སོང་། ལྐོག་ཟ་རུལ་སུངས་རྐྱང་རྐྱང་ལ་ལས་ཀ་བྱས་པ་དེ་ཁོ་རང་གི་གསང་བ་སྲུང་སྐྱོབ་བྱེད་པའི་ཆེད་མ་གཏོགས་ད་ལྟ་བར་དུ་བོད་ཀྱི་མི་གཅིག་གི་སྲོག་བསྐྱབས་པ་དང་། བཙོན་པ་གཅིག་ཀྱང་ཀློད་གྲོལ་བཏང་མ་སོང་། ད་ལྟ་ཀློད་གྲོལ་བཏང་པ་དེ་དག་བཙོན་འཇུག་གི་ལོ་ཚད་སོན་པ་རེད། ཅེས་དང་། བོད་མིའི་འཐབ་རྩོད་ལ་བོད་མི་རང་གིས་འགན་ཁུར་དགོས་པ་ལས་གཞན་སུ་གཅིག་གིས་སྐྱོབ་མི་ཐུབ་སྐོར་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

ཆུ་ཚོད་ ༡༦ སྔོན་ལ།
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢

མཆན། 1

  1. ཨ་མའི་བུ། says:
    ལོ་ 11 སྔོན།

    དགའ་ལྡན་བག་གྲོས་བཙོན་པ་གཅིག་ཀྱང་ཀློད་གྲོལ་བཏང་མ་སོང་ཟེར། སྟོན་མོ་ག་ཚོད་འཁྲབ་ཀྱང་དྲང་པོ་ཤོད་རྒྱུ་དེ་གལ་ཆེན་པོ་རེད། རོང་རྒྱལ་ཨ་གྲགས་ཉེ་དུས་རང་བཙོན་གྲོལ་བཏང་སོང་ང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese