མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་གྱིས་གནས་རི་བསྔོག་འཆར།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ་རྒྱ་གཞུང་གིས་བཙན་གྱིས་གཏེར་ཁ་སྔོག་འདོན་བྱེད་པར་གྲ་སྒྲིག་ཆ་ཚང་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཚེས་༡༠ ཉིན་རྔ་པ་ཁུལ་མཛོད་དགེ་རྫོང་འབྲིང་བ་ཡུལ་ཚོའི་གནས་རི་བྲག་རྫོང་དུ། རྒྱ་གཞུང་གི་གཏེར་འདོན་ཚན་པ་ཞིག་གིས་བཙན་ཤེད་ཀྱིས་གཏེར་ཁ་སྔོག་རྩིས་བྱེད་བཞིན་ཡོད་ཅིང་། ས་གནས་མང་ཚོགས་ཀྱིས་གནས་རི་བྲག་རྫོང་སྔོག་ན་ཡུལ་ལ་བཀྲ་མི་ཤིས་ཤིང་། འཁོར་ཡུག་ལ་གནོད་པ་ཆེ་ལུགས་སོགས་བཤད་ནས་མི་འགྲིག་ཚུལ་ནན་བརྗོད་བྱས་ཏེ། གནས་རི་བྲག་རྫོང་ལ་འགྲོ་སའི་ལམ་ཁར་མི་མང་འདུ་འཛོམས་ཀྱིས་ནུས་པ་གང་ཡོད་སྒོས་གཏེར་རྐོ་པ་ཚོར་བཀག་འགོག་བྱས་ཡོད་ཀྱང་། གཏེར་བརྐོ་རུ་མ་བཅུག་ན་སྲིད་གཞུང་ནས་དམག་མི་གཏོང་རྒྱུ་ཡིན་ཚུལ་སོགས་མི་མང་ལ་འཇིགས་སྐུལ་སྣ་ཚོགས་དང་བཙན་ཤེད་ཀྱི་སྒོ་ནས་མང་ཚོགས་ཀྱི་རེ་བ་རྩིས་མེད་རྡོག་རོལ་བཏང་མཐར། གཏེར་འདོན་ཚན་པས་གནས་རི་བྲག་རྫོང་འདབ་ཏུ་གཏེར་ཁ་སྔོག་བྱེད་ཀྱི་འཕྲུལ་ཆས་མང་པོ་དབོར་འདྲེན་བྱས་ཏེ། གྲ་སྒྲིག་ཨང་གསར་བྱས་ནས་ལས་ཀའི་འགོ་འཛུགས་ཆོག་ཆོག་བྱས་ཡོད་འདུག

གནས་རི་དེ་ནི་ས་གནས་འབྲིང་བ་ཤོག་ཀ་སྤྱིའི་ཡུལ་ལྷ་སྐྱེས་ལྷར་མཆོད་ཅིང་བཀུར་བཞིན་པའི་ཨ་མྱེ་བྲག་རྫོང་གི་གནས་རི་ཡིན་ཞིང་རི་ངོས་སུ་གནས་མཇལ་ཞུ་ཡལ་གྱི་བྲག་ཕུག་གཉིས་ཡོད་པ་དེར་གནས་མཇལ་པ་རྒྱུན་དུ་ཡོད་འདུག་པས། དེར་ས་རྐོ་རྡོ་སློག་བྱས་ན་ཡུལ་ལ་ནད་ཡམས་དང་ཐན་པ་འབྱུང་ཞིང་བཀྲ་མི་ཤིས་པའི་བཤད་སྲོལ་ཡོད་ལ། གནའ་ནས་ད་བར་སྲུང་སྐྱོབ་འབའ་ཞིག་བྱས་པ་མ་གཏོགས་གནས་དེར་ཡུལ་མི་རང་ངོས་ནས་ས་རྐོ་རྡོ་སློག་བྱས་མྱོང་མེད་ཀྱང་། དེང་སྐབས་རྒྱ་གཞུང་གིས་ལག་པ་གསུམ་པ་ཞིག་གནས་རི་བྲག་རྫོང་ལ་རྐྱོང་བཞིན་ཡོད་སྟབས། ས་གནས་ཡུལ་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་འདུག

གཞན་ཡང་། དེ་སྔ་ཕྱི་ལོ་༡༩༦༠ ནང་ནས་༡༩༩༥ བར་ལོ་ངོ་༣༠ ལྷག་གི་རིང་རྐྱང་ཚ་དང་ཐེ་བོའི་ཁོག་ལ་རྟེན་གཞི་བྱས་པའི་གཏེར་འདོན་ལས་ཁུངས་ཚབ་མིང་ལ་ ༧༩༢ ཟེར་བ་དེ་དང་མཉམ་དུ། ཚབ་མིང་༤༠༥ དང་༤༠༧ ཟེར་བའི་གཏེར་འདོན་ཚན་པ་གཉིས་ཀྱིས་འབྲིང་བའི་ཁོག་ལའང་ལོ་ ༣༠ ལྷག་རིང་གཏེར་ཁ་སྔོག་འདོན་བྱས་ཏེ་འཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་པར་མ་ཟད། ས་གནས་ཀྱི་སེམས་ཅན་མང་པོར་ཤི་རྨས་བྱུང་བ་སོགས་མང་ཚོགས་ལ་དཀའ་ངལ་མང་པོ་བྱུང་མྱོང་ཡོད་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། ད་ལྟའི་ཆར་གནས་རི་བྲག་རྫོང་དུ་གཏེར་ཁ་སྔོག་འདོན་བྱེད་པར་ཡོང་བའི་གཏེར་འདོན་ཚན་པ་དེའི་མིང་དང་ལས་ཁུངས་གང་ཞིག་ཏུ་གཏོགས་མིན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་དང་། གནས་དེར་གཙོ་བོ་རྒྱ་སྐད་དུ་ཡུ་ཟེར་བའི་གཏེར་རིགས་ཤིག་ཡོད་འདུག

གནས་ཚུལ་མཁོ་གཏོང་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese