མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

མཁས་གྲུབ་བྱེ་བའི་འབྱུང་གནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་ལ་ཉེ་ལམ་ནས་སྙུང་གཞི་ལྕི་མོ་ཕོག་པའི་ཚུལ་གང་ཡང་མ་མངོན་ཡང་མགུལ་གློ་ཅུང་བཞེས་ཤིང་སྐུ་གཟུགས་ཕྲན་བུ་མི་བདེ་བའི་ཚུལ་བསྟན་ཅིང་། དེ་ནས་སྐུའི་སྙུང་གཞིའི་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་གསེང་ཞུས་པར་མགོན་པོ་གང་ཉིད་ཀྱིས་མི་ཚེ་གང་པོར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ངལ་བསྐྱོན་ཡོད་པས་ཐུགས་བློ་བདེ་པོ་གནང་ནས་བཞུགས་དགོས་ཞེས་དགོངས་པ་བཞེས་ཕྱོགས་བཀའ་སློབ་རྒྱ་ཆེར་ཕེབས་པ་སོགས་ཐུགས་བརྩེས་གཟིགས་པའི་བཀའ་དྲིན་བསྐྱངས། ཉིན་དེའི་དགོང་མོ་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༨ ཉིན་གྱི་ཕྱག་ཚོད་ ༧: ༠༥ ཐོག་གང་ཉིད་ཀྱི་གཟིམ་ཤག་ནས་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་པར་མཛད་དེ་ད་ལྟ་ཐུགས་དམ་དུ་བཞུགས་མུས་ལགས། ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་འབྲས་བློ་གླིང་གྲྭ་ཚང་ནས་དམ་པ་གང་ཉིད་ཀྱི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་དང་གཞན་ཡང་ཉིན་འདིར་གདན་ས་འབྲས་སྤུངས་གྲྭ་ཚང་ཤར་ནུབ་གཉིས་ཀྱི་ཚོང་ཁང་དང་ཟ་ཁང་། ལས་རིགས་སྡེ་ཚན་ཁག་ཡོངས་སུ་ལས་མཚམས་བཞག་སྟེ་མྱ་ངན་གུས་བརྩི་ཞུས་ཡོད། ཉིན་འདི་དག་རིང་བློ་གླིང་གྲྭ་ཚང་ཁོངས་ཀྱི་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་དབུས་མཛོད་དང་འདུལ་བ། དབུ་མ། ཕར་ཕྱིན། རྟགས་རིགས། བསྡུས་གྲྭ་འཛིན་གྲྭ་བཅས་ཀྱི་སློབ་གཉེར་ཚོས་དམ་པ་གང་ཉིད་ཀྱི་ཁང་ཚན་དུ་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་དང་ལེགས་བཤད་སྙིང་པོ། དབུ་མ་རིགས་ཚོགས་དྲུག བྱམས་ཆོས་སྡེ་ལྔ་སོགས་ཀྱི་གཞུང་ཆེན་ཁག་ཉིན་མཚན་བསྟུད་མར་རེས་མོས་སུ་སྐྱོར་འདོན་གནང་སྟེ་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་སྒྲུབ་བཞིན་ཡོད།

དམ་པ་གང་ཉིད་མཆོག་ནི་ཕྱི་ལོ་ ༡༩༣༥ ལོར་ལྷ་ལྡན་ཕ་ར་སྤྱི་སོའི་གཟིམ་ཤག་བསམ་ལྡིང་དུ་སྐུ་འཁྲུངས། སྐུ་ན་སོན་པ་ན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་སྒོར་ཞུགས། དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་རྒྱལ་མཚན་མཆོག་དང་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན་སོགས་ཀྱི་ཞབས་ལ་གཏུགས་ཏེ་གཞུང་ཆེན་ཁག་ལ་གསན་བསམ་ལྷོད་མེད་གནང་། ད་དུང་ཐུན་མོང་གི་རིག་གནས་དང་བོད་ཀྱི་གསོ་བ་རིག་པ་བཅས་ལ་སྦྱངས་པ་མཐར་ཕྱིན་མཛད། ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་སྐབས་རྒྱ་གར་ལ་སྐྱབས་བཅོལ་དུ་ཕེབས་ཏེ་ཌལ་ཧོར་དང་སྦག་ས་ཆོས་སྒར་སོགས་སུ་གསན་བསམ་འཕྲོ་སྐྱོང་མཛད། ཕྱི་ལོ་ ༡༩༨༡ ནས་ ༡༩༨༧ བར་ཨིང་ལེན་གཙུག་ལག་སློབ་ཆེན་ཞིག་ཏུ་ཨིན་ཡིག་ཆེད་སྦྱོང་གནང་། དེ་རྗེས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་གདན་ས་འབྲས་སྤུངས་སུ་ཕྱིར་ཕེབས་གནང་སྟེ་ད་བར་སློབ་མ་བརྒྱ་ཕྲག་བརྒལ་བར་གཞུང་ཆེན་བཀའ་པོད་ལྔའི་ཕྱག་དཔེ་སློབ་ཁྲིད་མཛད། དམ་པ་ཁོང་ནི་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁྱེན་སྤྱན་མཆོག་ཏུ་ཡངས་ཤིང་གསུང་རྩོམ་ཡང་ཕར་ཕྱིན་དང་། དབུ་མ། འདུལ་བ། མཛོད། སྔགས། ཚན་རིག རྣམ་ཐར་བཅས་བོད་ཡིག་ཐོག་ཕྱག་དེབ་བཅུ་ཕྲག་བརྒལ་བ་དང་། ཨིན་ཡིག་ཐོག་ལམ་རིམ་བློ་སྦྱོང་སྐོར་དང་དབུ་མ་འཇུག་པ་ཨིང་འགྱུར་མ་བཅས་ཡོད། གཞན་ཡང་༸གོང་ས་མཆོག་གི་བཀའ་འབྲེལ་བཞིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་གང་ཉིད་ཀྱི་ཡོངས་འཛིན་མཚན་གནས་བཞེས་ཐོག་མཆོག་སྤྲུལ་རིན་པོ་ཆེས་གསན་བསམ་མཐར་མ་ཕྱིན་བར་ཕྱག་དཔེ་སློབ་ཁྲིད་སོགས་མཛད། མཐར་དགུང་ལོ་ ༨༡ ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༨ ཉིན་གྱི་དགོང་དྲོ་ཕྱག་ཚོད་ ༧:༠༥ ཐོག་འབྲས་སྤུངས་ཕ་ར་ཁམས་ཚན་སྐུ་ཉིད་ཀྱི་གཟིམ་ཤག་ནས་དགོངས་པ་གཞན་དུ་གཏད་པ་བཅས་ཀྱི་ཡིད་སྐྱོའི་གནས་ཚུལ་དུ།

འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༢ ཉིན་ལ།

འབྲེལ་ཡོད་གསར་འགྱུར།

བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

ཆུ་ཚོད་ ༢༣ སྔོན་ལ།
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese