མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྲུང་སློབ་སྟོན་བར་གྱི་གྲོས་མོལ་ཕྱིར་འཐེན།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་གིས་པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་བྱས་འདུག

དེ་རིང་རྒྱ་གར་གྱི་ནང་སྲིད་བློན་ཆེན་ར་ཇེ་ཎཱ་ཋ་སིང་ (Rajnath Singh) མཆོག་གིས། པ་ཀི་སི་ཐན་གཞུང་གིས་ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་གར་གྱི་རྒྱས་ས་ལྡི་ལིར་པ་ཀི་སི་ཐན་དང་རྒྱ་གར་རྒྱལ་སྲུང་སློབ་སྟོན་པ་བར་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་དང་འབྲེལ། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གྲོས་མོལ་ཡོང་མིན་ནི་པ་ཀི་སི་ཐན་གཞུང་གི་བྱ་སྤྱོད་ལ་རག་ལུས་ཡོད་སྐོར་བརྗོད་འདུག

རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ཐོག་རྒྱ་གར་ནང་སྲིད་བློན་ཆེན་ར་ཇེ་ཎཱ་ཋ་སིང་མཆོག་གིས། པ་ཀི་སི་ཐན་གཞུང་གིས་ཟླ་སྔོན་མའི་ནང་ཨུ་རུ་སུའི་གྲོང་ཁྱེར་ཨུ་ཧྥ་ (Ufa) ནང་རྒྱལ་ཁབ་གཉིས་ཀྱི་སྲིད་བློན་རྣམ་གཉིས་ཐུག་འཕྲད་གནང་སྐབས། ཀཱ་ཤི་མེར་གནད་དོན་སྐོར་ལ་གླེང་སློང་གང་ཡང་བྱས་མེད་ཀྱང་། ད་ཐེངས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་སློབ་སྟོན་པ་བར་གྲོས་མོལ་བྱ་གྲབས་ཡོད་སྐབས། ཁོ་ཚོས་ང་ཚོར་གྲོས་མོལ་གྱི་ཆ་རྐྱེན་ནང་འཇིགས་སྐུལ་རིང་ལུགས་པའི་གནད་དོན་ཙམ་མིན་པར། ཀཱ་ཤི་མེར་རང་བཙན་རྩོད་ལེན་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཧུ་རེ་ཡཱ་ཌི་ (Hurriyat) ཡི་མགོ་ཁྲིད་དང་ཐུག་ནས་གནད་དོན་གླེང་སློང་དགོས་པའི་དགོས་འདུན་བཏོན་པ་ང་ཚོས་ཁས་ལེན་བྱས་མེད་སྟབས། ད་རེས་ཀྱི་གྲོས་མོལ་ཕྱིར་འཐེན་བྱས་པ་རེད། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་གྲོས་མོལ་ཡོང་མིན་ནི་པ་ཀི་སི་ཐན་གཞུང་གི་བྱ་སྤྱོད་ལ་རག་ལུས་ཡོད། ཅེས་བརྗོད་འདུག

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཀྱིས་ཟླ་སྔོན་མའི་ཚེས་ ༡༠ ཉིན་ཨུ་རུ་སུའི་གྲོང་ཁྱེར་ཨུ་ཧྥ་ནང་རྒྱ་གར་དང་པ་ཀི་སི་ཐན་གྱི་སྲིད་བློན་རྣམ་གཉིས་ཐུག་སྟེ། མ་འོངས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་སློབ་སྟོན་པ་ཐུག་འཕྲད་ཀྱིས། འཇིགས་སྐུལ་རིང་ལུགས་དང་འབྲེལ་བའི་གནད་དོན་ཁག་ལ་གྲོས་མོལ་བྱ་རྒྱུའི་མཚོན་གྲོས་མཐུན་དོན་ཚན་ལྔ་བཞག་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༢༤ ཉིན་ལྡི་ལིར་གྲོས་མོལ་བྱ་རྒྱུ་ཐག་གཅོད་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་པ་ཀི་སི་ཐན་སྲིད་བློན་གྱི་སློབ་སྟོན་པ་སར་ཌ་ཇེ་ཨ་ཛི་ཛི་ (Sartaj Aziz) ཡིས། ད་ཐེངས་ང་ཚོས་རྒྱ་གར་གཞུང་དང་འཇིགས་སྐུལ་རིང་ལུགས་པའི་གནད་དོན་ཙམ་མིན་པར་ཀཱ་ཤི་མེར་གྱི་སྐོར་ལའང་གྲོས་མོལ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་སྟབས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལྕམ་སུ་ཞི་མ་སོ་ཝ་ར་ཇེ་མཆོག་གིས། པ་ཀི་སི་ཐན་གཞུང་གིས་ཕྱི་ལོ་ ༡༩༧༢ ལོའི་སིམ་ལའི་ཆིངས་ཡིག་དང་། ཉེ་ཆར་ཨུ་རུ་སུའི་གྲོང་ཁྱེར་ཨུ་ཧྥ་རུ་བཞག་པའི་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་གཞིར་བཟུང་སྟེ། ང་ཚོར་དང་གྲོས་མོལ་བྱ་དགོས་པ་ལས་ཆ་རྐྱེན་གཞན་དག་བཏོན་ན་གྲོས་མོལ་ལ་འགོག་རྐྱེན་འཕྲད་རྒྱུ་ཡིན་པའི་ལན་འདེབས་བྱས་པ་ལྟར། ཐེངས་འདིའི་རྒྱལ་ཁབ་གཉིས་བར་གྱི་གྲོས་མོལ་ཕྱིར་འཐེན་བྱས་པ་རེད་ཅེས་བཀོད་འདུག

རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༡༤ ལོར་ནཱ་རེན་ཌ་མུ་དྷེ་མཆོག་རྒྱ་གར་གྱི་སྲིད་བློན་ཆགས་སྐབས། ཁོང་གི་སྲིད་བློན་གྱི་དམ་འབུལ་མཛད་སྒོའི་ཐོག་པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་མགྲོན་འབོད་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་གནང་ཡོད་ཀྱང་། རྒྱ་གར་རྒྱལ་སར་རྟེན་གཞི་བྱས་པའི་པ་ཀི་སི་ཐན་གྱི་གཞུང་ཚབ་པས་ཀཱ་ཤེ་མེར་གྱི་རང་བཙན་རྩོད་ལེན་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཧུ་རེ་ཡཱ་ཌི་ (Hurriyat) ཡི་མགོ་ཁྲིད་ལ་ཐུག་འཕྲད་བྱས་པར་བརྟེན། རྒྱ་གར་གཞུང་གིས་པ་ཀི་སི་ཐན་རྒྱལ་སར་ཚོགས་གཏན་འཁེལ་བའི་རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་དྲུང་ཆེའི་ལྷན་ཚོགས་ཕྱིར་འཐེན་དང་། ད་ཐེངས་པ་ཀི་སི་ཐན་གཞུང་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་སློབ་སྟོན་པ་བར་གྱི་གྲོས་མོལ་ཕྱིར་འཐེན་བྱས་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་སྡུག་ཏུ་འགྲོ་ཉེན་ཡོད་འདུག

ཁ་སང་པ་ས་ཀི་སི་ཐན་གྱི་གསར་འགྱུར་བརྒྱུད་ལམ་སྐྱ་རེངས་ཐོག་ཆབ་སྲིད་དབྱེ་ཞིབ་པ་ཨུ་མར་གྷ་ལཱ་ཎེ་ཡིས། ༼ང་ཚོས་གང་འདྲ་བྱས་ནས་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་ཐུབ་བམ༽ཞེས་པའི་ཆེད་བརྗོད་རྩོམ་ཡིག་ཅིག་བྲིས་པའི་ནང་། ད་ལྟ་རྒྱལ་ཁབ་གཉིས་ཀྱིས་གཅིག་གིས་གཅིག་ལ་སྐྱོན་འཛུགས་བྱེད་བཞིན་ཡོད་སྟབས། ཕྱོགས་གཉིས་ཀྱི་མགོ་ཁྲིད་དང་མང་ཚོགས་ཕན་ཚུན་བར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏང་ནས་དཀའ་རྙོག་སེལ་ཐབས་མ་བྱས་ཚེ། མ་འོངས་པར་ཁྱོད་ཤི་ང་གསོན་གྱི་དམག་འཁྲུག་འབྱུང་སྲིད་པ་ཞིག་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༢ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese