མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བཙན་དང་དབུ་མ་རྩོད་པ་དེ་འཐབ་རྩོད་རྩ་བརླག་ཏུ་འགྲོ་བའི་ལས་ཀ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྐབས་ ༡༦ པའི་མདོ་སྟོད་སྤྱི་འཐུས་འོས་མི་གསར་པ་དཀོན་མཆོག་ཡར་འཕེལ་ལགས་སུ། ཁོང་སྤྱི་འཐུས་འོས་མིར་ལངས་པའི་དགོས་དམིགས་དང་བོད་མི་མང་སྤྱི་འཐུས་ཤིག་གི་གཡོལ་དུ་མེད་པའི་འོས་འགན་སོགས་ཀྱི་ཐད་བཅར་འདྲི་བྱས་པར། བོད་མི་མང་སྤྱི་འཐུས་ཤིག་ཡིན་ན་ལྐོག་ཟ་རུལ་སུངས་དང་གཡོ་སྒྱུ་ཁྲམ་གསུམ། སྤྱི་སེམས་མེད་པར་ཆུ་ཚོད་འཕྲོ་བརླག་གཏོང་བ་བཅས་ངེས་པར་དུ་འདོར་དགོས་སྐོར་བརྗོད་བྱུང་།

དྲི་བ། ཐོག་མར་ཁྱེད་རང་གི་སློབ་སྦྱོང་གི་བརྒྱུད་རིམ་སོགས་ལོ་རྒྱུས་མདོར་བསྡུས་ཤིག་ངོ་སྤྲོད་གནོངས་དང་།
ལན། ང་ཕྱི་ལོ་ ༡༩༩༣ ལོར་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ། ༧སྐྱབས་མགོན་རིན་པོ་ཆེ་དང་དབུས་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སུ་ཇ་བོད་ཁྱིམ་དུ་འཛིན་རིམ་ ༡༠ བར་སློབ་སྦྱོང་བྱས་པ་དང་། དེ་ནས་དྷ་སྟེང་བོད་ཁྱིམ་དུ་ཞུགས་ཏེ་འཛིན་རིམ་ ༡༢ མཐར་ཕྱིན་རྗེས། ལྡི་ལིར་ཡོང་སྟེ་མཐོ་སློབ་ནང་ཆབ་སྲིད་ཚན་རིག་ཐོག་(B.A Political Science) ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། དེ་ནས་ཡང་བསྐྱར་ལོ་གཉིས་རིང་ཆབ་སྲིད་ཚན་རིག་ཐོག་སློབ་སྦྱོང་བྱས་ཏེ་ཕྱི་ལོ་ ༢༠༠༧ ལོར་གཙུག་ལག་རབ་འབྱམས་པ་(M.A Political Science) ཐོན་པ་རེད། གཞི་རིམ་སློབ་གྲྭ་ནང་ཡོད་སྐབས་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་སློབ་བུ་རྩེ་ཕུད་ (best boy award)ཀྱི་གཟེངས་རྟགས་གནང་མྱོང་། མཐོ་སློབ་ཀྱི་སྐབས་སུ་ལྡི་ལི་བོད་ཁྱིམ་གྱི་རྒན་བདག་དང་སྤྱི་ཁྱབ་རྒན་བདག དེ་བཞིན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་སོགས་བྱས་ཏེ། སོ་སོའི་སྤྱི་ཚོགས་ནང་འགན་འཁུར་བའི་ལས་ཀ་མང་པོ་ཞིག་བྱས་པ་ཡིན། མཐོ་སློབ་ཐོན་རྗེས་ཕྱི་ལོ་ ༢༠༠༧ ལོར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ནང་འོས་འདེམས་བྱུང་སྟེ་སྐབས་གཉིས་རིང་དབུས་རྒྱུན་གྱི་ལས་ཀ་བྱས་པ་ཡིན། ད་ལྟ་སྨར་ཁམས་གྲགས་པ་རིན་པོ་ཆེ་མཆོག་གིས་བོད་དང་ཧི་མ་ལ་ཡི་རི་བརྒྱུད་ཀྱི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག དེ་བཞིན་ཉམ་ཐག་ཚོའི་ཆེད་དུ་བཙུགས་གནང་བའི་རྒྱལ་སྤྱི་བྱམས་བརྩེའི་བདེ་རྩ་ཚོགས་པའི་ནང་དྲུང་ཆེའི་ལས་ཁུར་ཞུ་བཞིན་ཡོད།

དྲི་བ། ཁྱེད་རང་སྐབས་ ༡༦ པའི་སྤྱི་འཐུས་འོས་མིར་ལངས་དགོས་པའི་རྒྱུ་མཚན་དང་མ་འོངས་པར་མདོ་སྟོད་རྒྱ་ཆེའི་མི་མང་གི་འཐུས་མི་ཚད་ལྡན་ཞིག་ཆགས་ཐུབ་པར་འཆར་གཞི་ག་འདྲ་ཡོད།
ལན། ང་སྤྱི་འཐུས་སུ་ལངས་པའི་རྒྱུ་མཚན་ནི། ང་ཚོས་སོ་སོའི་ལུང་པ་ཤོར་ནས་མི་ལོ་ ༦༠ ལྷག་འགྲོ་བཞིན་ཡོད་ལ། མི་རབས་གོང་མ་ཚོས་སོ་སོའི་ཤ་ཁྲག་གིས་འགྲོ་སོང་བཏང་སྟེ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཐབ་རྩོད་གནང་ཡོད་པ་དང་། ད་ལྟ་ང་ཚོའི་མི་ཐོག་དང་པོ་དང་གཉིས་པ་མིའི་ལུང་པ་ནས་གང་ལ་གང་འཚམ་རྫོགས་འགྲོ་བཞིན་ཡོད་སྟབས། ང་ཚོ་མི་ཐོག་གསུམ་པས་འགན་ཞིག་འཁུར་ཏེ་ཅིག་མ་བྱས་པ་ཡིན་ན། སོ་སོའི་རང་མགོ་ཐོན་ཙམ་བྱས་ནས་བསྡད་ཚེ་ལས་རྒྱུ་འབྲས་སུའང་འགྲོ་ས་མ་རེད་བསམ་པའི་ཚོར་བ་ཤུགས་ཆེན་པོ་ཡོད་པ་ལྟར། ང་ད་རེས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ལངས་ཀྱི་ཡོད། གལ་སྲིད་ང་ལ་མདོ་སྟོད་སྤྱི་འཐུས་ཀྱི་རྒྱལ་ཁ་འཐོབ་པ་ཡིན་ན། ལས་ཀ་བྱེད་པར་གདེང་ཚོད་དང་སྤོབས་པ། བློ་ཁོག་བཅས་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་ཡོད།

དྲི་བ། སྤྱི་འཐུས་ཤིག་གིས་གཡོལ་དུ་མེད་པའི་འོས་འགན་གསུམ་དང་མི་འདོར་ཐབས་མེད་ཀྱི་རྩ་བའི་གནད་དོན་གསུམ་བགྲང་ན་གང་དག་བགྲང་ས་རེད།
ལན། བོད་མི་མང་སྤྱི་འཐུས་ཤིག་གིས་ངེས་པར་དུ་སྒྲུབ་དགོས་པའི་འོས་འགན་གསུམ་གྱི་ནང་ནས་དང་པོ་དེ། བོད་མི་མང་སྤྱི་འཐུས་ཤིག་ཡིན་དུས་བོད་ནང་གི་དཀའ་སྡུག་ལ་བསམ་བློ་གཏོང་དགོས་པ་དེ་ཧང་སང་བ་གལ་ཆེན་པོ་རེད། གཉིས་པ་བོད་མི་ནང་ཁུལ་དུ་ཆིག་སྒྲིལ་ཡོང་ཐབས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གསུམ་པ་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མའི་ལམ་གྱི་སྐད་ཆ་ཞིག་མང་དུ་འགྲོ་ཡི་འདུག་པས། དེ་ཚོ་མེད་པ་བཟོ་དགོས་ཀྱི་འདུག དབུ་མའི་ལམ་རྩོད་མཁན་ཡིན་ན་རེད། རང་བཙན་རྩོད་མཁན་ཡིན་ནའང་རེད། གཉིས་ཀས་ལ་ཕར་རྒྱབ་ཀྱི་རྒྱ་མི་ཚོའི་ཐོག་ཁ་ལོག་སྟེ། ཐབས་ཇུས་ཀྱི་ངོ་བོའི་ཐོག་བསྒྱུར་ཐབས་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་ནས་བོད་མི་མང་སྤྱི་འཐུས་ཤིག་ཡིན་ན་ལྐོག་ཟ་རུལ་སུངས་དང་གཡོ་སྒྱུ་ཁྲམ་གསུམ། སྤྱི་སེམས་མེད་པར་ཆུ་ཚོད་འཕྲོ་བརླག་གཏོང་བ་བཅས་ངེས་པར་དུ་འདོར་དགོས་པ་རེད་བསམ་གྱི་འདུག

དྲི་བ། ད་ལྟའི་བོད་མི་མང་སྤྱི་འཐུས་རྣམ་པས་སྤྱི་ཚོགས་ལ་འགན་འཁུར་སྟངས་དང་ཕྱག་ལས་གནང་ཕྱོགས་ལ་དགེ་ཕན་མང་པོ་ཡོད་ཀྱང་། སྐྱོན་གྱི་ཆ་གང་དག་མཐོང་གི་འདུག
ལན། དྲང་པོ་བཤད་ན་སྐྱོན་མེད་པའི་མི་ཞིག་ཡོད་པ་མ་རེད། ད་ལྟའི་བར་དུ་ང་རང་ཚོ་མི་རབས་གཞོན་པ་ཚོས་བཙན་བྱོལ་སྤྱི་ཚོགས་ནང་ཞབས་ཞུ་ཞུས་པ་དེ་ངས་རླབས་ཆེན་ཞིག་ཏུ་མཐོང་གི་ཡོད། ཡིན་ནའང་། སྐྱོན་རེ་ཟུང་རེ་ཟུང་དཔེར་ན་སོ་སོའི་ཆོལ་ཁ་ཆུང་ཆུང་ཞིག་དང་ཆོས་བརྒྱུད་ཆུང་ཆུང་ཞིག་གི་ཆེད་དུ་འཐེན་འཁྱེར་བྱས་ཏེ། གྲོས་ཚོགས་ར་བའི་ནང་རྩོད་རྙོག་ཆགས་བསྡད་པ་དེ་ཚོ་མ་ཡོང་བ་བྱེད་དགོས་པ་རེད་བསམ་གྱི་འདུག དེ་ནས་ད་ལྟའི་བར་དུ་གྲོས་ཚོགས་ར་བའི་ནང་གྲོས་ཆོད་དང་བཀའ་སྡུར་ཡོང་གི་ཡོད་པ་མ་རེད་ཞུ་ཡི་མེད་ཀྱང་། གྲོས་ཚོགས་ཚོགས་ཡོང་དུས་བོད་ཕྱི་ནང་གཉིས་ཀྱི་དཀའ་སྡུག་ཐོག་འགན་འཁུར་དགོས་ལ། དམིགས་བསལ་གྱིས་བོད་ནང་གི་དཀའ་སྡུག་ལ་ཐུགས་འགན་འཁུར་དགོས་པ་རེད། བོད་མི་བཙོན་ཁང་དུ་བཅུག་པ་རྣམས་དང་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་འགྲུབ་ཆེད། བོད་མི་མང་སྤྱི་འཐུས་ཀྱི་ངོས་ནས་དེ་སྔོན་ལས་འགུལ་རྒྱ་ཆེན་པོ་སྤེལ་ཡོད་ཀྱང་། དེང་སང་སྤེལ་ཐུབ་ཀྱི་མི་འདུག་པས་ལས་འགུལ་དེ་འདྲ་སྤེལ་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ང་ཚོའི་སྤྱི་ཚོགས་ཁྲོད་གྲོས་ཚོགས་ར་བའི་ནང་དགེ་འདུན་པ་མ་ཞུགས་ན་ཡག་པོ་ཡོད་ཚུལ་བརྗོད་མཁན་མང་པོ་ཡོད་སྟབས་དེའི་ཐད་ཁྱེད་རང་ལ་བསམ་ཚུལ་ག་རེ་ཡོད།
ལན། ང་ཚོའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མི་འདྲ་འཁུར་མཁན་མང་པོ་ཡོད་པ་དང་། ཆོས་དང་ཆབ་སྲིད་འདྲེས་རྒྱུ་མི་འདུག་ཟེར་མཁན་ཡོད་པ་རེད། ཡིན་ནའང་། ང་རང་དེའི་ཐོག་བརྒྱ་ཆ་བརྒྱ་ཐམ་པ་གཙང་མ་གཙང་རྐྱང་ཡིན། དགེ་འདུན་པ་གྲོས་ཚོགས་ར་བའི་ནང་གཅིག་པུ་མིན་པར་བཀའ་ཤག་དང་གཞུང་གི་ལས་བྱེད་ནང་སླེབ་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ང་ཚོ་བོད་པ་འཛམ་གླིང་ནང་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡོད་ལབ་པ་དེའི་གཙོ་ཆེ་ཤོས་ནི། ནང་པ་སངས་རྒྱས་པའི་ཆོས་ནས་ང་ཚོའི་ཡུལ་སྲོལ་བཟང་པོ་དང་གོམས་གཤིས་བཟང་པོ། མི་རྒྱུད་བཟང་པོ་དེ་ཚོ་སླེབ་ཡོང་བ་རེད། དེ་ཚོ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་པ་རེད་མ་གཏོགས་དཀྲུག་དཀྲུག་གཏོང་རྒྱུ་ཡོད་པ་མ་རེད། ལོགས་སུ་བཟོ་དགོས་པ་རེད་ཟེར་ན་ངས་སྔོན་མ་ནས་འགྲིག་གི་མ་རེད་བསམ་གྱི་ཡོད། ཆབ་སྲིད་ཟེར་བ་འདིའི་ནང་སླེབ་ཡོང་དུས་མི་ཚང་མ་ཁྲམ་པ་དང་མགོ་བདེ་བོ་ཆགས་ཡོང་གི་ཡོད་སྟབས། དགེ་འདུན་པ་རྣམས་ཆབ་སྲིད་ཀྱི་སྡིངས་ཆའི་ཐོག་བསླེབ་རོགས་བྱས་ན། ཁོང་ཚོས་རྐུན་མ་རྐུ་ཡི་མ་རེད་ལ། སྐྱག་རྫུན་བཤད་ཀི་མ་རེད། མི་གསོད་ཀྱི་མ་རེད། དེ་བཞིན་ལྐོག་ཟ་རུལ་སུངས་མི་བྱེད་སྟབས། མི་ཡག་པོ་གཙང་མ་ཞིག་ང་རང་ཚོའི་མགོ་ཁྲིད་མཁན་གྱི་ཆབ་སྲིད་ནང་སླེབ་པ་ཡིན་ན། དེ་ལ་ཐུགས་རྗེ་ཆེ་དང་ཡག་པོ་རེད་ལབ་རྒྱུ་མ་གཏོགས་འགྲིག་གི་མི་འདུག་བསམ་པ་ཞིག་ང་རང་ལ་ཁྱོན་ནས་མེད།

དྲི་བ། མདོ་སྟོད་སྤྱི་འཐུས་ལས་ཐོག་རྣམ་པས་བོད་ཕྱི་ནང་གི་མདོ་སྟོད་རྒྱ་ཆེའི་མི་མང་གི་ཚབ་བྱེད་ཐུབ་ཀྱི་འདུག་གམ། མི་འདུག་ན་ཕྱོགས་གང་དག་ནས་ཚབ་བྱེད་ཐུབ་ཀྱི་མི་འདུག ཁྱེད་རང་ལ་དེའི་ཐད་ཚབ་བྱེད་ཐུབ་པའི་ཤེས་ཡོན་དང་ནུས་འཇོན་ག་རེ་ཡོད།
ལན། ང་ཚོའི་སྤྱི་འཐུས་ཚོས་བོད་ཕྱི་ནང་གཉིས་ཀྱི་ཆོལ་ཁ་གསུམ་གྱི་མི་མང་གི་སྐུ་ཚབ་མཚོན་ཐུབ་དགོས་པ་རེད། ད་ལྟ་བར་དུ་དེ་འདྲ་མཚོན་གྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ལ། མཚོན་ཡང་ཐུབ་ཀྱི་ཡོད་པ་རེད་བསམ་གྱི་འདུག ང་རང་གི་ངོས་ནས་སྤྱི་འཐུས་ཚོས་ལས་ཀ་མ་འཇོན་པ་དང་མ་འགྲིག་པ་གོང་དུ་ཞུས་པ་ལྟར་མཐོང་མ་སོང་། ཡིན་ནའང་། གྲོས་ཚོགས་ནང་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག བོད་པ་རང་གི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཤེས་ཡོན་ཡོད་པ་ཞིག་སླེབ་དགོས་པ་དེ་གལ་ཆེན་པོ་མཐོང་གི་འདུག ག་རེ་རེད་ཟེར་ན། འཐབ་རྩོད་བྱེད་མཁན་གྱི་སྤྱི་འཐུས་ཤིག་ཡིན་སྟབས། བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་པས་བོད་ནང་གི་དཀའ་ངལ་དེ་ཚོ་རྒྱལ་སྤྱིའི་ཐོག་སྐྱེལ་དགོས་ཀྱི་ཡོད་ན། དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོ་སྤྱི་འཐུས་ནང་སླེབ་དགོས་པ་དེ་ཧང་སང་བ་གལ་ཆེན་པོ་རེད། དེང་དུས་ཀྱི་ཤེས་ཡོན་ཡོད་པ་ཙམ་མིན་པར་ང་རང་ཚོའི་ཆོས་དང་རིག་གཞུང་། བོད་ཡིག་བཅས་ཡག་པོ་ཡོད་པའི་ཤེས་ཡོན་གཉིས་ལྡན་ཞིག་སླེབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག

དྲི་བ། ཉེ་སྔོན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་དྲ་བའི་ནང་དབུ་མའི་ལམ་གྱི་ཐོག་ནས་བོད་དོན་དཀའ་རྙོག་སེལ་རྒྱུ་ཁས་ལེན་བྱ་མི་སྲིད་སྐོར་བསྒྲགས་འདུག་པས། ང་ཚོས་མུ་མཐུད་དུ་བདེན་པའི་ཨུ་ཚུགས་བྱས་ཏེ་དབུ་མའི་ལམ་གྱི་ཐོག་ནས་གྲུབ་འབྲས་ཐོན་དགོས་ན་གང་འདྲ་གནང་དགོས་པ་རེད།
ལན། རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ཁས་ལེན་མེད་ལབ་པ་དེར་ཞེ་དྲགས་ཧང་སང་དགོས་དོན་ཡོད་པ་མ་རེད་བསམ་གྱི་འདུག རྒྱ་གཞུང་གིས་དབུ་མའི་ལམ་ནི་ཕྱེད་རང་བཙན་དང་མངོན་པར་མི་གསལ་བའི་རང་བཙན་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ཐབས་ཇུས་རེད་ཅེས་སྔོན་མ་ནས་ལབ་ཀྱི་ཡོད་པ་རེད། ཡིན་ནའང་། ད་རེས་ཞི་ཅིན་ཕིན་གྱི་གཞུང་བསླེབས་ནས་སྐད་ཆ་དེ་འདྲ་བཤད་པ་ཐེངས་དང་པོ་འདྲ་བོ་ཡིན་རྒྱུ་རེད། གང་ལྟར་ང་ཚོས་དབུ་མའི་ལམ་གྱི་ཐོག་ནས་ཡིན་ན་རེད། རང་བཙན་གྱི་ཐོག་ནས་ཡིན་ནའང་རེད། གྲུབ་འབྲས་ཐོན་ཆེད་རང་བཙན་དང་དབུ་མ་ཟེར་ནས་ནང་ཁུལ་དུ་རྩོད་པ་བརྒྱབ་ནས་མི་འདུག་པར་ཚང་མ་མཉམ་དུ་ཕྱིར་ཐོན་ཏེ། རྒྱ་མི་ལ་ཁ་ཕར་ལོག་ནས་འཐབ་རྩོད་བྱེད་དགོས་པ་རེད། དབུ་མའི་ལམ་རྩོད་མཁན་ཡིན་ནའང་ལས་འགུལ་ཞེ་དྲགས་སྤེལ་རྒྱུ་ཡོད་པ་རེད་བསམ་གྱི་འདུག དཔེར་ན། ང་ཚོ་བོད་མི་སྟོང་ཕྲག་གཅིག་ཙམ་གྱིས་ཟས་བཅད་ངོ་རྒོལ་བྱས་ཏེ། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཉམ་དུ་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་བཀའ་མོལ་གནང་དགོས་ཀྱི་ཡོད། བཀའ་མོལ་མ་གནང་ན་ང་ཚོ་ཚང་མ་ཤི་རྒྱུ་ཡིན་ལབ་ན་རྒྱ་གཞུང་གིས་ཏན་ཏན་ཁ་གྲག་དགོས་ཁེལ་གྱི་རེད་བསམ་གྱི་འདུག དཔེར་བཞག་ན་ ༢༠༠༨ ལོར་བོད་ཕྱི་ནང་གཉིས་ནས་སྒེར་ལངས་བྱེད་ཡོང་དུས། རྒྱ་ནག་གཞུང་གིས་ཡང་བསྐྱར་བོད་རྒྱ་ཞི་མོལ་མགོ་བཙུགས་དགོས་ཁེལ་བ་རེད། ཁོ་ཚོར་ཞི་མོལ་མགོ་བཙུགས་པའི་འདོད་པ་མེད་ཀྱང་། རྒྱལ་སྤྱིའི་གནོན་ཤུགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་སྐད་འབོད་ལ་བརྟེན་ནས་མགོ་བཙུགས་པ་རེད། དེར་བརྟེན་ང་ཚོར་ག་རེ་རག་དགོས་ཀྱི་ཡོད་ནའང་ཚང་མའི་ཁ་ཕར་རྒྱ་ནག་ལ་ལོག་ནས་རྩོད་དགོས་པ་རེད་མ་གཏོགས། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཁྱེད་དབུ་མའི་ལམ་རྩོད་མཁན་རེད། ང་རང་བཙན་རྩོད་མཁན་ཡིན་ཟེར་ནས་རྙོག་དྲ་མང་པོ་ཞིག་འགྲོ་ཡི་འདུག་གཱ། དེ་འདྲ་བྱས་ན་རྩ་བ་ཉིད་ནས་ཕན་ཐོགས་མེད་པ་མ་ཟད། མ་འོངས་པར་འཐབ་རྩོད་རྩ་བརླག་ཏུ་འགྲོ་བའི་ལས་ཀ་ཞིག་ཆགས་བསྡད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. བྱམས་པ says:
    ལོ་ 11 སྔོན།

    བཀྲིས་བདེ་ལེགས

    Reply
  2. བསྟན་ཆོས། says:
    ལོ་ 11 སྔོན།

    ༢༠༠༨་ལོར་བོད་ཕྱི་ནང་གཉིས་ནས་་་་་་ཡང་སྐྱར་བོད་རྒྱ་ཞི་མོལ་མགོ་བཙུགས་པ་རེད་་་་་ཟེར

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese