མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་རྙིར་ཚུད་པའི་སྟག་རྒན་གཉིས།

བོད་ཀྱི་དུས་བབ།
༢༠༡༥/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་པ་ཀི་སི་ཐན་ཁྲིམས་ཁང་གིས་སྲིད་བློན་ཟུར་པ་དང་ཚོང་དོན་བློན་ཆེན་ཟུར་པ་རྣམ་གཉིས་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བཀྲམ་འདུག

ཁ་སང་པ་ཀི་སི་ཐན་གཞུང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་མཁན་གྱི་ཁྲིམས་ཁང་གིས། སྲིད་བློན་ཟུར་པ་ཡུ་སེབ་ར་ཛ་གྷེ་ལཱ་ཎི་(Yusuf Raza Gilani)དང་། ཚོང་དོན་བློན་ཆེན་ཟུར་པ་མཱ་ཁཱ་དྷོམ་ཨཱ་མེན་ཧྥ་ཧེམ་(Makhdoom Amin Fahim) གཉིས་ཀྱིས་གཞུང་དངུལ་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པ་ཕྱིར་བསྒྲགས་བྱས་པ་དང་འབྲེལ། འཇུ་བཟུང་བཀའ་རྒྱ་བཀྲམ་ཡོད་པ་མ་ཟད། ཟླ་རྗེས་མའི་ཚེས་ ༡༠ ཉིན་ཁྲིམས་རྭ་ནས་གྱོད་དོན་ཞིབ་བཤེར་བྱ་རྒྱུ་ཡིན་པ་བསྒྲགས་འདུག

པ་ཀི་སི་ཐན་གྱི་བརྒྱུད་ལམ་སྐྱ་རེངས་ཀྱིས་པ་ཀི་སི་ཐན་གཞུང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་མཁན་གྱི་ཁྲིམས་ཁང་གི་སྐད་ཆ་ལུང་འདྲེན་བྱས་པའི་ནང་། པ་ཀི་སི་ཐན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་སྲིད་བློན་ཟུར་པ་ཡུ་སེབ་ར་ཛ་གྷེ་ལཱ་ཎི་དང་ཚོང་དོན་བློན་ཆེན་ཟུར་པ་མཱ་ཁཱ་དྷོམ་ཨཱ་མེན་ཧྥ་ཧེམ་རྣམ་གཉིས་ཀྱི་གཙོས། ཚོང་དོན་འཕེལ་རྒྱས་ལྷན་ཁང་གི་མཐོ་རིམ་ལས་བྱེད་ཁག་གཅིག་གིས་རྒྱལ་ཁྲིམས་དང་འགལ་བའི་ནག་ཉེས་གྲངས་ ༡༢ བསགས་ཡོད་པ་མ་ཟད། ལྷག་པར་དུ་སྲིད་བློན་ཟུར་པ་དང་ཚོང་དོན་བློན་ཆེན་ཟུར་པས་ཚོང་དོན་འཕེལ་རྒྱས་ལྷན་ཁང་གི་ལས་འཆར་འོག ཁེ་ལས་རྫུན་མ་དེ་འདྲར་རོགས་སྐྱོར་བྱ་ཁུལ་གྱིས་གཞུང་དངུལ་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པའི་བརྟག་དཔྱད་སྙན་ཐོ་ཕུལ་བ་ལྟར། ཁྲིམས་ཁང་གིས་ཞིབ་འཇུག་བྱས་ནས་ར་འཕྲོད་བྱུང་སྟེ་ཁོ་གཉིས་འཇུ་བཟུང་དགོས་པའི་བཀའ་ཁྱབ་བཏང་འདུག ཅེས་བརྗོད་འདུག

ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ ལོ་བར་ཡུ་སེབ་ར་ཛ་གྷེ་ལཱ་ཎི་ཡིས་པ་ཀི་སི་ཐན་གྱི་སྲིད་བློན་བྱེད་སྐབས། པ་ཀི་སི་ཐན་ཆེས་མཐོའི་ཁྲིམས་ཁང་གིས་ཁོང་ལ་སུད་སི་གཞུང་ལ་ཡི་གེ་བཏང་སྟེ། སྐབས་དེའི་སྲིད་འཛིན་ཨཱ་སེབ་ཨཱ་ལི་ཛར་ཌ་རི་ (Asif Ali Zardari) ཡིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་པ་བདེན་དཔང་གནང་རོགས་ཞུ་དགོས་པའི་བཀའ་རྒྱ་བཏང་ཡང་། ཁོས་བཀའ་རྒྱ་རྩིས་མེད་བཏང་བ་མ་ཟད་འགོག་རྒོལ་བྱས་ཡོད་སྟབས། ཆེས་མཐོའི་ཁྲིམས་ཁང་གིས་ཁོ་གནས་དབྱུང་བཏང་ཡོད། ༢༠༡༥ ལོའི་ལོ་མགོ་ནས་བཟུང་པ་ཀི་སི་ཐན་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གིས་སྲིད་འཛིན་ཟུར་བ་ཨཱ་སེབ་ཨཱ་ལི་ཛར་ཌ་རིས་སྣེ་ཁྲིད་པའི་པ་ཀི་སི་ཐན་གྱི་ཆབ་སྲིད་ཚོགས་པ་མི་མང་ཤོག་ཁག་ (PPP) གི་དཔོན་རིགས་རྒན་གྲས་དང་སྲིད་བློན་ཟུར་བ་ཡུ་སེབ་ར་ཛ་གྷེ་ལཱ་ཎི་དང་། ཚོང་དོན་བློན་ཆེན་ཟུར་བ་མཱ་ཁཱ་དྷོམ་ཨཱ་མེན་ཧྥ་ཧེམ་རྣམ་གཉིས་ལ་དབང་ཆ་ཡོད་སྟབས། ཁོ་གཉིས་ཀྱིས་ཁེ་ལས་རྫུན་མའི་མིང་ཐོག་ནས་ཚོང་དོན་དཔྱ་ཁྲལ་ཆག་ཡང་དང་ཡིག་ཆ་རྫུན་བཟོ་སོགས་བྱས་ཏེ། གཞུང་དངུལ་སྒེར་སྤྱོད་དང་སྤྱི་རྒྱུ་སྒེར་བདག་གི་བྱ་ངན་བརྩམས་ནས། པ་ཀི་སི་ཐན་གྱི་དངུལ་ལོར་ས་ཡ་མང་པོ་ལྐོག་ཟ་བྱས་ཡོད་པ་ར་འཕྲོད་བྱུང་ཡོད་སྟབས་འཇུ་བཟུང་བཀའ་རྒྱ་བཀྲམ་ཡོད་པ་མ་ཟད། ཁ་ཉིན་ཆེས་མཐོའི་ཁྲིམས་ཁང་གིས་ལྐོག་ཟ་སུལ་སུངས་ཀྱི་དོན་རྐྱེན་དང་འབྲེལ་བའི་ཐོག་ཀཱ་ར་ཆི་གྲོང་ཁྱེར་ནས་སྲིད་འཛིན་ཟུར་བ་ཡུ་སེབ་ར་ཛ་གྷེ་ལཱ་ཎི་ཡི་ཐུགས་སྲས་པ་ཀི་སི་ཐན་གྱི་རྡོ་སྣུམ་བློན་ཆེན་ཟུར་པ་ཨཱ་སེམ་ཧུ་སན་ (Asim Hussain ) འཛིན་བཟུང་བྱས་ཡོད།

དེ་རིང་པ་ཀི་སི་ཐན་གྱི་རེས་གཟའ་པ་སངས་ཀྱི་དུས་བབ་ (The Friday Times) ཀྱིས། ཉེ་ལམ་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་བློན་ཟུར་པ་དང་ཚོང་དོན་བློན་ཆེན་ཟུར་པས་གཞུང་དངུལ་ལྐོག་ཟ་བྱས་ཡོད་པ་ར་འཕྲོད་དེ། ཁྲིམས་ཁང་ལ་ནག་ཉེས་ངོས་ལེན་བྱེད་བར་ཡོང་དགོས་པའི་བཀོད་ཁྱབ་བཏང་ཀྱང་། ཁོ་གཉིས་ཀྱིས་ངོ་བཅར་ཞུས་མེད་པ་མ་ཟད་ད་དུང་སྐྱོན་འཛུགས་བྱས་ཡོད་སྟབས། ཁྲིམས་ཁང་གིས་འཇུ་བཟུང་བཀའ་རྒྱ་བཀྲམ་དགོས་བྱུང་ཡོད། ད་ལྟ་གྱོད་དོན་འདིའི་ནང་གཞུང་གི་ཆབ་སྲིད་པ་དང་གནད་ཡོད་མི་སྣ་མང་དག་ཅིག་ཚུད་ཡོད་སྟབས། གཞུང་གིས་རིམ་པས་ཁོ་ཚོའི་བྱ་ངན་འཚང་བརྟོལ་གྱིས་སྟག་སྦྲང་མཉམ་རྡུང་གི་བྱ་སྤྱོད་སྤེལ་གྱི་རེད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

ཆུ་ཚོད་ ༥ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

ཆུ་ཚོད་ ༦ སྔོན་ལ།
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༢༣ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese