མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་རང་དབང་སྲུང་སྐྱོབ་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་མི་མང་གི་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་དང་འཐབ་རྩོད་ཀྱི་ངོ་བོའི་ཐད་རང་བཞིན་གྱིས་དོ་ཕོག་དང་ཉམ་ཉེས་འབྱུང་བའི་གནས་སྟངས་ཤིག་ཡོང་གི་ཡོད།

ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞི་ཚན་པའི་གོ་སྒྲིག་འོག ཉིན་གཉིས་རིང་གི་བཙན་བྱོལ་བོད་མིའི་ཡར་ཐོན་ཚོང་པའི་འདུ་འཛོམས་ཟབ་སྦྱོང་དབུ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ལྷན་ཁང་ལྔ་ཡི་བཀའ་བློན་ལྷན་རྣམ་པ་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་ཆེད་དུ་བཅར་བའི་བོད་རིགས་ཚོང་པ་ ༡༠༠ ལྷག་མཉམ་ཞུགས་བྱས་འདུག

ཚོགས་ཐོག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རང་ཁ་རང་གསོ་གནང་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་བཤད་གནང་དོན། ང་རང་ཚོའི་དམིགས་ཡུལ་གཙོ་བོ་གསུམ་གྱི་ནང་ནས་གསུམ་པ་ནི་རང་ཁ་རང་གསོ་སྟེ། ཆབ་སྲིད་དང་སྒྲིག་འཛུགས། སྤྱི་ཚོགས་དང་ཆོས་ལུགས་རིག་གཞུང་སྐད་ཡིག དེ་བཞིན་ད་རེབ་ཀྱི་ཡར་ཐོན་ཚོང་པའི་ཟབ་སྦྱོང་ཚོགས་འདུ་དང་འབྲེལ་བའི་དཔལ་འབྱོར་བཅས་ཀྱི་ཐོག་ནས་རང་ཁ་རང་གསོ་ཐུབ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། ཉེ་ལམ་ང་ཚོའི་འཆར་འགོད་ལས་ཁུངས་ནང་ཕྱག་ལས་གནང་མཁན་ཕྱི་གླིང་ཨ་ཅག་ཅིག་གི་ཞིབ་འཇུག་སྙན་ཐོའི་ནང་། བོད་པའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་བལྟས་ཚེ། བརྒྱ་ཆའི་ ༢༦.༧ དེ་གཞིས་ཆགས་ཁག་ནང་ཞིང་ལས་བྱེད་མཁན་དང་། བརྒྱ་ཆའི་ ༢༧.༡ དེ་ཚོང་ལས་གཉེར་མཁན་ཡིན་ཡང་། ཞིང་ལས་ཀྱི་ཡོང་འབབ་དང་ཚོང་ལས་ཀྱི་ཡོང་འབབ་གཉིས་བསྡུར་ཚེ། ཞིང་ལས་བྱེད་མཁན་སྤྱིའི་ཡོངས་འབབ་བརྒྱ་ཆའི་ ༨.༤ ཟིན་ཡོད་པ་དང་། ཚོང་ལས་གཉེར་མཁན་སྤྱིའི་ཡོང་འབབ་བརྒྱ་ཆའི་ ༤༡ ཟིན་འདུག དེར་བརྟེན་ཚོང་ལས་གཉེར་མཁན་ཚོར་སྔར་ལས་ཡར་ཐོན་རམ་འདེགས་གནང་ཐུབ་པ་ཡིན་ན། དེའི་ལྡབ་འགྱུར་གྱི་ཡོང་འབབ་བརྒྱ་ཆའི་ ༨༢ ཟིན་གྱི་ཡོད་སྟབས། དེ་ནི་ཧ་ཅང་གི་ཡར་རྒྱས་ཆེན་པོ་ཞིག་ཡིན་པ་རེད། ཅེས་གསུངས་སོང་།

དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག་གིས་དཔལ་འབྱོར་ལས་ཁུངས་ཀྱི་དཔལ་འབྱོར་ཡར་རྒྱས་རམ་འདེགས་ལས་གཞིའི་སྐོར་གསུངས་དོན། རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་རུང་རྒྱལ་ཁབ་དེ་དང་དེའི་མང་ཚོགས་ཀྱི་དཔལ་འབྱོར་གནས་བབ་སྲ་བརྟན་དང་ཡར་རྒྱས་གོང་འཕེལ་འགྲོ་དགོས་པ་དེ་ལས་དོན་གལ་ཆེ་ཤོས་སུ་བརྩི་ཡི་ཡོད་པ་རེད། ང་རང་ཚོའི་འདས་པའི་ལོ་རབས་བཅུ་དགུ་ཉི་ཤུའི་ནང་ལ་ཨེ་ཤ་ཡའི་ལས་འཆར་ནང་ཚུད་པའི་རྒྱལ་ཁབ་མང་པོའི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཕྱིན་པའི་གནས་ཚུལ་དེ་འདྲ་བྱུང་ཡོད་པ་རེད། དཔེར་ན། ལྷོ་ཀོ་རི་ཡ་དང་སང་གྷ་ཕོར་ལྟ་བུར་ཆ་མཚོན་ན། ཁོ་ཚོའི་སྔོན་མའི་དཔལ་འབྱོར་འཕེལ་རིམ་དང་ད་ལྟའི་དཔལ་འབྱོར་འཕེལ་རིམ་བར་ཧེ་བག་ཆེན་པོ་ཡོད་པ་རེད། དེ་དག་ཚང་མ་དཔལ་འབྱོར་གྱི་གནས་བབ་ཡར་རྒྱས་ཕྱིན་པའི་འཕེལ་རིམ་ཞིག་ཡིན་ཞིང་། དཔལ་འབྱོར་གྱི་གནས་བབ་དེ་ཡང་ཡར་ཐོན་ཅན་གྱི་རིག་གསར་ཚོང་ལས་གཉེར་མཁན་མང་པོ་ཐོན་སྐྱེད་བྱུང་བ་དང་། བཟོ་སྐྲུན་མཁན་མང་པོ་ཐོན་སྐྱེད་བྱུང་བ། དེ་བཞིན་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་གནས་བབ་དང་ཐད་ཀར་འབྲེལ་བ་ཡོད་པའི་ཐོན་སྐྱེན་བཟོ་སྐྲུན་མཁན་མང་པོ་སྐྱེད་སྲིང་ཐུབ་པའི་ཆ་ནས་བྱུང་བ་ཞིག་རེད་ལ། ལྷག་པར་དུ་ང་རང་ཚོའི་གནས་བབ་དང་འདྲ་མཚུངས་ཡིན་པའི་ཨེ་ཛི་རལ་དེ། འཇིའུ་མི་རིགས་ཀྱི་དཔལ་འབྱོར་གནས་བབ་ལ་ཕྱིར་མིག་ཅིག་བལྟས་ན། ཁོ་ཚོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་རིང་གི་དཔལ་འབྱོར་གནས་སྟངས་དེ་དེང་སང་གི་ང་ཚོའི་དཔལ་འབྱོར་གནས་སྟངས་ལྟ་བུ་ཆགས་ཡོད་པ་རེད། ཁོ་ཚོ་ལོ་ངོ་སྟོང་ཕྲག་གཉིས་རིང་བཙན་བྱོལ་དུ་གནས་ནའང་། ཁོ་རང་ཚོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་ཉམ་རྒུད་དུ་མ་སོང་བར་སྲུང་སྐྱོབ་ཐུབ་ཡོད་པ་རེད། དེའི་འབྱུང་རྐྱེན་གཙོ་བོ་ནི་ཁོ་ཚོས་དཔལ་འབྱོར་དང་ཤེས་ཡོན་གྱི་ཐོག་ལ་སྐུ་ངལ་ཚད་མེད་བསྐྱོན་པའི་འབྲས་བུ་རེད། དཔལ་འབྱོར་ཡར་རྒྱས་ཀྱི་གནས་སྟངས་དེ་ཡང་འཇིའུ་མི་རིགས་དཔལ་འབྱོར་ཡོད་མཁན་ཚོས། འཇིའུ་མི་རིགས་དབུལ་བོ་ཉམ་ཐག་ཚོར་གནས་སྐབས་འཕྲལ་སེལ་གྱི་རོགས་སྐྱོར་ཙམ་མ་ཡིན་པར། ཁོ་ཚོ་ཡང་སྤྱི་ཚོགས་ཀྱི་ཚོང་ལས་དཔལ་འབྱོར་ནང་རྐང་ཚུགས་ཐུབ་པའི་ཐད་ལ་འབད་བརྩོན་གནང་ཡོད་སྟབས། ཁོ་རང་ཚོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སོགས་མ་བརླག་པའི་ཐོག་ནས་སྲུང་སྐྱོབ་ཐུབ་སོང་བ་རེད། དཔེ་དེ་བཞིན་དུ་ང་རང་ཚོའི་སྤྱི་ཚོགས་འདིའི་ནང་མང་ཚོགས་ཀྱི་བསམ་བློའི་རང་དབང་དང་དཔལ་འབྱོར་གྱི་རང་དབང་དེ་ང་ཚོས་སྲུང་སྐྱོབ་མ་ཐུབ་པ་ཡིན་ན། མ་འོངས་པར་ང་ཚོའི་མི་རིགས་ཀྱི་ངོ་བོ་དང་འཐབ་རྩོད་ཀྱི་ངོ་བོ་སོགས་ཀྱི་ཐད་ལ་རང་བཞིན་གྱིས་དོ་ཕོག་དང་ཉམ་ཉེས་འབྱུང་བའི་གནས་སྟངས་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. སྐལ་བཟང་སྦྱིན་པ། says:
    ལོ་ 11 སྔོན།

    དཔལ་འབྱོར་ནི་ཆབ་སྲིད་ཀྱི་སྲོག་རྩ་ཡིན་ཟེར་བ་དེ་ང་ཚོས་ངེས་འཛིན་གསལ་བོ་བྱ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese