མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་གས་ཀྱི་རྒྱབ་ན་སུ་ཞིག་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༧༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཐིན་ཅིན་གྱི་ཡ་ང་བའི་འབར་གས་དོན་རྐྱེན་དེ་ཧ་ཅང་ཚབས་ཆེན་པོ་ཞིག་ནས་སྤྱིར་བཏང་ཙམ་གྱི་ཐོག་ནས་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་བསྒྲགས་སོང་བ་མ་ཟད། ཞི་ཅིན་ཕིན་གྱིས་དམར་པོ་ཁྲག་གི་བསླབ་བྱ་དང་ལེན་བྱེད་དགོས་པའི་སྐད་ཆ་ཞིག་ཐེངས་འགར་བཤད་པ་གོ་རྒྱུ་འདུག་ལ། དོན་རྐྱེན་བྱུང་ནས་ཉིན་ལྔ་འགོར་རྗེས་སྲིད་བློན་ལི་ཁེ་ཆང་གིས་ཡུལ་དངོས་སུ་རྒྱང་ལྟ་ཞིག་བྱས་ཏེ། མི་མང་ལ་ཡིད་ཚིམ་པའི་གསལ་བཤད་ཅིག་བྱ་རྒྱུ་ཁས་བླངས་སོང་། དེ་བཞིན། ཐིན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧང་ཤིན་ཀོ་ཡང་ཉིན་ ༧ འགོར་རྗེས་ཡུལ་དངོས་སུ་ཡོང་སྟེ། རང་ཉིད་ལ་གཡོལ་དུ་མེད་པའི་འོས་འགན་ཡོད་སྐོར་གྱི་གཏམ་བཤད་བྱས་པ་སོགས་ཕྱི་ཚུལ་ནས་བལྟས་ན་འདྲ་ཆགས་པའི་སྐད་ཆ་འགས་མི་མང་གི་ཁ་མིག་འགེབ་ཐབས་བྱས་སོང་།

སྔ་རྗེས་ཐེངས་གཉིས་སུ་བྱུང་བའི་འབར་གས་དེས་རྒྱ་ཁྱོན་རྨིད་གྲུ་བཞི་མ་ལྔ་སྟོང་ཙམ་གྱི་སར་ཡོད་པའི་མི་རྒྱུ་གཉིས་ཀར་ལྟ་མི་བཟོད་པའི་གནོད་སྐྱོན་བཟོས་ཏེ། མི་གྲངས་བརྒྱ་ཕྲག་འགའི་ཚེ་སྲོག་འཕྲོག་པ་དང་། དཔལ་འབྱོར་ཐད་རྒྱ་སྒོར་དུང་ཕྱུར་ ༤༠༠ ནས་ ༥༠༠ ཙམ་གྱི་གྱོང་གུད་བཟོས་ཡོད་པ་མ་ཟད། འབར་གས་བྱུང་ནས་ཉིན་ ༡༡ འགོར་རྗེས་ཀྱང་ད་དུང་ཕྱོགས་གང་ས་ན་མེ་ལྕེ་དམར་པོ་ལྷམ་ལྷམ་དུ་འབར་བཞིན་ཡོད་པའི་གནས་ཚུལ་ཐོན་སོང་། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཡང་བསྐྱར་ཐིན་ཅིན་གྱི་རྫས་འགྱུར་བཟོ་གྲྭ་ཞིག་ལ་འབར་གས་བྱུང་ནས་མི་གྲངས་ ༡༠ ལྷག་ལ་ཤི་རྨས་བྱུང་བ་མ་ཟད། ཞིབ་བཤེར་བྱས་པ་བརྒྱུད་རྒྱ་ནག་རྒྱལ་ཡོངས་ཀྱི་རྫས་འགྱུར་བཟོ་གྲྭ་ཁག་ལས་བརྒྱ་ཆ་ ༧༠ ལ་འབར་གས་ཀྱི་ཉེན་ཁ་ཡོད་ལུགས་བསྒྲགས་པ་དེ་ཇི་འདྲའི་ཡ་ང་བ་ཞིག་རེད།

ཡུལ་དངོས་དཔྱད་ཞིབ་པས་རི་ཧེ་ཡི་ཉེན་ཆས་གསོག་ཉར་ཁང་དུ་འབར་རྫས་ཏུན་ ༧༠༠ ཙམ་གསོག་ཉར་བྱས་ཡོད་པའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་བསྒྲགས་མ་ཐག ཉེན་ཆས་མཛོད་ཁང་དེ་སྤྱིར་བཏང་གི་མཛོད་ཁང་ཞིག་མིན་པ་དབང་ཤུགས་ཀྱི་རྒྱབ་རྟེན་ཧ་ཅང་མཐུག་པོ་ཡོད་པའི་དོགས་འདྲོག་བྱུང་བ་མ་ཟད། ཚོང་གཉེར་ཁང་དེ་ཐིན་ཅིན་གྲོང་ཁྱེར་ནང་བཙུགས་ནས་ལོ་ངོ་ ༥ ཙམ་འགྲོ་བཞིན་ཡོད་ཀྱང་། དེའི་སྦྱིན་བདག་སུ་ཡིན་ད་དུང་ཡང་རྩད་ཆོད་ཀྱི་མེད་པ་དེ་ཧང་སང་དགོས་པའི་དྲི་གཞི་ཆེན་པོ་ཞིག་མ་ཡིན་ནམ།

འབར་གས་དོན་རྐྱེན་བྱུང་རྗེས། རྒྱ་ནག་ཆེས་མཐོའི་ཞིབ་བཤེར་ཁང་གིས་དངོས་སུ་རི་ཧེ་ཚོང་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་སོགས་འབྲེལ་ཡོད་མི་སྣ་ ༡༠ གྲངས་ཤིག་བཀག་ཉར་བྱས་པ་མ་ཟད། ལོ་མང་ནས་ཐིན་ཅིན་རྒྱལ་ཁབ་བདེ་འཇགས་རྟོག་ཞིབ་ལྷན་ཁང་གི་མགོ་ཁྲིད་ཀྱི་འགན་འཁུར་བའི་ཡཱང་ཏུང་ཉིང་ལ་ཞིབ་བཤེར་བྱེད་མགོ་བརྩམས་ཏེ། ཁོ་བོ་དེ་སྔོན་ཐིན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཡིན་སྐབས། ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་པའི་ཏི་ཤང་ལུང་ཐིན་ཅིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཡིན་པའང་གཞུང་འབྲེལ་གསར་ལམ་ནས་བསྒྲགས་ཡོད་སྟབས། ཐེངས་འདིའི་འབར་གས་དོན་རྐྱེན་གྱིས་གཅིག་བྱས་ན། ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཀྲང་གོ་ལི་སོཊ་ཡུན་རིང་ནས་ཐིན་ཅིན་གྲོང་ཁྱེར་ནང་དབང་ཤུགས་བཀོལ་བསྡད་པའི་ཅང་ཙེ་མིན་གྱི་ཕྱོགས་གཏོགས་དཔོན་རིགས་ཚོར་ས་ཡོམ་ཆེན་པོ་ཞིག་སློང་སྲིད་པ་རེད།

དོན་རྐྱེན་འདི་མ་བྱུང་གོང་སྟེ་ཕྱི་ཟླ་ ༧ ནང་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་རེ་འགའ་ཞིག་གིས། ཕྱི་ཟླ་ ༨ པའི་ནང་འཚོགས་འཆར་ཡོད་པའི་པི་ཏེ་ཧི་གསང་བའི་ཚོགས་འདུ་ཐིན་ཅིན་པིན་ཧེ་རུ་འཚོགས་རྒྱུ་ཡིན་སྐོར་བརྗོད་ཡོད་ལ། ཏག་ཏག་འབར་གས་ཆེན་མོ་དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༡༢ ཉིན་གྱི་དགོང་མོར་ཐིན་ཅིན་པིན་ཧེ་རུ་བྱུང་སོང་། འོ་ན་དོན་རྐྱེན་དེའི་ཐོག་མའི་འབྱུང་རྐྱེན་ཅི་ཞིག་ཡིན་ནམ། རྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པ་ལྟར་དངོས་གནས་རླངས་འཁོར་ཞིག་ལ་གློ་བུར་དུ་མེ་འབར་ནས་བྱུང་བ་ཡིན་ནམ། གལ་སྲིད་ཡིན་པའི་དབང་དུ་བཏང་ན། དེ་གློ་བུར་དུ་བྱུང་བའི་རྐྱེན་ངན་ཞིག་ཡིན་ནམ་ཡང་ན་ལྐོག་ནས་བརྐྱངས་ཡོང་བའི་འདྲེ་ལག་གསུམ་པ་ཞིག་གི་གཡབ་མོ་ཡིན་ནམ། ཞི་ཅིན་ཕིན་གྱིས་ཅང་ཙེ་མིན་དང་ཙིན་ཆིན་ཧུང་ཚོགས་པར་ཕྱོགས་ཡོངས་ནས་མེ་བཙའ་ཤ་ལ་ཟིན་པ་ལྟར་ཚར་གཅོད་བྱེད་བཞིན་པའི་སྒང་འདིར། འབར་གས་དོན་རྐྱེན་དེ་ཅང་ཙེ་མིན་ཚོགས་པས་ཞི་ཅིན་ཕིན་ལ་འཕངས་བའི་ལྐོག་མདའ་ཞིག་ཡིན་སྲིད་དམ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༡ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༡ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese