མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པ་རྫོང་ནས་སེར་སྐྱ་མང་པོ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྔ་པ་རྫོང་མཁར་དུ་གྲྭ་པ་གཉིས་དང་མི་སྐྱ་ཞིག་གིས་ཞི་རྒོལ་སྐད་འབོད་གནང་བར་བརྟེན་ཉེན་རྟོག་པས་སེར་སྐྱ་མང་པོ་བཙན་ཁྲིད་བྱས་ཡོད་འདུག
Adak 01ཁ་སང་སྔ་དྲོར་རྔ་པ་ཀིརྟི་དགོན་གྱི་ལོ་ ༢༠ ཙམ་ཡིན་པའི་གྲྭ་ཨ་གྲགས་ཞུ་བ་ཞིག་གིས་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་མ་ཐག་ཉེན་རྟོག་པས་རུབ་རྡུང་བྱེད་བཞིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་སྣ་ཚོགས་བྱས་པར་བརྟེན་ཉེན་རྟོག་པས་མི་མང་ནང་གང་བྱུང་གཅར་རྡུང་བཏང་ཡོད་པ་མ་ཟད། མི་མང་པོ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་ཁོང་ཚོའི་མིང་དང་ས་གནས་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

 

གྲྭ་ཨ་གྲགས་ལགས་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བའི་ཕ་འཛམ་པ་ དང་། མ་རིག་ཁོ་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆུང་ཤོས་ཡིན་ལ། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་ འཛིན་གྲྭ་ཡིན་འདུག་ཅིང་། ཕྱི་ལོ་༢༠༡༢ ལོར་ཁོང་གི་ཚ་བུ་གྲྭ་བློ་བཟང་ཚུལ་ཁྲིམས་ལ་ཡང་རང་ལུས་མེར་སྲེག་དང་འབྲེལ་བ་ ཡོད་པའི་ཉེས་འཛུགས་བྱས་ཏེ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་དེང་སྐབས་བཙོན་ཁང་དུ་ཡོད་མུས་ཡིན་འདུག
གཞན་ ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། མི་སྐྱ་སྐོར་ཞིག་གིས་ཀྱང་ཁ་སང་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་རྫོང་མཁར་གྱི་ ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་བྱས་ཡོད་པའི་ གནས་ཚུལ་ཐོན་ཡོད་ཀྱང་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
Lobsang 01ཡང་ཁ་སང་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦ པ་ཙམ་ལ། རྔ་པ་ཀིརྟི་དགོན་པའི་གྲྭ་རང་ལོ་ ༢༢ ཡིན་པ་བློ་བཟང་ཞུ་བ་ཞིག་གིས་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ངོ་རྒོལ་སྐད་འབོད་ བྱས་པ་དང་། དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། གྲྭ་བློ་བཟང་ལགས་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སྒ་ཚེ་དང་མ་གནས་སྐྱིད་གཉིས་ལ་བུ་བུ་མོ་ལྔ་ལྷག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག
བདུན་ཕྲག་འདིའི་ནང་བསྟུད་མར་ངོ་རྒོལ་སྐད་འབོད་གནང་མཁན་བཞི་བྱུང་ཡོད་པ་ཚང་མ་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་དང་། གནས་སྟངས་ག་འདྲ་ཡིན་སོགས་ཟུར་ཙམ་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁ་སང་བོད་ནང་གི་ཉིན་གུང་ཙམ་ནསབཟུང་མི་སྒེར་གྱིས་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་ཡོངས་རྫོགས་བཅད་ཅིང་། ཁྲོམ་གཞུང་དང་ལམ་གྱི་བཞི་མདོ་ཁག་ལ་ཉེན་རྟོག་པའི་སྤྱི་སྤྱོད་རླངས་འཁོར་དང་རླངས་འཁོར་ཆུང་བ་མང་རུ་བཏང་ནས་ཉེན་རྟོག་པ་ཁ་སྣོན་བྱས་ཡོད་པ་སོགས་དམ་དྲག་ཤུགས་ཇེ་ཆེར་བཏང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. བོད་མི་དམངས། says:
    ལོ་ 11 སྔོན།

    བོད་ཀྱི་བསྟན་སྲིད་མི་རིགས་ཆེད་རང་སྲོག་མེར་བསྲེགས་གནང་༡༤༣ གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་གཞིས་བཞུགས་བོད་རིགས་སྤུན་ཟླའི་སྙིང་སྟོབས་དང་སེམས་ཤུགས། མི་རིགས་འདུ་ཤེས་བཅས་ལ་གུས་པས་ནམ་ཡང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསྔགས་བརྗོད་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese