མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་བ་རྫོང་ནས་མི་མང་པོ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྔ་བ་རྫོང་མཁར་དུ་བོད་མི་སེར་སྐྱ་མང་པོས་རྒྱ་གཞུང་གི་བཙན་གནོན་ལ་ཞི་རྒོལ་གནང་བར་བརྟེན་ཉེན་རྟོག་པས་ཞི་རྒོལ་བ་མང་པོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

Ngapa 017འདི་ཟླའི་ཚེས་ ༡༠ ཉིན་གྱི་ཉིན་གུང་རྔ་བ་རྫོང་གི་ཁྲོམ་གཞུང་དུ། ཕོ་གསར་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བ་དང་དུས་མཚུངས་སུ། མི་མང་གིས་དེར་མཐུད་ནས་སྐད་འབོད་གནང་སྐབས། ཉེན་རྟོག་པས་མི་མང་གི་ཁྲོད་ནས་ལོ་ན་ ༦༤ ཙམ་ཡིན་པའི་ཨ་མ་གུས་མོ་ལགས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་མོ་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ནམ་མཁའ་ཚང་གི་ཡིན་ཞིང་། ཁོང་མོར་བཟའ་ཟླ་སོགས་ནང་མི་དགུ་ཡོད་པ་དང་། ཁོང་མོ་རྒྱུན་དུ་རྔ་བ་རྫོང་མཁར་གྱི་གཞུང་ལམ་གཙང་མ་བཟོ་བའི་ལས་ཀར་ཉིན་གླ་བྱས་ནས་འགྲོ་གི་ཡོད་ཅིང་། ཁོང་མོ་འཛིན་བཟུང་ཐེབས་པའི་སྔར་རྗེས་ཀྱི་གནས་ཚུལ་གསལ་བོར་ཤེས་རྟོགས་བྱུང་ཐུབ་མེད་པ་མ་ཟད། ཉིན་དེར་ངོ་རྒོལ་གནང་མཁན་ཕོ་གསར་གཉིས་དང་གཞན་མི་མང་ཁག་ཅིག་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་རྣམས་པའི་མིང་དང་ཕ་ཡུལ་སོགས་ཤེས་རྟོགས་བྱུང་མེད་པ་རེད།

འདི་ཟླའི་ཚེས་ ༡༡ ཉིན་རྔ་བ་ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་དགེ་འདུན་པ་ལྔ་ལྷག་མཉམ་དུ་དབྱར་གནས་ས་ཚིགས་བརྒལ་ནས་འགྲོ་སྐབས་ཉེན་རྟོགས་པས་དོན་མེད་ལ་འཛིན་བཟུང་བཙན་ཁྲིད་ཀྱིས་བཀག་ཉེར་བྱས་ཡོད་ཅིང་། ཉིན་གཉིས་གསུམ་གྱི་རྗེས་སུ་དགེ་འདུན་པ་གཞན་རྣམས་ཀློད་གྲོལ་བཏང་ཡོད་ནའང་། རང་ལོ་ ༢༢ ཡིན་པའི་གྲྭ་བློ་བཟང་བསམ་ནམས་ད་དུང་བཀག་ཉར་བྱས་ཡོད་འདུག་ལ། ཁོང་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་ལགས་དང་མ་ཚེ་རིང་སྒྲོལ་མ་ལགས་གཉིས་ཀྱི་བུ་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་གྲས་ཀྱི་ཆེ་ཤོས་ཡིན་ལ། ཆུང་ཆུང་སྐབས་ནས་ཁོང་རྔ་བ་ཀིརྟི་དགོན་པར་གྲྭ་བ་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་ཉར་བྱས་དོན་སོགས་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་བྱུང་མི་འདུག

དེ་མིན་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་བོད་ནང་གི་ཞོགས་ཀའི་དུས་ཚོད་༨:༣༠ ཙམ་ལ་ལོ་ན་ ༢༩ ཡིན་ཞིང་མི་ལ་རྡོ་རྗེ་སྒྲོལ་མ་ཟེར་བའི་བོད་རིགས་བུད་མེད་ཅིག་གིས། རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་གནང་ཡོད་ཀྱང་། དེ་མ་ཐག་ཉེན་རྟོག་པ་བཅུ་གྲངས་ཤིག་ཡོང་ནས་ཁོང་མོ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ཁོང་མོ་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་བསྟན་དར་ཚང་གི་ཕ་རྡོ་རྗེ་རབ་བརྟན་དང་མ་རྟ་མགྲིན་འཚོ་གཉིས་ལ་བུ་བུ་མོ་བཞི་ཡོད་པའི་གྲས་ཀྱི་གཉིས་པ་དེ་ཡིན་ཞིང་། ཁོང་མོར་ད་དུང་ཕྲུ་གུ་གཉིས་ཡོད་པ་རེད། ད་ལྟའི་བར་ཁོང་མོ་ས་གནས་གང་དུ་བཀག་ཉེར་བྱས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཞིག་འབྲེལ་ཡོད་སུས་ཀྱང་རྩད་གཅོད་དང་ཤེས་རྟོགས་ཐུབ་ཡོད་པ་མ་རེད།

གནས་ཚུལ་འབྱོར་བ་ལྟར་ན། དེང་སྐབས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་སུ་ཉེན་རྟོག་པས་རྒྱུན་དུ་ལྟ་སྲུང་ནན་མོ་བྱས་ཡོད་པ་མ་ཟད། གཞུང་གི་ལས་ཁུངས་ཁག་མ་གཏོགས་གཞན་པའི་དྲ་ལམ་ཡོངས་རྫོགས་མུ་མཐུད་དུ་བཀག་སྡོམ་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པ། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས།

འབྲེལ་ཡོད་གསར་འགྱུར།

པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

སྐར་མ ༤༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese