ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་མཚན་མོར་དྷ་རམ་ས་ལར་ཡོང་བའི་ཨ་རིའི་བུད་མེད་ཡུལ་སྐོར་བ་ཞིག་ལ་སྐྱེས་པ་གཉིས་ཀྱིས་བཙན་གཡེམ་བྱས་ཡོད་འདུག
གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རི་ནས་ཡིན་པའི་བུད་མེད་ཡུལ་སྐོར་བ་ཞིག་གིས། དྷ་རམ་ས་ལའི་ཁྲོམ་སྲང་དུ་འགྲོ་བཞིན་པའི་སྐབས་སུ་མི་ཞིག་གིས་ཁོ་མོ་དྲན་མེད་བརྒྱལ་བཅུག་རྗེས། ས་སྟོང་ཞིག་ཏུ་ཁྱེར་ཕྱིན་ཏེ་བཙན་གཡེམ་བཏང་ཡོད་འདུག
བུད་མེད་དེས་རྒྱ་གར་ཉེས་དོན་ཁྲིམས་ཁང་ (IPC) དུ་ནག་ཉེས་ཞུ་གཏུག་གི་ཡི་གེ་ཕུལ་བའི་ནང་། ཕྱི་ཟླ་ ༩ ཚེས་ ༡༤ ཉིན་གྱི་མཚན་མོར་ཁོ་མོ་ཁྲོམ་སྲང་དུ་ཉོ་ཅ་རྒྱག་པར་འགྲོ་སྐབས། གར་ཡོང་འདིར་ཡོང་མེད་པའི་སྐྱེས་པ་གཉིས་ཀྱིས་རྒྱབ་ཕྱོགས་ནས་ཁོ་མོར་ཤུགས་ཆེན་གཞུས་ཏེ་དྲན་མེད་དུ་བརྒྱལ་བཅུག་ཡོད་པ་དང་། དེ་ནས་སྐྱེས་པ་དེ་གཉིས་ཀྱིས་ཁོ་མོ་ས་སྟོང་ཞིག་ཏུ་ཁྱེར་ཕྱིན་ཏེ་བཙན་གཡེམ་བཏང་ཡོད་སྐོར་བརྗོད་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེས་དོན་ཁྲིམས་ཁང་གིས། ཁོ་མོའི་བཙན་གཡེམ་གྱི་ཉེས་དོན་ཐོ་འགོད་བྱས་ཡོད་པ་མ་ཟད། རྒྱ་གར་དམིགས་བསལ་རྟོག་ཞིབ་ཚན་པས་ (SIT) བུད་མེད་དེ་རྒྱ་གར་སྨ་ཁང་དུ་ཁྲིད་ནས་བརྟག་དཔྱད་སྨན་བཅོས་བྱས་ཡོད་པ་དང་། ད་ལྟའི་ཆར་ཉེས་དོན་དེའི་ཐད་ཞིབ་བཤེར་དང་ཉེས་ཅན་སྐྱེས་པ་དེ་གཉིས་རྩད་གཅོད་བྱེད་བཞིན་ཡོད་འདུག
བཙན་གཡེམ་ཐེབས་པའི་བུད་མེད་དེ་ད་ལྟ་ལོ་ན་ ༤༦ ཡིན་པ་དང་། ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡ་ནས་ཡིན་ཞིང་། ཁོ་མོ་དྷ་རམ་ས་ལར་མ་ཡོང་སྔོན་དུ་ཀུ་ལུ་ (Kullu) དང་མ་ན་ལེ་ (Manali) སོགས་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་ཅིག་ལ་སྤྲོ་འཆམ་དུ་ཕྱིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།
གཡེམ་ན་གཡེམ་ག་རེ་ཡོད་རེད