མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གྱི་རླངས་འཁོར་བཀག

བོད་ཀྱི་དུས་བབ།
༢༠༡༥/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་བསྐྱོད་པའི་ལམ་བར་དུ་ངོ་རྒོལ་བས་ཁོ་བོའི་རླངས་འཁོར་བཀག་སྟེ་ངོ་རྒོལ་ཤུགས་ཆེན་བྱས་འདུག

People hold up photos of alleged victims of persecution during a protest in front of the White House ahead of the upcoming state visit of Chinese President Xi Jinping September 16, 2015 in Washington, DC. AFP PHOTO/BRENDAN SMIALOWSKIརྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་རྒྱལ་དོན་སྐོར་སྐྱོད་དུ་བསླེབས་ཏེ་ཨ་རིའི་ཕོ་བྲང་དཀར་བོའི་ནང་བསྐྱོད་པའི་ལམ་བར་དུ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོས་བོད་ཀྱི་ཚོགས་པ་ཁག་དང་། ཡུ་གུར་དང་རྒྱ་ནག་དམངས་གཙོ་དོན་གཉེར་ཚོགས་པ། དེ་བཞིན་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་སོགས་ནས་ངོ་རྒོལ་འབོད་ཚིག་༼ཅང་ཙེ་མིན་ཁྲིམས་ལ་སྦྱར་དགོས་༽ཞེས་པ་སོགས་ཀྱི་འཕྲེད་དར་འཕྱར་ནས་ཞི་རྒོལ་བྱས་ཡོད་པ་དང་། ཕྱི་སྡོད་རྒྱ་རིགས་འཐབ་རྩོད་པ་མཱ་ཡོན་ཐེན་(Ma Yongtian) གྱི་གཙོས་རྒྱ་རིགས་ཁག་ཅིག་གིས་ཞི་ཅིན་ཕིན་གྱི་རླངས་འཁོར་ཐེངས་ཁ་ཤས་ལ་བཀག་ཡོད་པ་མ་ཟད། རླངས་འཁོར་མདུན་དུ་འཕྲེད་ཉལ་བྱས་ཏེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་སྟབས། ཞི་རྒོལ་བ་མཱ་ཡོན་ཐེན་ཨ་རིའི་ཉེན་རྟོག་པས་ཆུ་ཚོད་གསུམ་ལ་བཀག་གཉེར་བྱས་ཡོད་འདུག གཞན་ཡང་། ཟླ་འདིའི་ཚེས་ ༢༦ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་གཏམ་བཤད་སྤེལ་སྐབས། དཔོན་རིགས་མང་པོ་ཚོགས་བཅར་བྱས་མེད་སྟབས། རྐུབ་བཀྱག་མང་ཆེ་ཤོས་སྟོང་པར་ལྷག་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་མཉམ་བཞུགས་བྱེད་སྐབས། ཨ་རིའི་སྲིད་འཛིན་ཨོ་བྷ་མས། ང་ཚོས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ང་ཚོས་མུ་མཐུད་དུ་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་། ༧ཏཱ་ལའི་བླ་མ་མཆོག་དང་ཁོང་གི་སྐུ་ཚབ་མཉམ་དུ་འབྲེལ་མོལ་བྱ་རྒྱུར་སྐུལ་མ་བྱེད་ཀྱི་ཡོད། ཅེས་སོགས་བརྗོད་འདུག

ཕྱི་སྡོད་རྒྱ་མིའི་དྲ་རྒྱ་ཏཱ་ཅི་ཡོན་གྱི་ཐོག་རྐུན་ཇག་འཛིན་དུས་སྔོན་ལ་གཏེ་བོ་འཛིན་དགོས། ཅང་ཙེ་མིན་འཛིན་དགོས་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཅང་ཙེ་མིན་གྱིས་ཆོས་འཁོར་རྩ་རླུང་ལ་གནོད་སྐྱོན་བཟོས་པ་དང་རྒྱ་ནག་གཞུང་གི་ལས་ཀྱི་སྣེ་མོ་བ་ཡོད་ཚད་རུལ་སུངས་ཏུ་གྱུར་ཡོད་པ་དང་། ཁྲིམས་ལུགས་མགོ་གཏིང་སློག་པ། དཔལ་འབྱོར་ཡ་མ་ཟུང་གིས་ཡར་རྒྱས་སོང་བ། རང་བྱུང་ཁོར་ཡུག་འབག་བཙོག་བཟོས་པ།  སྤྱི་ཚོགས་ཀུན་སྤྱོད་མ་རབས་ཐ་ཤལ་ཅན་དུ་གྱུར་པའི་མཇུག་འབྲས་བྱུང་བ་སོགས་བཀོད་ཡོད་པ་དང་། ཡང་རྩོམ་ཡིག་དེའི་ནང་། རྒྱ་ནག་གཞུང་འཛིན་པའི་ལྐོག་ཟ་རུལ་སུངས་དང་གཡེམ་སྤྱོད་ཀྱི་ཚད་མཐོ་ཤོས་སུ་བསླེབ་ཡོད་སྐོར་སོགས་བཀོད་འདུག

ཨ་རིའི་ཇའོ་ཇེ་མཱ་སོན་ (George Mason University) གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲང་ཐེན་ལེང་ (Zhang Tianliang) གིས། སྤྱིར་བཏང་སྐྱེས་ཐོབ་ཀྱི་ཤེས་རབ་ཡོད་པའི་མི་དཀྱུས་མ་ཞིག་གིས་མི་ཡག་པོ་ཞིག་ལ་གནོད་པ་བྱ་མི་སྲིད། ཅང་ཙེ་མིན་གྱིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུག་པ་རྩ་མེད་བཟོ་ཆེད། ཀུན་སྤྱོད་དབེན་པའི་མི་ཐ་ཤལ་དག་དངུལ་སྒོར་གྱིས་ཉོས་དེ་བེད་སྤྱོད་བཏང་ཡོད་སྟབས། རྒྱ་ནག་གཞུང་འཛིན་པའི་སྡེའི་གོང་ནས་འོག་བར་གྱི་དབང་འཛིན་པ་ཚང་མས་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་འདུག ཅང་ཙེ་མིན་གྱིས་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་གནོད་སྐྱོན་བཟོས་པའི་བརྒྱུད་རིམ་ཁྲོད། ཁོས་རྒྱ་ནག་གི་བཅའ་ཁྲིམས་ལ་གཏོར་སྐྱོན་ཚབས་ཆེན་བཏང་པ་དང་། སྔོན་ཆད་ཧུའུ་ཡོ་པང་དང་ཀྲོ་ཙེ་ཡཱང་། ཆའོ་ཧྲི། ཁོ་ཚོས་རྒྱ་ནག་ནང་ལ་བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་ཤིག་འཛུགས་རྒྱུའི་དམིགས་འབེན་ཡོད་ཀྱང་། བཅའ་ཁྲིམས་ཀྱི་སྒྲིག་ཁྲིམས་ངོ་མས་མུ་མཐུད་དུ་གནོད་སྐྱོན་བྱ་མི་སྲིད་སྟབས། ཅང་ཙེ་མིན་གྱིས་རྒྱ་ནག་གི་ཁྲིམས་ལུགས་ཡོངས་རྫོགས་ལ་གཏོར་བཤིག་བཏང་རྗེས། རྒྱ་ནག་སྤྱི་ཚོགས་དེ་འབུ་ཆེ་བས་ཆུང་བ་ཟ་ཡི་ཡོད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་དང་། སུ་ལ་དབང་ཆ་ཡོད་ན་དེས་རང་སྣང་གང་དྲན་བྱེད་པ་རེད། ཅེས་སོགས་བརྗོད་འདུག

ཁ་སང་འཛམ་གླིང་རྒྱལ་ཁབ་ ༨༠ ལྷག་གི་ཆེས་མཐོའི་དཔོན་རིགས་ལྷན་འཛོམས་སྐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་སྒྲིག་འོག་ཆེས་མཐོའི་འཛམ་གླིང་བུད་མེད་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་བསྐོངས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོབ་ཚན་པར་ཨ་སྒོར་ས་ཡ་ ༡༠ ཞལ་འདེབས་སུ་འབུལ་རྒྱུ་དང་། འབྱུང་འགྱུར་གྱི་ལོ་ ༥ ཡི་ནང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་མ་བུའི་བདེ་ཐང་ལྟེ་གནས་ཁང་ ༡༠༠ དང་བུད་མེད་སློབ་གྲྭ་ཁག་ ༡༠༠ འཛུགས་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese