མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིཊ་དཔོན་པོས་བོད་མིར་བཙན་སྐུལ་བྱས།

བོད་ཀྱི་དུས་བབ།
༢༠༡༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

འབྲི་རུ་རྫོང་གི་མགོ་ཁྲིད་སངས་རྒྱས་བཀྲ་ཤིས་ཟེར་བ་ཞིག་གིས་བཙན་པོ་དབང་ཡོད་ཀྱིས་འབྲི་རུ་རྫོང་རྒྱ་ཤོད་སེན་ཚ་གྲོང་ཚོའི་མི་མང་གི་ས་ཁང་གཏོར་བཤིག་གཏོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཏེ་ཡུལ་མི་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

 

04རྒྱ་ཤོད་བསྟན་འཛིན་རབ་བརྟན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འབྲི་རུ་རྫོང་གི་མགོ་ཁྲིད་སངས་རྒྱས་བཀྲ་ཤིས་ཟེར་བ་ཞིག་གིས། ཉེ་བའི་ལོ་ཤས་ནས་བཟུང་མི་མང་ལ་ཚད་ལས་བརྒལ་བའི་དཀའ་སྡུག་བཟོས་ཡོད་པ་ཡོངས་གྲགས་ཡིན་ལ། ད་སྐབས་ཡང་འབྲི་རུ་རྫོང་རྒྱ་ཤོད་སེན་ཚ་གྲོང་ཚོའམ་གཡང་ཤོད་གྲོང་ཚོ་དང་། པད་དཀར་གྲོང་ཚོ་གཉིས་ཀྱི་ནང་མི་མང་གིས་བཟོད་དཀའ་བའི་ཇུས་ངན་སྣ་ཚོགས་ཤིག་ལག་བསྟར་བཞིན་ཡོད་པ་དང་། འབྲི་རུ་རྒྱ་ཤོད་སེན་ཚ་གྲོང་ཚོའམ་གཡང་ཤོད་གྲོང་ཚོའི་དུད་ཁྱིམ་སོ་སོར་མི་རབས་ནས་བདག་པའི་ས་ཞིང་དང་། བོད་ལུགས་སྡོད་ཁང་། ཁང་པའི་ར་སྐོར་ཡོད་དོ་ཅོག་བཙན་དབང་གིས་གཏོར་བཤིག་གཏོང་གིན་ཡོད་པ་དང་། སྡོད་ཁང་རྒྱ་ཆེན་པོ་ཡོད་པའི་དུད་ཁྱིམ་རྣམས་ལ་ཁྲིམས་མེད་ལུགས་མེད་ཀྱིས་སྐྱོན་བརྗོད་དང་འབྲེལ། དེ་སྔའི་སྡོད་ཁང་བཤིག་སྟེ་རྒྱལ་ཁབ་ཀྱི་ཚད་ཡོད་ཁང་པ་གསར་རྒྱག་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་མ་ཟད། ས་གནས་བོད་མི་ཚོའི་སྡོད་ཁང་གཏོར་བའི་གླ་དངུལ་ཡང་སྤྲོད་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་འདུག

 

ས་གནས་བོད་མི་ཚོས་ཆབ་མདོ་ནས་ཡིན་པའི་སངས་རྒྱས་བཀྲ་ཤིས་ཟེར་བ་དེའི་དམིགས་ཡུལ་ནི་ས་གནས་མི་མང་གི་ཁང་ཞིང་དང་ར་སྐོར་བཅས་བཙན་འཕྲོག་བྱས་ཏེ་གྱོང་གུད་ཆེན་པོ་བཟོས་རྗེས། ད་ལྟའི་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སེན་ཚ་གྲོང་ཚོ་རྒྱ་བསྐྱེད་གཏོང་བར་ཁ་གཡར་ཏེ་རྒྱ་མི་ནང་འདྲེན་གྱིས་རྒྱ་སྡེ་ཅན་དུ་བསྒྱུར་རྩིས་ཡིན་སྐོར་བརྗོད་འདུག

 

02འདི་ལོའི་ཕྱི་ཟླ་ ༨ པ་ནང་རྒྱ་གཞུང་གི་བཙན་བཀའི་འོག་སེན་ཚ་གྲོང་ཚོའི་མི་མང་ཚང་མས་སྔར་ལས་རྟ་རྒྱུགས་དུས་ཆེན་ལ་མཉམ་ཞུགས་བྱས་ཏེ་དགའ་སྤྲོའི་རྣམ་པ་སྟོན་ཐབས་བྱེད་དགོས་པ་དང་། སྐབས་དེར་ངེས་པར་དུ་སྟག་པགས་དང་གཟིག་པགས་ཀྱི་རྒྱན་གོས་གྱོན་དགོས་པའི་བཙན་བཀའ་ཡང་བཏང་ཡོད་འདུག ཡིན་ནའང་། བོད་མི་ཚོས་པགས་རིགས་མ་གྱོན་པར་བརྟེན་སྟག་པགས་དང་གཟིག་པགས་ཀྱི་རྒྱན་གོས་བཙན་གྱིས་རྟ་རྒྱུགས་སྐབས་མང་ཚོགས་ལ་འགྲེམས་སྟོན་བྱེད་དུ་བཅུགས་ཡོད་པ་དང་།   འདས་ལོའི་ཕྱི་ཟླ ༡༡ ནང་སེན་ཚ་གྲོང་ཚོའི་མགོ་ཁྲིད་ངག་དབང་སྨོན་ལམ་ཟེར་བ་ཞིག་དམར་གསོད་བཏང་བའི་གནད་དོན་ཡང་བྱུང་ཡོད་ཀྱང་། ད་དུང་སངས་རྒྱས་བཀྲ་ཤིས་དང་ཁོའི་ལག་རོགས་གཡང་ཤོད་གྲོང་ཚོའི་མགོ་ཁྲིད་དམ་ཆོས་རིན་ཆེན་ཟེར་བ་གཉིས་ངན་འབྲེལ་གྱིས་མུ་མཐུད་མི་མང་ལ་གཉའ་གནོན་བཤུ་གཞོག་གི་བྱ་སྤྱོད་སྤེལ་བཞིན་ཡོད་པ་མ་ཟད། གལ་ཏེ་བཙན་བཀའ་ལ་མ་ཉན་ཚེ་བཙོན་འཇུག་ཁྲིམས་གཅོད་དང་ཡུལ་མི་རྣམས་དབྱར་རྩ་དགུན་འབུ་བརྐོ་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་གཏོང་བཞིན་ཡོད་འདུག

 

གཞན་ཡང་འབྲི་རུ་རྒྱ་ཤོད་པད་དཀར་གྲོང་ཚོའི་རྡོ་རྟེང་དགོན་ངོ་མཚར་ཕུན་ཚོགས་གླིང་ཞེས་པའི་བོན་དགོན་རྙིང་གྲས་ཤིག་ཡོད་པ་དེའི་ནང་། ལོ་ཤས་གོང་ནས་བཟུང་མཚན་ཉིད་འཛིན་གྲྭ་བཙུགས་ཏེ་མཚན་ཉིད་ཀྱི་དགེ་རྒན་ཁྱུང་པོ་སོགས་ས་ཕྱོགས་གཞན་ནས་གླས་ཏེ། ད་བར་སློབ་གཉེར་བ་མང་པོར་ཕན་ཐོགས་ཆེན་པོ་བྱུང་སྟེ་ས་གནས་ཀྱི་ཤེས་ཡོན་ཡར་རྒྱས་ཕྱིན་པའི་རྣམ་པ་ཆེས་ཆེར་མངོན་ཐུབ་ཡོད་པ་མ་ཟད། ད་ལྟའི་ཆར་མཚན་ཉིད་སློབ་གཉེར་བ་ ༦༠ ཙམ་གྱིས་ཚད་མ་རིག་པར་སྦྱང་བརྩོན་བྱེད་བཞིན་ཡོད་ཀྱང་། སྟབས་མ་ལེགས་པར་ད་སྐབས་རྫོང་དང་གྲོང་ཚོའི་དཔོན་རིགས་ཚོས་མཚན་ཉིད་འཛིན་གྲྭ་གཏན་འགོག་བྱས་ཡོད་སྟབས། ཡུལ་མི་ཚོས་ཧ་ཅང་བློ་ཕམ་བྱེད་ཀྱི་ཡོད་འདུག དེ་བཞིན་པད་དཀར་དགོན་པའི་ལྷག་བསམ་ཅན་གྱི་དགེ་སློང་སྙན་གྲགས་ཞུ་བ་ཞིག་གིས། ཕྱི་ལོ་ ༢༠༠༧ ལོར་ཁོང་སྐུ་སྒེར་གྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། ཡང་སྒོས་ཡུལ་ལུང་དེའི་གཞོན་སྐྱེས་ཚོར་དམིགས་ཏེ་བོད་ཀྱི་གསོ་བ་རིག་པའི་སློབ་གྲྭ་ཞིག་ཆེད་བཙུགས་གནང་ནས་སློབ་མ་བརྒྱ་ལྷག་ལ་བོད་ཀྱི་གསོ་བ་རིག་པའི་གཙོས་སུམ་རྟགས་དག་གསུམ་གྱི་སློབ་སྦྱོང་ཚད་ལྡན་སྤྲོད་བཞིན་པའི་སྐབས་སུ། རྒྱ་གཞུང་གིས་གཏན་དུ་སྒོ་བརྒྱབ་ཏེ་སློབ་གྲྭའི་དགེ་སློབ་ཚང་མ་ཅི་བྱ་གཏོལ་མེད་གྱི་གནས་སུ་གྱར་ཡོད་འདུག

 

06རྒྱ་ཤོད་པད་དཀར་གྲོང་ཚོ་ཡ་ང་བྱ་མདའ་དགའ་ལྡན་མཁའ་སྤྱོད་གླིང་དུ་བཙུན་མ་ ༢༠༠ ཙམ་ཡོད་ཀྱང་། འདི་ལོའི་བོད་ཟླ་ ༨ པའི་ཚེས་ ༡༤ (ཕྱི་ཟླ་ ༩ ཚེས་ ༢༧ )ནས་མགོ་བཙུགས་ཏེ་ཉིན་གསུམ་རིང་འབྲི་རུ་རྫོང་གི་མགོ་ཁྲིད་སངས་རྒྱས་བཀྲ་ཤིས་ཟེར་བ་བཙུན་དགོན་དེར་ཆེད་བཅར་གྱིས། བཙུན་མ་ ༢༠༠ ཙམ་ཡོད་པའི་ནང་ནས་བཙུན་མ ༡༠༠ འདི་ལོར་སླར་ཡང་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། སྔར་ལོའི་ད་ཚོད་ཅིག་ལ་ཡང་ཁོ་བོའི་ངན་ཇུས་འོག་བཙུན་དགོན་དེའི་བཙུན་མ་ ༢༦ ཕྱིར་ཕུད་བཏང་ཡོད་འདུག དེ་བཞིན། ད་ལྟའི་ཆར་བྱ་མདའ་དགོན་དུ་བཙུན་མ་བརྒྱ་ལྷག་ཡོད་པའི་ཁྲོད་ནས་ ༤༩ ཚད་བཀག་ཆོག་མཆན་ཡོད་པའི་སྒྲིག་མཐུན་ཚོགས་ཞུགས་བའི་གྲས་སུ་བཞག་ཡོད་པ་དང་། གཞན་བཙུན་མ་ ༥༡ སློབ་གཉེར་དང་སྒྲིག་ཞུགས་ཀྱི་ཐོབ་ཐང་མེད་པར་དགོན་པ་དེའི་འཛིན་སྐྱོང་དང་ཁྱབ་ཁོངས་ཚོང་ཁང་མགྲོན་ཁང་སོགས་ཀྱི་ལས་ཀ་བྱེད་མཁན་འབའ་ཞིག་ཏུ་བཞག་ཡོད་པ་དང་། ཕྱིར་ཕུད་ཟིན་པའི་བཙུན་མ་ ༡༠༠ ཡིས་རང་ཁྱིམ་དུ་གཟན་ཆས་གྱོན་མི་ཆོག་པ་དང་། གལ་སྲིད་གྲྭ་ཆས་གྱོན་པ་ཡིན་ན་ཁྲིམས་འགལ་ཡིན་པ་མ་ཟད། ཕྱིར་ཕུད་ཟིན་པའི་བཙུན་མ་ཚོའི་སྒེར་ཤག་ཚང་མ་བཤིག་དགོས་པའི་བཙན་བཀའ་བཏང་ཡོད་པ་དང་། དེ་བཞིན་ས་གནས་གཞན་དུ་སློབ་གཉེར་བྱེད་དུ་འགྲོ་མི་ཆོག་པ་དང་། གལ་སྲིད་སོང་བ་ཡིན་ན་གྲོང་ཚོའི་མགོ་ཁྲིད་དང་ཁྱིམ་ཚང་བཅས་བཙོན་འཇུག་བྱ་རྒྱུ་ཡིན་པའི་ཁར། ལོ་གསུམ་ལ་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་འདུག ཡང་སྒྲིག་ཞུགས་བཙུན་མའི་ཁོངས་སུ་རང་ལོ་ ༥༠ ལོན་ཚེ་དགོན་པའི་ནང་བཞུགས་མི་ཆོག་པར་ཐད་ཀར་རྒན་གསོ་ཁང་དུ་བཅུག་དགོས་པའི་བཙན་དཀའ་ཡང་གཏོང་བཞིན་ཡོད་འདུག

01

05གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

སྐར་མ ༡༨ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese