མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་ནང་ས་ཡོམ་བརྒྱབ།

བོད་ཀྱི་དུས་བབ།
༢༠༡༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁ་སང་ཨབ་གྷན་དང་པ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་ས་ཡོམ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་ཕོག་ཡོད་འདུག

 

_86341687_a375f022-8cc8-47bf-b2e6-9bf6b6160b8bཁ་སང་ཉིན་རྒྱབ་ཨབ་གྷན་བྷ་དྷ་ཁཱ་ཤཱན་ (Badakhshan) མངའ་སྡེའི་ཧིན་དྷུ་ཁུ་ཤི་ (Hindu Kush) རི་ཁུལ་དུ་ས་ཡོམ་རིམ་པ་ ༧།༥ ཅན་ཞིག་བརྒྱབ་སྟེ། ད་བར་ཨབ་གྷན་དང་པ་ཀི་སི་ཐན་གྱི་ཡུལ་མི་ ༥༡༥ རྐྱེན་འདས་དང་། མི་ ༤༠༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། གཞན་མི་མང་པོ་ཞིག་ཁང་བརྡིབ་ས་ཉིལ་སོགས་ཀྱི་འོག་ཏུ་ཤོར་ཏེ་བོར་བརླག་ཕྱིན་ཡོད་འདུག

 

རྒྱ་གར་གྱི་བརྒྱུད་ལམ་འགའ་རེ་ཐོག་ས་ཡོམ་དེའི་ཤུགས་ཚད་ ༧།༧ ཡིན་པའི་གནས་ཚུལ་བཀོད་ཡོད་ཅིང་། ས་ཡོམ་དེའི་ཤུགས་ཚད་རྒྱ་གར་དང་བྷང་ལ་དྷེ་ཤི་སོགས་ཨབ་གྷན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཐེབས་ཡོད་པ་མ་ཟད། རྒྱ་གར་ཧི་མ་ཅལ་དང་ལྡི་ལི་སོགས་སུའང་ཁང་པ་ཞིག་རལ་སོགས་ཀྱི་གནས་ཚུལ་ཕྲན་བུ་རེ་བྱུང་ཡོད་འདུག

 

དེ་རིང་པ་ཀི་སི་ཐན་གྱི་མཐོ་རིམ་ལས་བྱེད་ཅིག་གིས་གསར་ལམ་ཐོག ཐེངས་འདིའི་ས་འགུལ་ཁྲོད་ད་ནང་ཞོགས་པའི་ཆུ་ཚོད་ ༧ པའི་བར་མི་ ༢༠༦ རྐྱེན་འདས་དང་མི་ ༡༣༠༠ ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ས་ཁུལ་མང་པོ་ཞིག་ནང་གནོད་སྐྱོན་ཆེན་པོ་བཏང་ཡོད་སྟབས། ད་ལྟ་གཞུང་གིས་རྒྱལ་ཡོངས་ནང་ཛ་དྲག་གི་བཀའ་རྒྱ་བསྡམས་ཏེ་མྱུར་སྐྱོབ་ལས་དོན་སྒྲུབ་བཞིན་ཡོད་ཅེས་དང་། ཡང་ཨབ་གྷན་གྱི་ལས་བྱེད་ཅིག་གིས་ད་རེབ་ཀྱི་ས་ཡོམ་དེས་མངའ་སྡེ་ཁག་ ༧ ནང་གཏོར་སྐྱོན་ཐེབས་ཡོད་སྟབས། ད་ལྟ་གཞུང་གིས་གནོད་འཚེ་ཕོག་ཁུལ་དུ་དམག་མི་དང་མྱུར་སྐྱོབ་མི་སྣ་བཏང་སྟེ་མང་ཚོགས་ཀྱི་དཀའ་ངལ་སེལ་བཞིན་ཡོད་ཅེས་བརྗོད་འདུག

 

ཐེངས་འདིའི་ས་འགུལ་འདི་ནི་ཨབ་གྷན་དང་པ་ཀི་སི་ཐན་གྱི་ས་མཚམས་ཁུལ་དུ་བརྒྱབ་ཡོད་ཅིང་། ས་ཁུལ་དེ་དག་ནང་གཞུང་ལམ་བདེ་པོ་མེད་པ་དང་། མངའ་ཁུལ་གྱི་ས་ཆ་མང་པོ་ཞིག་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་ལག་ཏུ་ཚུད་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་ཉེན་སྐྱོབ་རུ་ཁག་ས་གནས་ས་ཐོག་ལ་དུས་ཐོག་འབྱོར་ཐུབ་ཀྱི་མེད་དཀའ་ངལ་འཕྲད་བཞིན་ཡོད་འདུག

 

ཨབ་གྷན་དང་དམིགས་བསལ་ཧིན་དྷུ་ཁུ་ཤི་ས་ཁུལ་ནི་ཡུ་ར་ཤན་དང་རྒྱ་གར་གྱི་ས་ཞོང་ནང་ཆགས་ཡོད་སྟབས། དུས་རྒྱུན་ས་ཁུལ་དེ་དག་ནང་ས་ཡོམ་ཡང་ཡང་རྒྱག་གི་ཡོད་པ་མ་ཟད། ཐེངས་འདིའི་ས་ཡོམ་གྱི་ས་འགུལ་ལྟེ་གནས་ནི་ ༢༠༠༥ ལོར་པ་ཀི་སི་ཐན་གྱི་མངའ་ཁུལ་ཀཱ་ཤི་མེར་ནང་ས་ཡོམ་རིམ་པ་ ༧།༦ ཅན་ཞིག་བརྒྱབ་སྟེ། མི་ ༧༥༠༠༠ ལྷག་འདས་གྲོངས་དང་མི་ས་ཡ་ ༣།༥ ལྷག་ཉེན་ཡོལ་འགྲོ་དགོས་ཁེལ་སའི་ས་ཁུལ་དང་ཐག་ཉེ་ཡིན་པ་མ་ཟད། འདི་ལོའི་བལ་ཡུལ་གྱི་ས་ཡོམ་བྱུང་སའི་ས་ཞོང་དང་གཅིག་པ་ཡིན་འདུག

 

ད་བར་ས་ཡོམ་གྱིས་ཨབ་གྷན་གྱི་ཡུལ་མི་ ༩༠ རྐྱེན་འདས་དང་མི་ ༣༠༠ ལྷག་ལ་རྨས་སྐྱོན། ཁང་པ་ ༤༠༠༠ ལྷག་གཏོར་སྐྱོན་བཏང་ཡོད་པ་དང་། པ་ཀི་སི་ཐན་གྱི་མངའ་སྡེ་ཀཱེ་བྷར་ (Khyber Pakhtunkhwa) གྱི་ཡུལ་མི་ ༢༡༤ དང་པན་ཇབ་མངའ་སྡེའི་མི་ ༥། ཀཱ་ཤི་མེར་མངའ་སྡེའི་མི་ ༩ ། དེ་མིན་ས་ཁུལ་ཁག་ཅིག་གི་ཡུལ་མི་འགའ་འདས་གྲོངས་སུ་འགྱུར་ཡོད་པ་དང་། མི་ ༡༦༤༢ ལྷག་ལ་རྨས་སྐྱོན་དང་སྡོད་ཁང་ ༡༠༠༠༠ ལྷག་ལ་གཏོར་སྐྱོན་ཐེབས་ཡོད་འདུག

 

_86341689_2f2a9e80-c608-4eed-b65b-373a2b75f53fམདང་དགོང་ཨབ་གྷན་དང་པ་ཀི་སི་ཐན་མགོ་ཁྲིད་རྣམ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་བརྒྱུད་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པའི་ནང་མི་ཉེ་འདུ་ཚོར་ཐུགས་གསོ་དང་། མྱུར་སྐྱོབ་ལས་དོན་གང་མགྱོགས་སྒྲུབ་རྒྱུ་ཡིན་པའི་གཏམ་བཤད་སྤེལ་ཡོད་པ་མ་ཟད། རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་སྲིད་འཛིན། རྒྱ་ནག་གི་སྲིད་འཛིན། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་རྒྱ་གྲམ་དམར་པོ་སོགས་རྒྱལ་སྤྱིའི་རྒྱལ་ཁབ་དང་སྒྲིག་འཛུགས་ཁག་གི་མགོ་ཁྲིད་ཚོས། ཨབ་གྷན་གྱི་སྲིད་འཛིན་དང་པ་ཀི་སི་ཐན་གྱི་སྲིད་བློན་ལ་ཁ་པར་བཏང་སྟེ། གདུང་སེམས་མཉམ་སྐྱེད་ཞུས་པ་དང་འབྲེལ་རོགས་རམ་གང་དགོས་ཀྱང་ཞུ་རྒྱུ་ཡིན་སྐོར་བརྗོད་པ་དང་། དེ་རིང་ཉིན་རྒྱབ་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་ནས་ཀྱང་གནོད་འཚེ་ཕོག་ཡུལ་དུ་ཉེན་སྐྱོབ་མི་སྣ་གཏོང་རྒྱུ་མ་ཟད། རྒྱལ་སྤྱི་རྒྱལ་ནང་གི་རོགས་སྐྱོར་བར་གནོད་འཚེ་གཏོང་རྒྱུ་མིན་པ་ཕྱིར་བསྒྲགས་བྱས་འདུག

 

རྒྱ་གར་ཧིན་རྡུ་སི་ཐན་དུས་བབ་ཐོག་པ་ཀི་སི་ཐན་གྱི་དྲིལ་བསྒྲགས་བློན་ཆེན་པར་ཝེ་སི་ར་ཤེ་ཌི་ (Pervez Rashid) ཡིས། ད་ལྟ་གཞུང་གིས་ཐོན་ཁུངས་ཡོད་ཚད་བཏང་སྟེ། མང་ཚོགས་ཚོའི་དཀའ་ངལ་སེལ་རྒྱུ་དང་ཚེ་སྲོག་སྐྱོབ་ཐབས་བྱེད་བཞིན་ཡོད་སྟབས། རྒྱལ་ཡོངས་ཀྱི་མི་སྣ་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་ཀྱང་མཉམ་རུབ་ཀྱི་ནུས་པ་ སྤུངས་དགོས་པ་རེད། ཅེས་བརྗོད་འདུག

 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    ལོ་ 10 སྔོན།

    ཤཀྱ་ཐུབ་པའི་སྐུ་བརྙན་ལ་འབར་རྫས་འཇོག་དང་ལས་འབྲས་བསླུ་མེད་ཡིན་པས་འབྲས་བུ་འབྱུང་དགོས་ཆོག་་་་་་
    མ་གཏོགས་ལས་འབྲས་ཚང་མ་སྐྱེ་བར་ཕྱི་མ་ལ་འོང་དགོས་རྒྱུ་མ་རེད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese