མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྲུ་གུ་གཉིས་སྐྱེ་ཆོག་གི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་ཆེན་ཐེངས་ལྔ་བའི་སྟེང་རྒྱ་ནག་མི་མང་གིས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་ཤིག་བཏོན་པ་དེ་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་མི་ལོ་ ༣༠ རྗེས་ཀྱི་འགྱུར་བ་དེ་ཆགས་ཡོད་འདུག

 

༢༢༢༢༢ཁ་སང་རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཐེངས་ལྔ་པ་དེ་པེ་ཅིན་དུ་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་རྩ་བའི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་དང་། མི་འབོར་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་མཉམ་དུ་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་ལག་བསྟར་བྱས་ཏེ། རྒྱ་ནག་གི་སྤྱི་ཚོགས་མི་རབས་རྒན་པར་འགྱུར་པ་ལ་གདོང་ལེན་བྱ་རྒྱུ་གཏེན་ཁེལ་བྱས་ཡོད་ཀྱང་། ཨ་རི་སྲིད་གཞུང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དག་གིས་དེ་ཙམ་གྱི་ད་དུང་འགྲིག་གི་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

 

དེ་རིང་ཨ་རིའི་རླུང་འཕྲིན་རྒྱ་སྐད་སྡེ་ཚན་གྱིས་གནས་ཚུལ་སྤེལ་པའི་ནང་། ཉེ་བའི་ལོའི་ནང་རྒྱ་ནག་གིས་ཕྲུ་གུ་གཅིག་སྐྱེས་པའི་སྲིད་བྱུས་ཅུང་གུ་ཡངས་སུ་བཏང་ཡོད་ཅིང་། ཞིང་ཆེན་ཁ་ཤས་ཀྱི་གྲོང་གསེབ་ཁུལ་དུ་བུ་མོ་སྐྱེས་ཡོད་པའི་ཁྱིམ་ཚང་གིས་ཕྲུ་གུ་ལྷག་མ་གཅིག་སྐྱེས་ཆོག་ཡོད་འདུག

 

༢༠༡༣ ལོ་ནས་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་རེ་ཡིན་པའི་ཁྱིམ་ཚང་གཉིས་ཀྱི་བུ་ཕྲུག་བཟའ་ཚང་བྱས་རྗེས་ཁོ་ཚོས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་གི་ཡོད་འདུག  ད་ལྟ་བཟའ་ཚང་ཡོངས་ཀྱིས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་གསར་བ་དེ་ མི་གྲངས་ལེགས་སྒྲིག་གི་སྲིད་བྱུས་ཆེན་པོ་ཞིག་ཡིན་པ་དང་། ལོ་མང་ལ་ཕྲུ་གུ་ཁེར་སྐྱེས་བྱེད་དགོས་པའི་ཁྱབ་བསྒྲགས་གཏོང་མཁན་གྱི་རྒྱ་ནག་བརྒྱུད་ལམ་ཁག་གིས་ད་ལྟ་ཡང་བསྐྱར། བུ་ཕྲུག་སྐྱེས་པ་ཁྱེད་ཀྱི་ཐག་གཅོད་ཡིན་ཡང་ལོ་ན་རྒས་པའི་རང་བཞིན་ཉུང་འཁྲི་གཏོང་དགོས་པ་དང་། ཕྲུ་གུ་གཉིས་སྐྱེས་པའི་སྲིད་བྱུས་ཀྱིས་མ་འོངས་པར་ཕན་ཐོགས་ཡོང་པའི་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་འདུག འོན་ཀྱང་ཨ་རིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་ནག་གི་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་དེར་ཡང་མུ་མཐུད་ངོ་རྒོལ་བྱས་ཏེ། ཕྲུ་གུ་སྐྱེས་པར་ཚད་བཀག་བཟོ་བ་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་གྱི་ཡོད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

 

རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཇོ་ཞི་ཨེར་ནད་སི་ཊི་ (Josh Earnest) ཡིས། རྒྱ་ནག་གིས་སྲིད་བྱུས་བཅོས་སྒྱུར་བྱས་པ་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་ཡང་། ཨ་རིའི་རེ་བ་ནི་རྒྱ་གཞུང་གིས་བུ་འཆར་ལྡན་བུ་སྐྱེས་སྲིད་བྱུས་དེ་རྦད་དེ་མཚམས་འཇོག་བྱེད་དགོས་པ་དེ་ཡིན། ཞེས་བརྗོད་འདུག

 

རྒྱལ་སྤྱིའི་མཐའ་མཚམས་མེད་པའི་བུད་མེད་ཐོབ་ཐང་ཚོགས་པ་ (Women’s Rights Without Frontiers) ཡི་ཚོགས་གཙོ་རེས་ཇོའུ་ (Reggie Littlejohn) ཡིས། མི་གྲངས་བསྡོམས་རྩིས་སྟེང་ནས་བལྟས་ན། རྒྱ་ནག་མི་རིགས་རྒན་པ་འགྱུར་བཞིན་ཡོད་སྟབས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་བཏོན་པ་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ནས་ཕྲུ་གུ་གཅིག་དང་གཉིས་སྐྱེས་པ་གནད་དོན་གཙོ་བོ་མ་རེད། གནད་དོན་གཙོ་བོ་བཙན་ཤེད་ཀྱིས་མངལ་དབྱུང་བྱས་པ་ནི་ཁྲིམས་གཅོད་དྲག་པོ་ཞིག་ཡིན་སྟབས། ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་ཀྱིས་ཁྲིམས་གཅོད་དྲག་པོའི་གནད་དོན་དེ་མཇུག་བསྡུས་མི་འདུག ཅེས་བརྗོད་འདུག

 

དེ་རིང་ཀྲུང་གོ་ལྟ་བ་ཞེས་པའི་དྲ་བའི་སྟེང་། ཧྲན་ཏོན་ཞིང་ཆེན་ནས་ཡིན་པའི་རུས་ལ་ཀྲང་ཟེར་བའི་ལོ་རབས་ ༨༠ ནས་སྐྱེས་པའི་བུད་མེད་ཅིག་གིས། ངའི་སྤུན་མཆེད་ཅིག་ལ་ཕྲུ་གུ་བུ་ཞིག་དགོས་ཏེ་ཕྲུ་གུ་གཉིས་པ་མངལ་ཆགས་བཅུག་པ་དང་སྐབས་དེར་མོ་ག་ས་གང་དུ་ཡིབ་ཀྱང་། རྗེས་སུ་གྲོང་ཚོའི་སྲིད་གཞུང་གིས་ཤེས་ཏེ་མོའི་གཟའ་ཟླའི་ལས་ཀ་ཤོར་བ་མ་ཟད། རྒྱ་སྒོར་ཁྲི་ ༡༠༠ ཡིས་ཉེས་ཆད་བཅད་སོང་། སྐབས་དེར་ཁོ་ཚོའི་ནང་གི་ཁྱིམ་ཆས་ཚང་མ་བཙོང་དགོས་བྱུང་པ་རེད། ཅེས་བརྗོད་འདུག ཁོ་མོས་མུ་མཐུད་དུ། ང་ལ་བག་ཆགས་ཆེས་གཟབ་མོ་ཞིག་ཡོད་པ་ནི། བུད་མེད་གཅིག་ལ་ཕྲུ་གུ་གཉིས་པ་མངལ་ཆགས་ནས་ཟླ་ ༨ ལྷག་འགོར་བའི་སྦྲུམ་མ་ཞིག གྲོང་ཚོའི་སྲིད་གཞུང་དཔོན་རིགས་ཞིག་གིས་མོ་ས་རུ་ཕུད་རྒྱག་བཏང་སྟེ་མོའི་མངལ་ཤོར་བཅུག་པ་དེ་རེད། ཅེས་བརྗོད་འདུག

 

འདས་པའི་ལོ་ ༣༠ ལྷག་གི་ཡ་སྔོན་ནས་རྒྱ་གཞུང་གིས་འཆར་ལྡན་བུ་སྐྱེས་ཁྲོད་ཕྲུ་གུ་གཅིག་གི་སྲིད་བྱུས་ལག་བསྟར་བྱས་པ་དང་བསྟུན་ཏེ་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱས་ཡོད་སྟབས། རྒྱ་གཞུང་གིས་སྲིད་བྱུས་ལག་བསྟར་བྱས་པ་དང་རྒྱ་ནག་གི་བུད་མེད་མང་པོས་སྤྲུམ་འགོག་བྱས་པ་དང་མངལ་སྤྲུམ་གཏོར་བ། སྲོལ་རྒྱུན་གྱི་རྙིང་ཞན་ཁྲོད་ཕོ་མཆོག་མོ་དམན་གྱི་ལྟ་སྟངས་འོག་ཕྲུ་གུ་བུ་མོ་སྐྱེས་སྐབས་ཕྲུ་གུ་དོར་བ་སོགས་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་སྐྱོན་བརྗོད་བྱེད་ཀྱི་འདུག

 

ཉེ་བའི་ལོའི་ནང་རྒྱ་གཞུང་གིས་ཕྲུ་གུ་གཅིག་རེ་ཡིན་པའི་ཁྱིམ་ཚང་གཉིས་ཀྱི་བུ་ཕྲུག་བཟའ་ཚང་བྱས་རྗེས་ཁོ་ཚོས་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་སྐབས། ཐོག་མར་ཁོ་ཚོས་ལོ་རེའི་ནང་མི་གྲངས་ཁྲི་ ༢༠༠ འཕར་པའི་ཚོད་དཔག་བྱས་ཡོད་ཀྱང་། ༢༠༡༤ ལོར་སྐྱེས་པའི་གྲངས་འབོར་ལོ་སྔོན་མ་དང་བསྡུར་ན་མི་ཁྲི་ ༤༧ ལས་འཕར་མི་འདུག

 

ད་ལོའི་ལོ་སྟོད་ལ་རྒྱ་ནག་སྤྱི་ཚོགས་ཚན་རིག་སློབ་ཆེན་གྱིས་སྔོན་དཔག་བྱས་པ་ལྟར་ན། ༢༠༢༠ ལོའི་སྔོན་ལ་རྒྱ་ནག་གི་ཁྲོམ་རའི་མི་གྲངས་ལོ་རེར་ཁྲི་ ༡༥༥ ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། ༢༠༢༠ ལོ་ནས་ ༢༠༣༠ བར་ལོ་རེར་མི་ཁྲི་ ༧༩༠ ཉུང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། ༢༠༢༠ ལོ་ནས་ ༢༠༥༠ ལོའི་བར་ངལ་རྩོད་པའི་མི་གྲངས་ལོ་རེར་ཁྲི་ ༨༣༥ ཉུང་དུ་འགྲོ་རྒྱུའི་ཚོད་དཔག་བྱས་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༡༦ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese