མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

དགེ་ལུགས་ཡོངས་ཀྱིས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་ཏེ་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་ཧུན་སུར་སྨད་རྒྱུད་གྲྭ་ཚང་དུ་དབུ་འཛུགས་གནང་ཡོད་འདུག

 
12238127_742167062582400_661092232621924765_oགནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཁ་སང་གཟའ་ཉི་མའི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རྒྱུད་སྨད་གྲྭ་ཚང་དུ། རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་ཆེན་མོ་དེ་དབུ་འཛུགས་གནང་ཡོད་འདུག

 

ཆོས་ཐོག་དེར་རྒྱུད་གྲྭ་སྟོད་སྨད་དང་། སྲད་རྒྱུད་གྲྭ་ཚང་། རྣམ་རྒྱལ་གྲྭ་ཚང་། གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་དང་། གསང་སྔགས་དོན་གཉེར་བ་བཅས་དགེ་འདུན་པ་ ༤༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

 

མཛད་སྒོའི་སྐུ་མགྲོན་གཙོ་བོར་བྱང་རྩེ་ཆོས་རྗེ་མཆོག་དང་། དེ་མིན་རྒྱུད་གྲྭ་སྟོད་སྨད་དང་སེ་ར་བྱེས་སྨད། སྲད་རྒྱུད། བཀྲ་ཤིས་ལྷུན་པོ། རྫོང་དཀར་ཆོས་སྡེ་བཅས་ཀྱི་མཁན་པོ་དང་མཁན་ཚབ་རྣམ་པ། ཞོགས་བཞུགས་སྤྱི་འཐུས་དང་ལྷོ་སྤྱི། བདེ་སྐྱིད་སླར་གསོ་དང་ལུགས་ཟུང་། ཧུན་སུར་བཅས་ཀྱི་གཞིས་མགོ ཚོགས་སྡེ་ཁག་གི་འགན་འཛིན་བཅས་ཕེབས་ཡོད་འདུག

 

མཛད་སྒོའི་སྟེང་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་གོ་སྒྲིག་ཚོགས་ཆུང་གི་བྱུང་རིམ་དང་ད་ལྟའི་བར་མཛད་རིམ་གང་དག་སྤེལ་བ། མ་འོངས་པར་ག་རེ་སྤེལ་འཆར་ཡོད་པ། དེ་བཞིན། མདོ་སྔགས་གཉིས་ཀའི་ཐོག་ལ་བཤད་སྒྲུབ་གཉིས་ཀྱི་ལམ་ནས་རིས་མེད་ཆོས་བརྒྱུད་ཁག་དང་།   དགོན་སྡེ་ཁག་མཉམ་ཞུགས་ཀྱིས་༸རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཀྱི་ཐད་རྩོམ་ཤོག་ཐོག་བགྲོ་གླེང་དང་།  རྩོད་པའི་ཆོས་ཐོག་གསར་འཛུགས་སོགས་ཆོས་ཚོགས་ཐེངས་ ༡༡ པའི་ཐོག་བཀའ་སློབ་གནང་བའི་དགོངས་དོན་ལྟར་འབད་བརྩོན་ཞུ་བཞིན་ཡོད་པ་དང་། ད་རེབ་གསང་ཆེན་སྔགས་ཀྱི་རྩོད་པའི་ཆོས་ཐོག་འདིར་མཚོན་ན། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་ཁས་ལེན་འཛིན་མཚམས་ཙམ་མ་ཡིན་པར་ཉིན་རེའི་རྩོད་གཞུང་གི་སྐབས་མཚམས་སོ་སོར་སྒྲུབ་པ་ལྷུར་ལེན་ལ་ཉེ་བར་མཁོ་བའི་མན་ངག་དང་། ཕྱག་བཞེས་ག་རེ་ཡོད་པ་དོན་གཉེར་ཅན་ཚོའི་དགའ་སྟོན་དུ་གནང་དགོས་པའི་སྐོར། དེ་བཞིན་ཉི་མ་རེ་རེའི་རྩོད་པའི་འགྲོ་ཕྱོགས་བཅས་ཀྱི་སྐོར་ལ་གཏམ་བཤད་གནང་འདུག

 

IMG_0263རྒྱུད་སྨད་མཁན་རིན་པོ་ཆེ་མཆོག་གིས། ༸རྒྱལ་བ་ཐུགས་རྗེ་ཅན་གྱིས་སྐུ་ངལ་འཛེམ་མེད་དང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་ཆོལ་གསུམ་ཆོས་ལུགས་དང་བཅས་པ་རྡོག་རྩ་གཅིག་སྒྲིལ་བཟོས་གནང་བ་དང་།   མ་འོངས་པར་ཡང་ང་ཚོས་བོད་དོན་འཐབ་རྩོད་ཐད་ཆིག་སྒྲིལ་གལ་ཆེའི་སྐོར་དང་། ༸རྒྱལ་བ་ཐུགས་ཕམ་གྱི་ལས་དོན་ཆ་ཙམ་ཡང་སྒྲུབ་མི་རུང་བའི་སྐོར་དང་།   ད་རེབ་ཀྱི་ཆོས་ཐོག་འདི་ལ་ཐོག་མཐའ་བར་གསུམ་གྱི་ཀུན་སློང་ཀུན་སྤྱོད་ཁྱེར་ཕྱོགས་སྐོར་སོགས་གསུངས་ཡོད་འདུག

 

རྒྱུད་སྟོད་མཁན་རིན་པོ་ཆེ་མཆོག་ནས་༸རྒྱལ་བ་བཀའ་དྲིན་ཅན་གྱིས་བོད་པ་བཙན་བྱོལ་བ་ཚོས་ས་དང་གནམ་མ་གཏོགས་ངོ་ཤེས་པ་མེད་པའི་སྐབས་མཚམས་ནས་སྐུ་ངལ་བསྐྱོན་ཏེ་ད་ལྟའི་ཆར་འཛམ་གླིང་ཡུལ་གྲུ་གང་སར་གསུང་གི་ལེགས་བཤད་ཀྱི་སྣང་བས་ཁྱབ་སྟེ་བོད་བསྟན་པ་ཆབ་སྲིད་འདི་བཞིན་གསོན་ཤུགས་རྒྱས་ཡོད་སྐོར་དང་། དགོན་སྡེ་གྲྭ་ཚང་ཁག་དང་། སློབ་གྲྭ་དང་བཟོ་གཞིས་ཁག་སྔར་མེད་གསར་སྐྲུན་དང་བཅས་པའི་ཐད་སྐུ་ངལ་ཚད་མེད་བསྐྱོན་སྐོར་དང་།   ད་རེས་འདིར་ཕ་བླ་མའི་ཞབས་ཏོག་སྒྲུབ་པས་འཇལ་ཟེར་བ་ལྟར་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་མཛད་རིམ་འདི་བཞིན་ཕྱག་བསྟར་གནང་བ་དུས་ཀྱི་དགོས་མཁོ་དང་འཚམས་ཤིང་།   ལོ་རྒྱུས་ཐོག་བཀོད་འོས་པའི་གསར་གཏོད་ཀྱི་ཆོས་ཐོག་འདི་བཞིན་མ་འོངས་པར་ཡང་རྒྱུན་མཐུད་དགོས་གལ་ཆེ་སྐོར་གསུངས་འདུག

 

སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་ཚང་མས་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང་།   གསང་སྔགས་འདི་བཞིན་མང་པོ་ལས་ཐོས་པ་དང་། མང་པོ་ཐོས་རྒྱུ་གལ་ཆེ་བ་དང་། ཚང་མས་ཁུར་མཉམ་ལེན་གྱི་ཐོག་ནས་བསྟན་པ་ཉམས་ཆག་ཏུ་མ་འགྲོ་བའི་ཐབས་ཤེས་བསྟེན་དགོས་པ་དང་།   མ་འོངས་པ་ལ་ཡིན་ནའང་མུ་མཐུད་ཆོས་ཐོག་རྒྱུན་མཐུད་དགོས་སྐོར་གསུངས་ཡོད་དང་།   སྐུ་མགྲོན་གཙོ་བོ་བྱང་རྩེ་ཆོས་རྗེས་མཆོག་གིས། ༸སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་ནས་དགུང་ལོ་ ༡༦ ནས་བཟུང་མི་ལོ་དྲུག་བཅུའི་རིང་སྐུ་ངལ་ཚད་མེད་བསྐྱོན་གནང་བ་དང་། ད་ལྟའི་ཆར་ཁོང་གི་བཀའ་དྲིན་གྱིས་ཕྱི་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པ་འཛོམས་པའི་སྐབས་འདིར་གུང་ཐང་རིན་པོ་ཆེས་གསུངས་པ་ལྟར། དེང་དུས་ཡབ་རྗེའི་སྲོལ་བཟང་ཡང་། །སྙིགས་མ་མུན་པའི་རྡུལ་གྱིས་ཁེབས། །དཔལ་དང་འབྱོར་བས་རབ་རྒྱས་ཀྱང་། །བཤད་དང་སྒྲུབ་པས་ཤིན་ཏུ་ཕྲ། །བསམ་གྱིན་ཤེས་པ་སྙིང་ནས་འཕྱོ། །ཞེས་པ་ལྟར་དེང་སང་ཆ་རྐྱེན་ཡོད་པའི་སྐབས་འདིར་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་འཛིན་རྒྱུ་གལ་ཆེ་སྐོར་དང་། ང་ཚོ་བཙན་བྱོལ་དུ་ཡོང་དོན་རང་མགོ་གང་ཐོན་གྱི་ཆེད་དུ་མིན་པར་བོད་བསྟན་པ་ཆབ་སྲིད་རང་དབང་ཕྲ་ཚུགས་པ་ཞིག་ཡོང་དགོས་རྒྱུ་གལ་ཆེ་བ་དང་། བོད་པའི་སྤྱི་ཚོགས་ནང་གང་བྱུང་མང་བྱུང་བཤད་ནས་༸རྒྱལ་བ་ཐུགས་ཕམ་གྱི་གནས་ཚུལ་མི་བཟོ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་འདུག

 

IMG_0224ཁོང་གིས་མུ་མཐུད་དུ་ས་གནས་མགོ་འཛིན་རྣམ་པ་ཚོ་དང་དགོན་སྡེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་ཐུགས་འགན་རྐང་བཞེས་ཀྱིས་མང་ཚོགས་ནང་གོ་རྟོགས་སྤེལ་དགོས་པ་དང་། རིམ་ལྔ་གསལ་སྒྲོན་ལ་མཚོན་ན་རྗེ་རིན་པོ་ཆེར་གངས་ཅན་ཤིང་རྟའི་སྲོལ་འབྱེད་ཅེས་པའི་མཚན་འདོགས་གནང་སའི་བསྟན་བཅོས་འདི་དང་དྲང་ངེས་ལེགས་བཤད་སྙིང་པོ་ཆགས་ཀྱི་ཡོད་པ་དང་། དེ་ཡང་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་འཇུག་རྒྱུ་གལ་ཆེ་བ་དང་།   རྫོགས་རིམ་ཤེས་པ་ལ་བསྐྱེད་རིམ་ཤེས་དགོས་པ་དང་། དེ་ཡང་ཆོ་ག་བློ་འཛིན་གལ་ཆེ་བ།   གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་ཐུགས་སྣང་དགོས་སྐོར་དང་། རྒྱ་གཞུང་གི་སློབ་ཚན་ཁག་ལ་ཤུགས་རྒྱག་དགོས།   དེ་ཡང་མདོ་ཕྱོགས་གདན་ས་ཁག་དང་། སྔགས་ཕྱོགས་གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ནས་ཐུགས་འགན་བཞེས་དགོས་སྐོར་གསུངས་ཡོད་འདུག

 

དགོང་དྲོ་སྐུ་མགྲོན་གཙོ་བོ་དབུ་བཞུགས་ཐོག་སྔགས་ཀྱི་རྩོད་པའི་དམ་བཅའ་དངོས་སུ་མགོ་འཛུགས་ཞུས་ཡོད་པ་དང་། ཉིན་ལྟར་འཇང་དགུན་ཆོས་ནང་བཞིན་སྔ་དྲོ་རྩོད་ཟླ་དང་དམ་བཅའ། དགོང་དྲོ་དམ་བཅའ་ཆེན་མོ་དང་རྩོད་ཟླ་གནང་རྒྱུ་བཅས་ཉིན་གྲངས་ ༡༣ ལ་ཚོགས་འཆར་ཡོད་པ་དང་། ལུས་དབེན་སྟོད་སྨད་གཉིས་དང་། ངག་དབེན་དང་། སེམས་དབེན། སྒྱུ་ལུས་དང་འོད་གསལ། ཟུང་འཇུག་བཅས་ལམ་རིམ་པ་དྲུག་ལ་སྟོད་སྨད་གཉིས་རེ་བྱས་ཏེ་རྩོད་པ་གནང་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

ཆུ་ཚོད་ ༡༦ སྔོན་ལ།
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་དང་འབྲེལ་བའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese