མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བུད་མེད་ཚོར་ཆེས་མཐོང་མེད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp
ཧྲིན་ཁུ་ཡེ་(SHENG KEYI)ཡིས་བརྩམས། འཇིགས་མེད་རྒྱ་མཚོས་བསྒྱུར།

11sheng-articleLargeལོ་ངོ་ ༣༠ སྔོན་ལ་ངས་མཐོང་བའི་སྣང་བརྙན་ཞིག་ངའི་དྲན་ཤེས་ཀྱི་ཀློང་ནས་དུས་ནམ་ཡང་ཡལ་རྒྱུ་མི་འདུག སྐྱེས་པ་ཞིག་གིས་འགྲིམ་འགྲུལ་སྟབས་མི་བདེ་བའི་ལམ་ཕྲན་ཞིག་གི་སྟེང་དུ་ཤིང་རྟ་འཁོར་ལོ་ཞིག་དྲུད་ནས་ཕྱིར་གྲོང་གསེབ་ཏུ་ལོག་བཞིན་འདུག ཤིང་རྟ་འཁོར་ལོ་དེའི་ནང་སྐྱེས་སྒོ་བཀག་ནས་གཤག་བཅོས་བྱས་ཟིན་པའི་བུད་མེད་ཅིག་ཉལ་ཡོད་པ་དེ་ཁོ་རང་གི་བཟའ་ཟླ་རེད། ཁོ་མོའི་མགོ་ནས་རྐང་པའི་བར་མེ་ཏོག་གི་རི་མོ་ཅན་གྱི་ཉལ་ཆས་ཤིག་གིས་གཡོག་འདུག མོ་ལ་གཡོ་འགུལ་ཙམ་ཡང་མེད་པར་ཤི་བའི་རོ་དང་འདྲ།

 

དྲན་མེད་དུ་རྒྱལ་བའི་བུད་མེད་དེ་མཐོང་ཉིན་ནས་བཟུང་ང་ལའང་དེ་ལྟར་མནར་གཅོད་གཏོང་སྲིད་པའི་འཇིགས་སྣང་ཞིག་སྐྱེ་ཡོང་གི་འདུག རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་མ་གཏོགས་བཙས་མི་ཆོག་པའི་ཁྲིམས་མེད་ལུགས་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བུད་མེད་ཀྱི་སྐྱེ་སྒོ་ལ་མནར་གཅོད་སྐྱི་གཡའ་བ་གཏོང་གི་ཡོད་སྟབས། སྐབས་དེར་ངས་ཕྲུ་གུ་མི་སྐྱེས་པའི་སེམས་ཐག་བཅད་པ་ཡིན། རྒྱུ་མཚན་གལ་ཏེ་ངས་ཕྲུ་གུ་མ་སྐྱེས་པ་ཡིན་ན། ངས་སྐྱེ་སྒོ་འགོག་པའི་གཤག་བཅོས་ཀྱི་མནར་གཅོད་དེ་མྱོང་དགོས་ཀྱི་མེད་པས་རེད།

 

ད་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་མགོ་ཁྲིད་ཚོས་ཕྲུ་གུ་གཅིག་གི་སྲིད་བྱུས་མཇུག་བསྒྲིལ་ཏེ་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་ཁྱབ་བསྒྲགས་བྱས་ཡོད་ཀྱང་། སྲིད་གཞུང་གིས་བུད་མེད་ཚོའི་ལུས་སེམས་སྟངས་འཛིན་བྱེད་པའི་སྲིད་བྱུས་ད་དུང་མཇུག་སྒྲིལ་མེད་སྟབས། བུད་མེད་ཚོར་སྐྱེ་འཕེལ་གྱི་ཐོབ་ཐང་ཡོད་པ་རེད་ཅེས་ད་དུང་སུ་ཞིག་གིས་ཀྱང་གླེང་ཐུབ་མེད།

 

བུད་མེད་ཀྱི་ཐོབ་ཐང་སྣང་མེད་བཏང་ནས་གནོད་འཚེ་བྱས་པ་ང་རང་གིས་དངོས་སུ་མཐོང་མྱོང་བ་ནི། ༡༩༩༧ ལོར་ངས་འཆར་ལྡན་བུ་སྐྱེས་ལྟེ་གནས་ཁང་ (མ་བུའི་སྨན་ཁང་) གི་དྲིལ་བསྒྲགས་ཚན་པ་ནས་ལུས་ཁམས་བདེ་ཐང་གི་ཤེས་ཡོན་དར་སྤེལ་གྱི་ལས་ཀ་བྱས་པ་ཡིན། སྨན་ཁང་དེའི་ནང་དུ་ནམ་ཡང་ངས་བརྗེད་མི་ཐུབ་པའི་མཐོང་སྣང་ཞིག་ནི། ཉིན་ཞིག་སྐྱེས་སྟོབས་ལྡན་ཞིང་ལུས་ལ་དམག་ལྭ་ལྗང་ཁྲ་གྱོན་པའི་སྐྱེས་པ་བཞི་ཡིས་འཕག་འཚག་རྒྱག་བཞིན་ངུ་འབོད་བྱེད་བཞིན་པའི་བུད་མེད་གཞོན་ནུ་མ་ཞིག་གི་རྐང་ལག་ལ་ཇུས་ཏེ་གཤག་བཅོས་ཁང་དུ་འཁྲིད་ནས་བསླེབས་སོང་། སྐབས་དེར་ང་རང་ཞེ་སྡང་གནོན་ཐབས་མེད་པ་ཞིག་སྐྱེས་སོང་ཡང་། ངས་རང་ཉིད་ཀྱི་འཚོ་གནས་དང་ལས་ཀར་དོགས་ཟོན་བྱེད་དགོས་སྟབས། བསམ་བློ་གཞན་གཏོང་རྒྱུའི་གོ་སྐབས་མ་བྱུང་།

 

ངས་རང་ཉིད་སྨན་ཁང་དེའི་བརྟན་འཇགས་ལས་བྱེད་བྱ་ཆེད་མི་ཚེ་ནང་ཆེས་ངོ་གནོང་དགོས་པའི་ལས་ཀ་ཞིག་ཀྱང་བྱས་མྱོང་སྟེ། ངས་འཆར་ལྡན་བུ་སྐྱེས་ལྟེ་གནས་ཁང་དེ་ཁྱིམ་ཚང་ལྟ་བུ་ཞིག་རེད་ཅེས་སྟོད་བསྔགས་ཀྱི་རྟོགས་བཟོའི་བརྩམས་སྒྲུང་ཞིག་བྲིས་ཏེ། ཚགས་པར་སྟེང་དུ་འགྲེམས་སྤེལ་བྱས་ཏེ་བྱ་དགའ་ཡང་བླངས་མྱོང་ཡོད། དེ་བཞིན། ངས་སྨན་ཁང་དེའི་སྐྱེ་སྒོ་འགོག་པ་དང་མངལ་དབྱུང་བའི་ལོ་འཁོར་མཇུག་སྡོམ་གྱི་སྙན་ཐོ་བྲིས་པའི་ནང་། ད་ལྟའང་ངའི་སེམས་ལ་ཧང་སང་པའི་གྲངས་འབོར་ཞིག་ཡོད་པ་ནི། སྨན་ཁང་འགན་འཛིན་གྱིས་ཉིན་གཅིག་ལ་བུད་མེད་ ༨༨ ལ་སྐྱེ་སྒོ་འགོག་པའི་གཤག་བཅོས་བྱས་པ་དེ་རེད།

 

སྐབས་དེར་ངས་རྒྱ་ནག་རྒྱལ་ཡོངས་སུ་བཙན་ཤེད་ཀྱིས་སྐྱེ་སྒོ་འགོག་བཞིན་ཡོད་པ་དང་མངལ་དབྱུང་གཏོང་གི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་། འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་འགལ་བའི་མི་མང་འཛིན་བཟུང་བཀག་བསྐྱིལ་དང་། ཁང་པ་གཏོར་བཤིག་བཏང་སྟེ་རྒྱུ་ནོར་གཞུང་བཞེས་བཏང་བ། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔོན་རིགས་ཚོས་སྐྱེ་སྒོ་འགོག་པའི་སྲིད་བྱུས་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་སྟབས། ཕྲུ་གུ་ཆགས་པའི་བུད་མེད་མང་པོ་བཙན་ཤེད་ཀྱིས་སྨན་ཁང་དུ་ཁྲིད་ནས་མངལ་གཏོར་གྱི་ཡོད་པ་སོགས་ཤེས་ཀྱི་ཡོད།

 

ད་ལྟ་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཐབས་ཤེས་སྣ་དགུ་བཏོན་ནས་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་རྟིང་སྐུལ་བྱེད་ཀྱི་ཡོད་སྟབས། བལྟས་ཚོད་ཀྱིས་དེ་སྔོན་ཕྲུ་གུ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་སྲིད་བྱུས་དེ་མི་ལ་ཚད་ལས་བརྒལ་བའི་འཕྱ་སྨོད་བརྙས་བཅོས་བཏང་བ་དང་གཅིག་མཚུངས་ཡིན་ཡང་། ད་ལྟ་སྤྱིར་བུད་མེད་མང་ཆེས་པར་ཕྲུ་གུ་གཉིས་ལྷག་སྐྱེས་འདོད་མེད་པ་དང་། དེ་ཡང་གཙོ་བོ་སློབ་གསོ་དང་འབྱོར་ཕྱུག་སོགས་ཀྱི་དཀའ་སྡུག་འོག་མི་མང་ཆེ་པས་ཁྱིམ་གཞི་ཆུང་ཆུང་ཞིག་སྐྱོང་རྒྱུའི་གདམ་ག་གཏོང་གི་ཡོད་ཀྱང་། སྲིད་གཞུང་གིས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་གསར་བ་ལག་བསྟར་བྱས་ཏེ་བུད་མེད་ཚོའི་ལུས་སེམས་དང་། ཁོ་ཚོའི་ཁྱིམ་ཚང་གི་བདག་དབང་ལ་ཐེ་བྱུས་བྱེད་པའི་དམིགས་འབེན་འཆང་གི་ཡོད་པ་རེད། འོན་ཀྱང་ཁྱིམ་ཚང་ཞིག་གིས་ཕྲུ་གུ་གསུམ་པ་སྐྱེས་འདོད་པ་དང་། བུད་མེད་ཞིག་ལ་སྟབས་མ་ལེགས་པར་ཐེངས་གསུམ་ལ་མངལ་ཆགས་ཤིང་ཕྲུ་གུ་དེའང་གསོ་སྐྱོང་བྱ་འདོད་ཡོད་ཚེ་ཅི་ཞིག་བྱའམ།

 

ཉེ་ཆར་རྒྱ་ནག་རྒྱལ་ཡོངས་འཆར་ལྡན་བུ་སྐྱེས་ལྷན་ཚོགས་ཀྱི་ཚོགས་མིའམ་ཁྱད་མཁས་པ་ལེང་ཀྲུང་ཐཱང་ (Liang Zhongtang) གིས་པེ་ཅིན་གསར་ཤོག་གི་གསར་འགོད་པར། སྲིད་གཞུང་གིས་བཏོན་པའི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལག་བསྟར་བྱེད་ཐབས་སུ་ཁྲིམས་འགལ་གྱིས་ཕྲུ་གུ་སྐྱེས་པའི་ཁྱིམ་ཚང་ལ་ཉེས་ཆད་གཅོད་དགོས་སྐོར་བརྗོད་འདུག འཆར་ལྡན་བུ་སྐྱེས་སྲིད་བྱུས་དེས་བུད་མེད་ཚོའི་འཚོ་གནས་ལ་གནོད་སྐྱོན་གཏོང་གི་ཡོད་པ་མ་ཟད། ཕྲུ་གུ་གཉིས་པ་དང་གསུམ་པར་ཡང་གནོད་སྐྱོན་འབྱུང་གི་ཡོད་འདུག རྒྱུ་མཚན་ཁོ་ཚོའི་ཕ་མ་ཚོས་ནམ་ཡང་ཕྲུ་གུ་གཅིག་མ་གཏོགས་སྐྱེས་མི་ཆོག་པའི་ཉེས་ཆད་ལ་ངོ་རྒོལ་བྱེད་ཐུབ་ཀྱི་མེད། གལ་སྲིད་ཁོ་ཚོས་ངོ་རྒོལ་བྱས་ན་ཕྲུ་གུ་ས་ཡ་མང་པོ་ཁྱིམ་ཐོའི་ནང་ཐོ་འགོད་བྱེད་ཐུབ་ཀྱི་མེད་སྟབས། ཁོ་ཚོར་སློབ་གསོ་དང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་ཁེ་ཕན་ཡང་ཐོབ་ཀྱི་ཡོད་པ་མ་རེད། འཆར་ལྡན་བུ་སྐྱེས་སྲིད་བྱུས་གསར་བའི་ནང་ཕྲུ་གུ་འདི་དག་ཁྱིམ་ཐོའི་ནང་ཐོ་འགོད་བྱེད་སྲིད་པའི་ཡིད་ཆེས་མེད་ལ། ཕྲུ་གུ་སྐྱེས་པའི་ཉེས་ཆད་མཚམས་འཇོག་སྲིད་པའི་ཡིད་ཆེས་དེ་བས་ཀྱང་མེད།

 

འཆར་ལྡན་བུ་སྐྱེས་སྲིད་བྱུས་འདིས་ཁྱིམ་ཚང་གི་འཚོ་གནས་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་པ་མ་ཟད། གཉེན་སྒྲིག་མ་བྱས་པའི་བུད་མེད་ཚོར་ཤུགས་རྐྱེན་ངན་པ་ཐེབས་ཏེ། ཁོ་མོ་ཚོ་ཚན་རིག་ལ་བརྟེན་ནས་མངལ་ཆགས་པར་ངོས་ལེན་བྱེད་ཀྱི་མེད་པར། ད་ལོའི་རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞོ་ཅིན་ལའེ་ (Xu Jinglei) ཡིས་གཉེན་སྒྲིག་མ་བྱས་སྔོན་ལ་ཕྲུ་གུ་གཉིས་སྐྱེས་མི་ཆོག་པའི་སྲིད་བྱུས་ཀྱི་དཀའ་སྡུག་འོག་ཁོ་མོ་ཉེ་ཆར་ཨ་རིར་ཕྱིན་ནས་མོ་རང་གི་ཁམས་དམར་བཀག་ཡོད་སྐོར་བརྗོད་འདུག

 

རྒྱ་ནག་གཞུང་ལ་འཆར་ལྡན་བུ་སྐྱེས་སྲིད་བྱུས་གཏན་འབེབས་དགོས་པའི་རྒྱུ་མཚན་དང་འཆར་གཞི་གཞི་རྒྱ་ཆེན་པོ་ཞིག་ཡོད་སྲིད་པ་སྟེ། བརྒྱུད་ལམ་ཁག་ཏུ་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་དང་འཆར་ལྡན་བུ་སྐྱེས་ཀྱི་ཚོགས་པ་གཉིས་ནས་ལས་མི་འབུམ་ ༥ ལྷག་ལ་ལས་ཀ་སྤྲད་པ་ཁྱབ་བསྒྲགས་བྱས་ཡོད། འཆར་ལྡན་བུ་སྐྱེས་ཀྱི་ཉེས་ཆད་ཀྱང་སྲིད་གཞུང་གི་ཡོང་འབབ་གཙོ་གྲས་ཤིག་ཡིན་སྟབས། ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་འོག་གོང་ཞུས་ལས་བྱེད་ཚོས་ལས་དོན་ལག་ལེན་དུ་བསྟར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་འདུག

 

རྒྱ་ནག་གི་མི་རབས་རྒན་པ་མང་དུ་འགྲོ་བ་དང་ཕོ་མོ་འདྲ་མཉམ་མིན་པའི་དཀའ་སྡུག་ཁོ་ནའི་འོག་སྲིད་གཞུང་གིས་དེ་སྔ་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པ་དེར་བཅོས་བསྒྱུར་བཏང་སྟེ་ད་ལྟ་ཕྲུ་གུ་གཉིས་སྐྱེས་ཆོག་བཟོས་ཀྱང་། སྲིད་བྱུས་གསར་བ་དེར་ཡང་མི་མང་ལ་རྩིས་མཐོང་མེད་པ་དང་། མི་སེར་དཀྱུས་མ་ལས་ཐོབ་པའི་སྲིད་གཞུང་ལ་ཁེ་ཕན་རག་པ་སྔོན་མའི་སྲིད་བྱུས་དང་གཅིག་མཚུངས་རེད། ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་བྱུས་དེ་ཕྱི་དྲགས་པ་དང་ཉུང་དྲགས་པ་རེད།

 

མ་རྩོམ་འབྲེལ་ཐག http://cn.nytimes.com/opinion/20151111/c11iht-edsheng/dual/

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

སྐར་མ ༤༩ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    རྒྱ་ནག་གིས་བུད་མེད་ལ་ཆེས་མཐོང་མཐོང་མེད་པར་མ་ཟད་འགྲོ་བ་མི་ལ་ཆེས་མཐོང་ཡོད་པ་མ་རེད།  དེང་དུས་འཛམ་གླིང་ཡར་ཐོན་ཅན་གྱི་དུས་རབས་འདིར་འགྲོ་བ་མི་ལ་དུད་འགྲོ་ལས་གཞན་པ་འཛིན་མཁན་དང་པོ་དེ་རྒྱ་ནག་དམར་གཞུང་རེད།  སྦྱིར་འགྲོ་བ་མིའི་ཐོབ་ཐང་ཟེར་བ་དང་མྱིའི་རང་དབང་ཙམ་ཡང་རྒྱུན་ཤེས་མེད་མཁན་དང་པོ་རེད་ཟེར་ན་ཧམ་བཤད་རེད་མི་འདུག་འདོད།  གང་ཡིན་ཟེར་ན་ད་བར་དུས་རབས་གཉེར་གཅིག་པའི་ནང་དུ་ད་དུང་མི་འགྲོ་བ་ལ་རང་དབང་དང་མང་གཙོ་ཞེས་བརྗོད་མཁན་ཚོ་སྲོག་ཁྲིམས་གཅོད་མཁན་སུ་ཞིག་པ་རེད་ངོ་མ་བཤད་ན་རྒྱ་ནག་ལ་བུད་མེད་ཙམ་མ་ཟད་མིའི་རང་དབང་ཟེར་བ་ཡོད་པ་མ་རེད་འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese