མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམངས་གཙོ་ཡར་ཐོན་ཚོགས་པར་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

འབར་མའི་འོས་བསྡུ་ཚོགས་ཆུང་ནས་འབར་མའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་ནང་། ཉིས་སྟོང་བཅུ་དྲུག་ལོའི་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་དེ་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་ཐོབ་འདུག

 

dདེ་རིང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་འབར་མའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོ་བྱས་ཏེ། ས་གནས་ཁག་ཁྲི་ ༤ ལྷག་ནས་འོས་བླུགས་ཡོད་པ་དང་། ཕྱི་ཚེས་ ༡༣ ཉིན་འབར་མའི་གྲོས་ཚོགས་གོང་གཉིས་ཀྱི་སྲིད་སྟེགས་ ༤༩༨ ལས་འབར་མའི་རྒྱལ་ཡོངས་དམངས་གཙོ་ཡར་ཐོན་ཚོགས་པར་སྲིད་སྟེགས་ ༣༨༧ ཐོབ་ཡོད་དང་། འབར་མའི་དམག་གཞུང་གཞོགས་གཏོགས་ཚོགས་པར་སྲིད་སྟེགས་ ༤༢ ལས་ཐོབ་མེད་སྟབས། འབར་མའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་ཆེན་མོའི་རྒྱལ་ཁ་དེ་ལྕམ་ཨང་སན་སུའུ་སྐྱིད་ (Aung San Suu Kyi) མཆོག་གིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་ཐོབ་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་ ༡ པའི་ནང་འཐུས་མི་གསར་བ་མཇལ་འཕྲད་དང་ཕྱི་ཟླ་ ༣ ནང་སྲིད་འཛིན་གསར་བ་བསྐོ་བཞག་བྱ་འཆར་ཡོད་ཅིང་། འདི་ནི་ལོ་ཕྱི་ ༡༩༦༢ ལོར་འབར་མའི་རྒྱལ་ཁབ་དེ་དྲག་པོའི་དམག་གཞུང་གིས་དབང་བསྒྱུར་བ་ནས་ད་ལོར་དམངས་གཙོའི་འོས་འདེམས་ཐུབ་པ་ཐོག་མ་དེ་ཆགས་ཡོད་འདུག

 

འོན་ཀྱང་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་འབར་མའི་རྩ་ཁྲིམས་ནང་བུ་དང་བུ་མོ་སུ་ཞིག་རྒྱལ་ཁབ་གཞན་པའི་མི་སེར་ཡིན་ཚེ། འབར་མའི་སྲིད་འཛིན་དུ་བསྐོ་བཞག་མི་ཆོག་པ་གཏན་འབེབས་བྱས་ཡོད་པ་ལྟར། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ཁྱོ་ག་དང་བུ་གཉིས་དབྱིན་ཇིའི་མི་སེར་ཡིན་སྟབས། ཁོང་མོ་འབར་མའི་སྲིད་འཛིན་དུ་བསྐོ་བཞག་གནང་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

 

སྤྱིར་བཏང་འབར་མའི་གྲོས་ཚོགས་གོང་མ་མཉམ་འབྲེལ་གྲོགས་ཚོགས་ (Assembly of the Union) ནང་སྲིད་སྟེགས་ ༢༢༤ དང་གྲོས་ཚོགས་འོག་མ་མི་མང་འཐུས་མིའི་གྲོས་ཚོགས་ (House of Representatives) ནང་སྲིད་སྟེགས་ ༤༤༠ ཡོད་ཅིང་། ལོ་ ༥ རེའི་ནང་ཐེངས་གཅིག་རེར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་འདེམས་རྗེས། མཉམ་འབྲེལ་གྲོས་ཚོགས་ནས་སྲིད་འཛིན་གསར་འདེམས་གནང་བ་དང་། སྲིད་འཛིན་གསར་པས་སྣེ་ཁྲིད་པའི་སྲིད་གཞུང་གསར་པ་འཛུགས་དགོས་ཀྱི་ཡོད་འདུག གཞན་ཡང་། ད་ལོའི་འབར་མའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་ཡུལ་མི་ས་ཡ་ ༥༥ ལྷག་ཡོད་པའི་གྲས་ཀྱི་ཡུལ་མི་ས་ཡ་ ༣༠ ལྷག་མཉམ་ཞུགས་བྱས་ཡོད་ཀྱང་། རའོ་ཧེན་གྷ་ཁ་ཆེ་མི་མང་ས་ཡ་གཅིག་གི་གཙོས་གྲང་ཉུང་མི་རིགས་ས་ཁུལ་གྱི་གྲོང་སྡེ་བརྒྱ་ཕྲག་མང་པོ་འོས་བསྡུའི་ནང་ཞུགས་ཐུབ་མི་འདུག

 

ཨ་རི་དང་ཡུ་རོབ་གཙོས་པའི་ཤར་ནུབ་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ད་ལོའི་འབར་མའི་རྒྱལ་ཡོངས་སྲིད་འཛིན་འོས་འདེམས་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་མཆོག་གིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པར་མཚམས་འདྲི་དང་རྟེན་འབྲེལ་ཞུས་ཡོད་པ་མ་ཟད། བོད་མིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་འཚམས་འདྲིའི་གསུང་འཕྲིན་བསྩལ་པའི་ནང་། ད་རེབ་ཀྱི་འོས་བསྡུའི་ཁྲོད་ལྕམ་ཨང་སན་སུའུ་སྐྱིད་མཆོག་གིས་སྣེ་འཁྲིད་པའི་དམངས་གཙོ་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་པར་དགའ་བསུ་ཡོད་ཀྱང་། དེ་སྔོན་ཁོང་མོས་ཁས་ལེན་གནང་བ་ལྟར་ཆོས་ལུགས་མཐུན་འབྲེལ་ཐོག་འབད་བརྩོན་གནང་དགོས་སྐོར་བཀོད་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese