མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨུ་རུ་སུ་དང་ཨེ་རན་མཉམ་འབྲེལ་བྱས་ཏེ་ཨ་རིར་རྒོལ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ཨུ་རུ་སུ་དང་ཨེ་རན་རྒྱལ་ཁབ་གཉིས་ཕྱར་གྲུ་མཉམ་འདེགས་ཀྱིས་ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་ཁག་གིས་སེ་རི་ཡ་དང་དཀྱིལ་ཤར་ཡུལ་གྲུར་ཟིང་འཁྲུག་སློང་བཞིན་པར་ཁ་གཏད་གཅོག་དགོས་ཟེར།

 

Screen Shot 2015-11-24 at 1.50.55 PMདེ་རིང་རོའུ་ཌར་གསར་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན། ཁ་སང་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་(Putin) དང་ཨེ་རན་གྱི་དབུ་ཁྲིད་ཁ་མི་ནའི་(Khamenei)གཉིས་ཨེ་རན་གྱི་རྒྱལ་ས་ཊི་རན་ (Tehran) ནང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེར་ཨེ་རན་གྱི་དབུ་ཁྲིད་ཁ་མི་ནའི་ཡིས་ཨ་རིའི་གཞུང་གིས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་འཛིན་པའི་སྲིད་ཇུས་ཀྱིས་ཨེ་རན་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ལ་ཕྱོགས་མང་པོ་ནས་འཇིགས་ཉེན་སློང་གི་ཡོད་སྟབས། ཨུ་རུ་སུ་དང་ཨེ་རན་རྒྱལ་ཁབ་གཉིས་སྔར་ལས་ལྷག་པར་ཕྱར་བ་གྲུ་འདེགས་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

 

ཨེ་རན་གྱི་དབུ་ཁྲིད་ཁ་མི་ནའི་ཡིས། ཨ་རིའི་གཞུང་གིས་དུས་ཡུན་རིང་བོར་སེ་རི་ཡའི་ནང་ཟིང་འཁྲུག་བསླངས་ཏེ་སེ་རི་ཡ་མངའ་འོག་ཏུ་བསྡུས་རྗེས། དཀྱིལ་ཤར་ཡུལ་གྲུ་ཁག་ཚང་མ་དབང་སྒྱུར་རྩིས་བྱས་ཡོད་སྟབས། འདི་ནི་ཨེ་རན་དང་ཨུ་རུ་སུ་གཙོས་པའི་རྒྱལ་ཁབ་ཁག་ཚང་མར་འཇིགས་ཉེན་བསླངས་པ་ཞིག་ཡིན་པ་དང་། ཨ་རིའི་གཞུང་གིས་ཆབ་སྲིད་ལ་ཁ་གཡར་ནས་དེང་སྐབས་སེ་རི་ཡའི་ནང་དམག་དཔུང་ཆེད་གཏོང་བྱས་ཏེ་དམིགས་འབེན་འགྲུབ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། སྐབས་དེར་ཨུ་རུ་སུའི་སྲིད་འཛིན་པུ་ཊེན་གྱིས་གནད་དོན་འདི་སེ་རི་ཡའི་མི་མང་གིས་ཐག་གཅོད་དགོས་པ་ལས། ཁ་ནས་སེ་རི་ཡའི་མི་མང་གི་འཇིགས་ཉེན་གླེང་བཞིན་དུ་སེ་རི་ཡའི་སྲིད་གཞུང་ལ་བཙན་འཛུལ་བྱེད་པའམ་སེ་རི་ཡའི་མི་མང་ལ་དབང་སྒྱུར་བའི་ཐོབ་ཐང་སུ་ལའང་མེད་སྐོར་བརྗོད་འདུག

 

ཡིན་ན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མར་ཁི་ཊོ་ནར་ (Mark Toner) ཟེར་བ་ཞིག་གིས། ཨ་རིའི་གཞུང་གིས་སེ་རི་ཡའི་རྒྱལ་ནང་གི་དུས་ཟིང་ཞི་འཇགས་སུ་གཏོང་ཐབས་སུ་ཕྱོགས་ཡོངས་ནས་རོགས་རམ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

 

ནེའུ་ཡོག་དུས་བབ་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ༢༠༡༡ ལོའི་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌི་ (Bashar al-Assad) སྲིད་སྟེགས་ལས་འབབ་དགོས་པའི་མི་མང་གི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱུང་སྟེ་ད་ལྟའི་བར་དུས་ཟིང་ཁྲོད་ཡུལ་མི་འབུམ་གཅིག་ལྷག་ཤི་རྨས་བྱུང་བ་དང་ཡུལ་མི་ས་ཡ་མང་པོ་ཡུལ་ལུང་གཞན་ནང་གྱར་བཞིན་ཡོད་ལ། ཉེ་ལམ་ནས་ནུབ་གླིང་རྒྱལ་ཁབ་ཁག་གི་རམ་འདེགས་འོག ཏུར་ཀི་དང་ཨ་རབ་མངའ་སྡེ་ཁག་གིས་སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌི་སྲིད་སྟེགས་ཕབ་ཀྱི་ཡོད་ལ། སུ་རུ་སུ་དང་ཨེ་རན་རྒྱལ་ཁབ་གཉིས་ནས་སི་རི་ཡའི་སྲིད་འཛིན་ལ་གཞོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པས་ཉེ་སྔོན་ཧྥ་རན་སའི་ནང་བསླངས་པའི་དོན་རྐྱེན་ཐད་ནས་ཨ་རི་དང་ཨུ་རུ་སུ། ཡུ་རོབ་གླིང་། དེ་བཞིན་དཀྱིལ་ཡུལ་གྲུ་ཁག་བཅས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཚང་མ་མཉམ་འབྲེལ་གྱིས་འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་བྱེད་པར་མོས་མཐུན་བྱུང་ཡོད་ནའང་། སེ་རི་ཡའི་ནང་གི་ཟིང་འཁྲུག་ཞི་འཇགས་གཏོང་ཐབས་ཐད་རྒྱལ་ཁབ་གཉིས་འགལ་ཟླར་གྱུར་ཡོད་སྐོར་སོགས་བཀོད་འདུག

 

འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཨུ་རུ་སུ་དང་ཨ་རི་གཉིས་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་དྲུག་མཉམ་འཛོམས་ཐོག ཨེ་རན་གྱི་རྡུལ་ཕྲན་ཚོན་ཆ་ཉོ་ཚོང་མི་ཆོག་པའི་གྲོས་ཆོད་ཅིག་བཞག་ཡོད་ནའང་། ཨུ་རུ་སུའི་ནང་ཡོད་པའི་ཨེ་རན་གཞུང་ཚབ་ཁང་གིས། ཨུ་རུ་སུས་ཨེ་རན་ལ་མེ་ཤུགས་འཕུར་མདེལ་འགོག་བྱེད་ཀྱི་མཚོན་ཆ་མཁོ་འདོན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་ལ། འདི་ལོའི་ཕྱི་ཟླ་ ༩ པ་ནས་ཨུ་རུ་སུ་དང་ཨེ་རན་གཉིས་ཀྱིས་སེ་རི་ཡའི་སྲིད་འཛིན་བྷ་ཤཱར་ཨལ་ཨ་ས་ཌིའི་སྲིད་དབང་རྩོད་ལེན་བྱེད་པའི་རྒྱབ་རོགས་སུ་ཨུ་རུ་སུའི་མཁའ་དམག་དང་ཨེ་རན་གྱི་དྲག་ཆས་དམག་དཔུང་འབོར་ཆེན་སེ་རི་ཡའི་ནུབ་ཁུལ་དང་བྱང་ཁུལ་ཁག་ཏུ་ཆེད་གཏོང་བྱེད་མུས་ཡིན་འདུག

 

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༨ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese