མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་པ་དྭངས་གསལ་བྱོས་ཨཱ།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༨༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་འོས་བསྡུ་ཆེན་མོར་གླེང་སློང་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་འདུག ནུབ་ཡུ་རོབ་དང་བྱང་ཨ་རི་སོགས་ནས་དྲི་བ་དང་དོགས་པ། གླེང་ཕྱོགས་མང་པོ་རླུང་ཚུབ་བཞིན་ལྡང་ཡོང་གི་འདུག བོད་དོན་ལ་ཐུགས་འཁུར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་ཆ་ཤས་ལེན་མཁན་གྱི་མི་གསར་པ་གསར་རྐྱང་མང་པོ་ཞིག་འཛམ་གླིང་ཤར་ནུབ་གང་ས་ནས་ཡོང་གི་འདུག རིམ་གྱིས་བོད་ནང་དང་རྒྱ་ནག་པེ་ཅིན་སོགས་ནས་ཀྱང་གངས་སྐྱིད་ལ་ཐུགས་འཁུར་དང་། བཙན་བྱོལ་བོད་མིའི་དམངས་གཙོའི་ནང་ཆ་ཤས་ལེན་མཁན་འཁྲིད་ཡོང་རྒྱུར་སྟ་གོན་ཡོད་ཚོད་འདུག

 

མ་གཞི་ཡག་པོ་རེད། སྤྱི་ཚོགས་ནང་དམངས་གཙོའི་སྒྲིག་སྲོལ་ཡོད་པ་ཙམ་དང་། མི་མང་ལ་འོས་ཤོག་ལྡུག་རྒྱུའི་ཐོབ་ཐང་ཡོད་པ་ཙམ་གྱིས་སྤྱི་ཚོགས་དེར་དམངས་གཙོ་ཡོད་པ་དང་། མི་མང་གིས་དམངས་གཙོ་ཚད་ལྡན་ལོངས་སུ་སྤྱོད་ཀྱིན་ཡོད་པ་མཚོན་མི་ཐུབ། དེར་བརྟེན། དམངས་གཙོའི་སྒྲིག་སྲོལ་དེ་གཞུང་དམངས་བར་དུ་རྩུབ་བརྡར་བྱས་ཏེ་དག་ཐེར་དང་སུན་འབྱིན་བྱེད་དགོས་ལ། མི་རེ་རེའི་འདུ་ཤེས་ངོས་སུ་དམངས་གཙོའི་རི་མོ་བརྐོས་ཏེ་སྤྱི་ཚོགས་ཁྱོན་ཡོངས་ལ་དམངས་གཙོའི་གཤིས་ཀ་བསྐྲུན་དགོས།

 

འོས་བསྡུ་ལྷན་ཁང་ལ་སྐྱོན་ཆ་ཡོད་ན་ཐེར་འདོན་བྱེད་ཆོག་ལ། གངས་ཅན་སྐྱིད་ཤོང་གི་ལས་དོན་ཐོག་ནོར་འཁྲུལ་ཡོད་ནའང་བཤད་ཆོག་གི་རེད། འོན་ཀྱང་། ནམ་རྒྱུན་གངས་ཅན་སྐྱིད་ཤོང་གི་ལས་དོན་ལ་དོ་སྣང་ཕར་ཞོག བོད་མིའི་དང་བླང་དཔྱ་དངུལ་ཙམ་ཡང་སྤྲོད་ཀྱི་མེད་མཁན་དང་། དུས་དང་རྣམ་པ་ཀུན་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྐྱོན་གནས་ཁབ་རྩེ་ཡིས་འཚོལ་མཁན་མང་པོ་ཞིག་ཐེངས་འདིར་གང་ས་ནས་རོ་ལངས་བརྒྱབ་ཡོང་གི་ཡོད་པ་དེ་དམངས་གཙོ་གཤིས་ཀ་འཇགས་པའི་བཟང་ལྟས་མ་རེད། སྒེར་གཙོ་སྐྱག་ལང་ཤོར་བའི་ངན་ལྟས་རེད། འདིར་འུ་བུ་གིས་བསམ་གཞིག་གཏོང་དགོས་པའི་གནད་དང་པོ་དེ་རེད།

 

ལྐོག་ཏུ་ཡིབ་པའི་མི་རེ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ལ་དག་ཐེར་དང་བཙན་བྱོལ་བོད་མིའི་དམངས་གཙོར་སེམས་འཁུར་གྱི་གདོང་འབག་གྱོན་ཏེ། གོ་སྐབས་འཇུས་ཏེ་སྤྱི་ཚོགས་ནང་གླེང་ཕྱོགས་སྣ་ཚོགས་བཟོས་ཤིང་། ཤར་ལྷོ་ནུབ་བྱང་ནས་མཚན་རྟགས་བསྡུ་སློང་གིས་ཡུན་རིང་སྙིང་དུ་བརྣག་པའི་ཞེ་འཁོན་རྩོད་པ་དང་། སྒེར་གྱི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ལ་ཤ་ཐང་གིས་བརྩོན་པ་འདི་སྤྱི་སེམས་རེད་དམ། དུས་རྒྱུན་ཝ་མོ་བཞིན་ལྐོག་ཏུ་ཡིབ་ནས་སྤྱི་སྒེར་གྱི་བྱ་བ་སྣ་ཚོགས་ནང་ཁ་ལག་གཉིས་ཀྱིས་འཇབ་རྒྱུག་བྱེད་པ་དང་། གྲང་པའི་བཀབ་པའི་གཉན་ཚད་ནད་པ་ལྟར་གོ་སྐབས་ཤར་ན་སྟག་ལྟར་མཆོང་ནས་རང་གི་སྤྱི་ཚོགས་ནང་ལ་དྲག་འཐབ་བྱེད་མགོ་རྩོམ་སྟངས་འདི་བོད་སྤྱི་དོན་ལ་ཤ་ཚ་སྟངས་རེད་དམ།

 

དབུས་འོས་བསྡུ་ལྷན་ཁང་གི་ལས་དོན་ལ་ནོར་འཁྲུལ་ཡོད་ན་ཐེར་འདོན་བྱེད་ཆོག་ལ། བོད་མིའི་སྒྲིག་འཛུགས་ཀྱིས་དྲང་བདེན་བྱས་མེད་ན་ངོ་རྒོལ་ཡང་བྱེད་ཆོག་མོད། དམངས་གཙོའི་དག་སྣང་དང་སྒེར་གཙོའི་ངན་རེངས་ཀྱི་འོག་ནས་མངོན་ལྐོག་ཅི་རིགས་ནས་ལས་དོན་འདིར་སྣེ་ཁྲིད་དེ་རྩ་འཛུགས་བྱེད་མཁན་ཚོའི་སེམས་ན་བོད་པའི་སྤྱི་དོན་ཕར་ཞོག མི་དང་མིའི་མཛའ་འབྲེལ་གྱི་དྲི་ཙམ་ཡང་མི་བྲོ་བས་གོང་གི་ཡིག་ཆར་མཚན་རྟགས་འགོད་མཁན་ཚོས་རིག་པ་དྭངས་གསལ་བྱོས་ཨཱ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

ཆུ་ཚོད་ ༨ སྔོན་ལ།
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

ཆུ་ཚོད་ ༨ སྔོན་ལ།
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༡༣ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢

མཆན། 1

  1. ཐུབ་བསྟན་ནོར་བཟང་ says:
    ལོ་ 11 སྔོན།

    སྐུ་ཤོག་སྤྱི་འཐུས་ཚོགས་གཙོ་གནང་བའི་སྐབས་ལ་ ཕྱག་ལས་ག་རེ་གནང་ནའང་ དོན་དངོས་དང་མ་འཐུན་པ་རྣམས་ སྡིག་པ་མིག་འཛུམ་གྱིས་ ལག་བསྟར་བྱེད་ཀྱིས་མེད་པ་སོང་ཙང་ རྙོག་ཁྲ་འདི་འདྲའི་རིགས་བྱུང་མེད་པ་རེད།

    ཁོང་གིས་ཕྱག་ལས་ག་རེ་གནང་ནའང་ རྒྱབ་རྟེན་ལ་ཁོང་གིས་དྲང་པོ་གནང་ཡོད་པའི་རྒྱུ་མཚན་ཡང་དག་དང་ ཁྲིམས་སྒྲིག་གཞིར་ རྩིས་བཀུར་ཞུས་པས་ལུང་འདྲེན་བྱ་རྒྱུ་ཡོད། དེར་བརྟེན་ སྤྱི་འཐུས་ཚོགས་གཙོ་ལོ་10 བབས་ལྷིང་ངང་སྐྱེལ་བ་རེད།

    ལྟོས་དང་ད་ ད་ལྟའི་སྤྱི་འཐུས་ལྷན་ཚོགས་འདིས་ དབུས་འོས་བསྡུ་ལྷན་ཁང་གི་ལས་བྱེད་མི་སྣ་འདེམས་སྒྲུག་བྱས་པ་དང་ སྒྲིག་གཞི་གསར་བཟོ་བྱས་པ་ སོགས་མདོར་ན་སོ་སོར་སྲིད་སྐྱོང་གི་འོས་ཤོག་འཐོབ་པའི་ཆེད་དུ་ དབུས་འོས་བསྡུ་ལྷན་ཁང་ཡོངས་རྫོགས་དབང་འགྱུར་བྱས་ཡོད་སྐད། ད་དུང་ཡང་ མི་མང་དཀྱིལ་ལ་ཁུངས་མེད་ཕྱོགས་ལྷུང་གིས་གཏམ་བཤད་སྤེལ་ནས་སོ་སོའི་ཁ་གཏད་རྣམས་འབུར་འཇོམས་བྱ་ཐབས་བྱས་པ་རྣམས་གླང་ཆེན་སྨྱོན་པའི་བྱ་སྤྱོད་མིན་ན་གང་རེད་དམ།

    ས་སོ་ སྲིད་སྐྱོང་གི་འོས་ཤོག་འགྲན་རྩོད་ནང་ལ་བཞུགས་ནས་ འོས་བསྡུ་ལྷན་ཁང་ལ་སྟངས་འཛིན་བྱས་པ་ནི་ ལོ་20 ཡི་ཉམས་མྱོང་ཡོད་ནའང་ དོན་དངོས་ཐོག་ལ་ མ་འཇོན་མཁན་ཞིག་ཡིན་པ་གསལ་པོ་རེད།

    མི་མང་ཚོས་ད་ལན་བོད་མི་མང་སྤྱི་འཐུས་ཚང་མ་གསར་པ་བཀོད་ཐུབ་པའི་རེ་བ་ཡོད། སོ་སོའི་ཀླད་པ་སོ་སོས་བེད་སྤྱོད་བྱེད་ཐུབ་མཁན་དང་ མི་གཞན་གྱིས་དཀྲུགས་གཏམ་ལ་ མ་ཉན་མཁན་ཤ་ཏག་ཅིག་བཀོད་ཐུབ་པའི་རེ་བ་ཡོད།

    སྤྱི་འཐུས་གསར་པ་ཚོས་ ཡོང་འགྱུར་གྱི་སྤྱི་འཐུས་ཚོགས་གཙོ་འདི་ མ་འོངས་པར་སྲིད་སྐྱོང་ལ་ཕེབས་ཐུབ་མཁན་ཞིག་བཀོད་ཐུབ་པ་གནང་རོགས་གནང་། གལ་ཆེ་ཤོས་འདི་ ཁོང་ཕོ་མོ་སུ་ཡིན་ཡང་སྤྱི་འཐུས་ཚོགས་གཙོ་མ་འཁོད་གོང་ལ་ ཁོང་གི་རྒྱབ་ལྗོངས་གི་གནས་ཚུལ་རྣམས་ ཞིབ་འཇུག་ལེགས་པར་གནང་སྟེ་སྐུ་ཤོག་ཟམ་གདོང་རིན་པོ་ཆེ་ནང་བཞིན་སྤྱི་འཐུས་གྱོང་པོ་ཞིག་སྤྱི་འཐུས་ཚོགས་གཙོ་ལ་བཀོད་ཐུབ་པའི་རེ་བ་ཡོད།

    བོད་བསྟན་སྲིད་རྒྱས་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese